རྣམ་པར་བཀྲ་བའི་བོད་ཁུལ་གྱི་ལེའུ་གསར་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-05


编者按:今年是新中国成立70周年。70年砥砺奋进,我们的国家发生了天翻地覆的变化。无论是在中华民族历史上,还是在世界历史上,这都是一部感天动地的奋斗史诗。在此背景下,本刊特别策划反映藏区繁荣发展和长治久安报道内容,旨在通过讲述藏区各县脱贫致富的故事,引领广大藏族儿女不忘初心、牢记使命,在全面建成小康社会的大道上奋勇前进,为实现中华民族伟大复兴的中国做出自己的贡献。

རྩོམ་སྒྲིག་པའི་གཏམ། ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར་70ལོན་པའི་དུས་བཟང་སྟེ། བགྲང་བྱ་70རིང་གི་ཧུར་ཐག་འབད་བརྩོན་བྱས་པར་བརྒྱུད། ང་ཚོའི་རྒྱལ་ཁབ་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་། དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་སམ། ཡང་ན་འཛམ་གླིང་ལོ་རྒྱུས་གང་ཐད་ནས་གླེང་རུང་སེམས་འགུལ་ཐེབས་པའི་ཧུར་བརྩོན་གྱི་ལོ་རྒྱུས་དེབ་ཐེར་ཞིག་ཅི་ལ་མིན། དེ་འདྲའི་རྒྱབ་ལྗོངས་འོག ལེ་ཚན་འདིར་བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་ཡུན་གནས་བདེ་འཁོད་ཀྱི་ལེའུ་གསར་པ་ཞིག་གི་ཁ་ཕྱེ་སྟེ། བོད་ཁུལ་གྱི་རྫོང་ཁག་སོ་སོའི་དབུལ་གྲོལ་འགག་སྒྲོལ་གྱི་གཏམ་རྒྱུད་བརྗོད་དེ། རྒྱ་ཆེའི་བོད་རིགས་ཀྱི་བུ་དང་བུ་མོ་ཚོས་ཐོག་མའི་སེམས་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆིང་སྟེ། དབུལ་གྲོལ་འགག་སྒྲོལ་དང་ཁྱོན་ཡོངས་འབྱོར་འབྲིང་སྤྱི་ཚོགས་ཀྱི་ལམ་ཆེན་དུ་བློ་སྤོབས་ལྡན་པའི་ངང་མདུན་དུ་བསྐྱོད་དེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་བའི་ཀྲུང་གོའི་ཆེད་དུ་རང་གི་བྱས་རྗེས་འཇོག་ཐུབ་པར་རེའོ། །

འཛམ་ཐང་གི་གཞུང་ལམ་འཕེལ་རྒྱས་ལ་འབྲེལ་བའི་ཕྱུག་འགྱུར་གྱི་གཏམ་རྒྱུད་སྙན་མོ།
བགྲོད་ལམ།  

མཁའ་ནས་པར་དུ་བླངས་བའི་འཛམ་ཐང་གི་གཞུང་ལམ། 
航拍下的壤塘公路
ལམ་དེས་འཛམ་ཐང་བ་རེ་རེའི་རེ་བཞག་ཆེན་པོ་ཁུར་ནས། ལམ་ནས་ལམ་དུ་བསྐྱོད་དེ། འཛམ་ཐང་གི་མང་ཚོགས་དབུལ་གྲོལ་ཕྱུག་འགྱུར་ལ་རེ་བ་བསྩལ། ས་ཁོངས་ཀྱི་ཐོན་སྐྱེད་གོང་དུ་འཕེལ་བར་ཁ་ཕྱོགས་བསྟན་ནས་རྫོང་ཁོངས་ཀྱི་དཔལ་འབྱོར་ལ་དབྱར་མཚོ་རྒྱས་པ་ལྟ་བུའི་འཕེལ་རྒྱས་བྱུང་།  

སྔོན་ཆད་ལམ་ཐག་ལ་སྤྱི་ལེ་30ཙམ་ལས་མེད་པའི་སྡེ་པ་ནས་རྫོང་མཁར་བར་དུ་རི་ཆུ་མང་པོ་བརྒལ་ནས་ཉིན་མཚན་བཞིར་འགྲོ་དགོས་ཀྱི་ཡོད་ཅེས་འཛམ་ཐང་རྫོང་ན་མདའ་གྲོང་རྡལ་ཤ་ཡན་གྲོང་ཚོའི་རྒན་རྒོན་ཚོས་སྔོན་ཆད་ཀྱི་བགྲོད་དཀའ་བའི་ལམ་ལ་ཕྱིར་དྲན་བྱེད་བཞིན་བཤད། 

བྱ་བ་ཅི་ཞིག་གི་སྔོན་ལ་ལམ་ཡག་པོ་བསྐྲུན་དགོས་ཞེས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70ལོན་པའི་དུས་ཡུན་རིང་། ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་འཛམ་ཐང་གི་མི་རབས་ནས་མི་རབས་བར་གྱི་ལམ་ཤར་གཏོང་ཐུབ་པ་དང་ལས་རིགས་མང་པོ་དར་བའི་ཆོད་སེམས་ཡིད་ལ་བརྟན་པོར་བཅངས་ནས། དཀའ་སྡུག་མང་པོ་རྒྱབ་ཏུ་བསྐྱུར་ནས་སྙིང་རུས་ཆེན་པོས་མདུན་དུ་བསྐྱོད་དེ། འགྲིམ་འགྲུལ་འཛུགས་སྐྲུན་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ད་ལྟ་འཛམ་ཐང་གི་ས་གཞི་ཆེན་མོར་གང་དུ་བགྲོད་བདེ་བའི་སྣུམ་ལམ་དང་ཨར་འདམ་ལམ་ནི་དར་སྐུད་རེ་རེ་བཞིན་རི་ལུང་ཐང་གསུམ་དུ་འཁྱིལ་བ་དང་། དུད་ཚང་ཁྲི་སྟོང་མང་པོར་སྦྲེལ་ནས་དབུལ་གྲོལ་ཕྱུག་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་ཐོག་འགྲོ་འོང་བྱེད་བཞིན་ཡོད། 

འཛུགས་སྐྲུན།

རྒྱལ་ལམ་317འཛམ་ཐང་རྫོང་སི་ལི་ཡུལ་ཤོག་ནས་བརྒྱུད་པ། 
317国道途径壤塘县石里乡
ང་རང་ལས་ཀར་ཞུགས་མ་ཐག་པའི་སྐབས་ལམ་དེ་ནི་འདམ་བག་གིས་ཁེངས་པའི་ཕྱོགས་གཅིག་ཅན་གྱི་རླངས་འཁོར་ལམ་བུ་ཞིག་ཡིན་པས་ཆར་པ་བབས་སྐབས་འགྲོ་འོང་བྱེད་ཁག་པོ་ཡོད། ད་ལྟ་ལམ་འདི་དངོས་གནས་བགྲོད་བདེ་བ་ཅིག་རེད་ཅེས་རྒྱལ་ལམ་227པའི་རྒྱུད་དུ་ཕར་འགྲོ་ཚུར་འོང་བྱེད་པའི་རླངས་འཁོར་ལ་ལྟ་སྐབས་ཀྲང་ཝུན་ཆིང་གིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དེ་ལྟར་ལབ། ལོ་བཅུ་ལྷག་སླེབས་པའི་ཀྲང་ཝུན་ཆིང་ནི་ས་སྐྱེས་རྡོ་སྐྱེས་ཀྱི་འཛམ་ཐང་གི་མི་ཞིག་ཡིན་པ་དང་། དམག་ཁོངས་ནས་ཕྱིར་ལོག་རྗེས་ཕ་ཡུལ་གྱི་འགྲིམ་འགྲུལ་འཛུགས་སྐྲུན་ནང་ཞུགས་པ་རེད། ལས་ཞུགས་བྱས་ནས་ལོ་ངོ་30ལྷག་ཙམ་འགོར་བའི་ཀྲང་ཝུན་ཆིང་གིས་འཛམ་ཐང་རྫོང་གི་འགྲིམ་འགྲུལ་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་བདེན་དཔང་བྱས་ཡོད། དེ་མིན་ཀྲང་ཝུན་ཆིང་གིས་གསར་འགོད་པར་བཅིངས་འགྲོལ་མ་བྱས་གོང་འཛམ་ཐང་རྫོང་ལ་ལམ་ཡག་པོ་གཅིག་ཀྱང་མེད་པ་དང་སྣུམ་ལམ་དེ་བས་བཤད་མི་དགོས། སྐྱེལ་འདྲེན་ཚང་མ་མི་དང་རྟ་ལ་བསྟེན་དགོས་ཀྱི་ཡོད། 1957ལོར་འཛམ་ཐང་རྫོང་གི་གཞུང་ལམ་དང་པོ་རང་རྫོང་གི་གཞུང་ལམ་དང་པོ་ལས་མགོ་ཚུགས་ལ། འཛུགས་སྐྲུན་སྤྱིའི་རིང་ཚད་ལ་སྤྱི་ལེ་163ཟིན་པ། 1961ལོའི་ཟླ་12པར་བསྐྲུན་ཟིན་པ་རེད། དུས་དེ་ནས་བཟུང་འཛམ་ཐང་རྫོང་གི་འགྲིམ་འགྲུལ་འཛུགས་སྐྲུན་བྱེད་འགོ་ཚུགས་པ་རེད། ལོ་ངོ་70ཡི་རིང་། རྨོ་འདེབས་ཀྱི་ལམ་ནས་འདམ་བག་གི་ལམ་དང་དེ་ནས་སྣུམ་ལམ་བར་འཛམ་ཐང་གི་འགྲིམ་འགྲུལ་འཛུགས་སྐྲུན་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་ནས་དཀའ་གནད་རེ་རེ་བཞིན་བསལ་ཏེ་འཛུགས་སྐྲུན་གྱི་གྲུབ་འབྲས་ཚང་མས་མཐོང་བ་ཇི་བཞིན་རེད།

ཉེ་བའི་ལོ་བཅུའི་རིང་འཛམ་ཐང་རྫོང་གིས་མ་དངུལ་སྒོར་དུང་ཕྱུར་17ལྷག་ཙམ་བཏང་ནས་འགྲིམ་འགྲུལ་བྱ་གཞག་ལ་འཕེལ་རྒྱས་ཤུགས་ཆེར་བཏང་ཡོད། ད་ལོའི་ཟླ་5པའི་བར་རྫོང་ཡོངས་སུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་725.2ཟིན་པ་དང་། དེའི་རྒྱལ་གཞུང་ལམ་སྤྱི་ལེ་172དང་། ཞིང་ཆེན་གཞུང་ལམ་སྤྱི་ལེ་112.2 སྡེ་པར་ཤར་གཏོང་ཐུབ་པའི་གཞུང་ལམ་སྤྱི་ལེ་379བཅས་ཡོད་པ་རེད། དེ་དང་ཆབས་ཅིག་འཛམ་ཐང་རྫོང་གིས་2016ལོ་དང་2019ལོར་ཡུལ་གྲོང་100%དང་སྒྲིག་གཞི་ཚང་བའི་སྡེ་པར་སྲ་འགྱུར་ལམ་བུ་དང་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པའི་ཤར་གཏོང་གཉིས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་། 

སྔོན་ཆད་འཛམ་ཐང་ནས་རྒྱལ་ལམ་317བརྒྱུད་ནས་ཁྲེན་ཏུའུ་བར་ཆུ་ཚོད་བཅུ་ལྷག་འགོར་གྱི་ཡོད། ད་ལྟ་ཆུ་ཚོད་བརྒྱད་ལས་མི་དགོས་ཞེས་རྒྱུན་དུ་རྒྱལ་ལམ་317པའི་རྒྱུད་ཀྱི་འགྲུལ་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་ལིའུ་ཝུའེ་ཡིས་ཡིད་ཚིམ་པའི་ངང་དེ་ལྟར་བཤད། ད་ལྟ་འཛམ་ཐང་རྫོང་གི་འགྲིམ་འགྲུལ་འཛུགས་སྐྲུན་གྱིས་ལས་ཆོད་དང་སྤུས་ཚད་མཉམ་གནས་དང་ཆབས་ཅིག་ལས་གྲྭ་འཛུགས་སྐྲུན་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་མཉམ་འདྲེས་བྱ་རྒྱུར་དེ་བས་དོ་སྣང་བྱས་ཏེ་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཟམ་ཆེན་རེ་རེ་བཞིན་བསྐྲུན་ནས་ཁོར་ཡུག་མཛེས་ལ་བགྲོད་བདེ་ཡིན་པའི་གཞུང་ལམ་རེ་རེ་འཛམ་ཐང་གི་རི་ཆུ་མང་པོའི་བར་ཐག་ཐུང་དུ་བཏང་འདུག

དེ་མིན་ངོ་སྤྲོད་བྱས་པ་ལྟར་ན། མིག་སྔར་འཛམ་ཐང་རྫོང་ཁོངས་སུ་ལམ་ལས་པ་32དང་སྣོད་བཅུད་བདག་སྐྱོང་བ་180ལྷག་ཙམ་གྱིས་འཛམ་ཐང་གཞུང་ལམ་ལ་སྲུང་སྐྱོང་བྱེད་བཞིན་ཡོད་པས། ཁོང་ཚོས་ཆོད་སེམས་བརྟན་པོས་འགན་འཁྲི་ཕྲག་ཐོག་ཏུ་འཁུར་བ་དང་། བྱ་སྤྱོད་དེ་ཞིབ་ཕྲའི་ལས་དོན་ཞིག་ཏུ་དོན་འཁྱོལ་བྱེད་པ། མང་ཚོགས་ཕྱིར་སྐྱོད་ཐུབ་པ་དང་། འགྲོ་སྐྱོད་ཡག་པོ་ཐུབ་པ། བདེ་འཇགས་ཡོང་བ། བློ་ཡིད་ཚིམ་པ་བཅས་ཀྱི་དམ་བཅའ་ལག་ལེན་བསྟར་མུས་ཡོད།

འཕེལ་རྒྱས།

ད་ལྟའི་གྲོང་ལམ། 
今日的通村路
ཕྱུག་པོར་འགྱུར་འདོད་ན་སྔོན་ལ་ལམ་སྐྲུན་དགོས། འགྲིམ་འགྲུལ་འཛུགས་སྐྲུན་གྱི་ཕྱོགས་གཅིག་ནི་ཏང་ཨུ་དང་སྲིད་གཞུང་གི་ཐུགས་ཁུར་དང་ཕྱོགས་གཞན་ཞིག་ནི་མང་ཚོགས་ཀྱི་རེ་བ་ཟབ་མོ་དང་འབྲེལ་ཡོད། ཕྱུགས་ལས་ནི་འཛམ་ཐང་སྟོད་མ་གྲོང་རྡལ་གྱི་ཐོན་ལས་གཙོ་བོའི་གྲས་ཤིག་ཡིན་ཞིང་། རྒྱལ་ལམ་227པའི་རྒྱུད་ཀྱི་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་པ་དང་བསྟུན་ནས་གྲོང་རྡལ་འཛམ་ཐང་སྡེ་པར་ཕྱུག་འགྱུར་མྱུར་འཁོར་གྱི་ལམ་བུ་སྔོན་ལ་བསྐྲུན་པ་དང་ཕྱུགས་ལས་ཐོན་རྫས་ཆེད་ལས་མཉམ་ལས་ཁང་བཙུགས་ནས་ས་གནས་དེ་གའི་ཟོག་ཤ་གསར་པ་ཁྲེན་ཏུའུ་རུ་ལས་སྣོན་བྱས་ནས་ཟོག་ཤ་སྐམ་པོ་བཟོས་ཏེ། རིམ་བཞིན་ཛམ་བྷ་ལ་ཟོག་ཤའི་སྤུས་རྟགས་རིམ་བཞིན་བཏོད་པ་རེད། ལམ་གཅིག་ནི་དཔལ་འབྱོར་རྒྱུད་ཅིག་ཡིན་པ་དང་། ལམ་དེ་གང་དུ་བསྲིངས་ན་དཔལ་འབྱོར་དེ་གར་འཕེལ་རྒྱས་འགྲོ་ཐུབ། འཛམ་ཐང་སྟོད་མ་གྲོང་རྡལ་ལ་ཕྱུགས་ལས་ཕུད་ད་དུང་ཞིང་ལས་ཐོན་ལས་ཀྱིས་ཀྱང་གྲོང་གསེབ་ཀྱི་གཞུང་ལམ་ལ་བརྟེན་ནས་སྐྱེ་སྟོབས་གསར་པ་འཕེལ་བཞིན་ཡོད། 

སྤྱི་ཟླ་5པའི་ཚེས་29ཉིན་འཛམ་ཐང་བར་མ་གྲོང་རྡལ་བུ་ཁང་རྨོག་གི་སྔོ་ཚལ་འདེབས་འཛུགས་རྟེན་གཞིའི་ནང་རོང་འབྲོག་མང་ཚོགས་ཚོས་བྲེལ་འཚུབ་ངང་སྔོ་ཚལ་འདེབས་འཛུགས་བྱེད་བཞིན་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། ན་ནིང་ལོ་མཇུག་ཏུ་སྡེ་མིར་སྒོར་ཁྲི་38ལྷག་གི་ཡོང་སྒོ་མཉམ་སྤྱོད་ཐུབ་མ་བྱུང་བས། སྡེ་པ་དང་དུད་ཚང་དབུལ་གྲོལ་གྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད། འཛམ་ཐང་རྫོང་དུ་འཛམ་ཐང་གྲོང་རྡལ་གྱི་མང་ཚོགས་དང་འདྲ་བར་འགྲིམ་འགྲུལ་འཛུགས་སྐྲུན་གྱི་ཁེ་སྤོགས་ལོངས་སྤྱོད་བྱས་ནས་ཕྱུག་འགྱུར་ལམ་བུའི་ཐོག་བསྐྱོད་པའི་དཔེ་ད་དུང་ཧ་ཅང་མང་པོ་ཡོད། འགྲིམ་འགྲུལ་འཕེལ་རྒྱས་ཕྱིན་པ་དེས་མང་ཚོགས་ཀྱི་ཕྱིར་སྐྱོད་ཉམས་ལེན་ཐུབ་པར་མ་ཟད། ས་གནས་དེ་གའི་ཞིང་ལས་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་ཀྱང་ཐུབ་ནས་སྤྲོ་གསེང་ཞིང་ལས་ཐོན་ལས་གླིང་དང་། སྔོ་ཚལ་འདེབས་འཛུགས་རྟེན་གཞི། ཀྲུང་ལུགས་སྨན་རྫས་འདེབས་འཛུགས་རྟེན་གཞི་སོགས་ཀྱིས་འཛམ་ཐང་རྫོང་གི་དེང་རབས་ཞིང་ལས་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་བཏོད་ཡོད། 

བགྲོད་ལམ་ཤར་གཏོང་ཐུབ་ལ། ལས་རིགས་སྣ་མང་དར་བས། ད་ལྟ་འགྲིམ་འགྲུལ་འཕེལ་རྒྱས་ལས་འཛམ་ཐང་གི་ས་གཞི་ཆེན་མོར་གསོན་ཤུགས་གསར་པ་འཕེལ་བ་དང་། མི་རིགས་ཁག་གི་བུ་ཕྲུག་གིས་འགྲིམ་འགྲུལ་བྱ་གཞག་ལས་བྱུང་བའི་ཡོང་འབབ་ལོངས་སྤྱོད་ཐུབ་པ། རོང་འབྲོག་མང་ཚོགས་དབུལ་གྲོལ་ཕྱུག་འགྱུར་གྱི་གོམ་སྟབས་སྔར་བས་བརྟན་པར་རེ་བ་བསྩལ་བྱུང་།། 

ཨ་མཆོག་སྟོད་ལུང་སྡེ་པ་ནས་ཁུལ་རྩིད་ཀྱི་ས་གདན་ཐོག་མ་དར།


འབྲོག་མོ་ཚོས་ས་གདན་ལག་འཐག་བྱེད་བཞིན་པ།
牧民手工编织地毯

ས་གདན་འཐག་ཤག་ཅིག་ནས་རྒྱལ་ནང་གི་ཆེས་ཐོག་མའི་ནོར་གནག་ཁུལ་རྩིད་ཀྱི་ས་གདན་བཟོ་གྲྭ་ཞིག་ཏུ་འགྱུར་རིམ་ལ། ཀྱག་ཀྱོག་གི་ལམ་བུ་ནས་ཐབས་ཤེས་ཟུང་དུ་འབྲེལ་བའི་གཏམ་རྒྱུད་ཅིག་ལོས་ཡོད། སྐབས་འདིར། ངས་ལྷན་རྒྱས་ལ་གཏམ་རྒྱུད་དེའི་བྱུང་རིམ་རེ་རེ་བཞིན་བཤད་པར་འདོད་དོ།།

སྲོལ་རྒྱུན་ལག་བཟོ་རྐྱང་རྐྱང་ལས། ས་གདན་གང་ཐོན་ཉོས་ནས་ཚར།


འབྲོག་མིས་ཁུལ་སྐུད་འཁེལ་བཞིན་པ། 
牧民手工坊线
དཀར་སེར་དམར་ལྗང་གི་མེ་ཏོག་ཁྲ་ཆོམ་མེར་བཞད་པའི་རྩྭ་ཐང་དུ། ཧུང་ཡོན་རྫོང་ཨ་མཆོག་གྲོང་རྡལ་གྱི་སྟོད་ལུང་སྡེ་པ་ཆགས་ཡོད། སྡེ་པ་དེ་ན་འབྲོག་པ་ཞིག་གིས་གཉེར་བའི་ས་གདན་འཐག་ཤག་ཅིག་ཡོད་ལ། ས་གདན་ཚང་མ་ལག་ཤེས་ཁོ་ནར་བརྟེན་ནས་འཐག་བཟོ་བྱས་ཤིང་། བཟོ་པ་ནི་བལ་པོ་ནས་ཐོན་པ་རེད།

ས་གདན་འཐག་ཤག་གི་དཔལ་ལྡན་རྒྱ་མཚོས་ན་རེ། ས་གདན་བཟང་ཤོས་ཤིག་འཐག་བཟོ་བྱེད་ན་ཆེས་ཉུང་ནའང་ལས་རིམ་7ངེས་པར་བརྒྱུད་དགོས་ཤིང་། བཟོ་པ་གཉིས་ཀྱིས་གཟའ་འཁོར་གཅིག་གི་རིང་ལ་རྒྱུན་མི་ཆད་པར་རེམས་ན་ད་གཟོད་འགྲུབ་ཐུབ། ས་གདན་ཆ་གཅིག་གི་རིན་གོང་ནི་ཕལ་ཆེར་སྒོར་6000ཡས་མས་ཡིན།

བོད་ཀྱི་འཐག་ལས་ནི་སྲོལ་རྒྱུན་གྱི་ཐོན་ལས་ཤིག་ཡིན་ལ། མང་ཆེ་བས་རང་ཉིད་ཀྱི་འཚོ་བའི་དགོས་མཁོ་བསྐངས་པ་ཙམ་ཡིན་ཡང་། ཉེ་བའི་ལོ་ཤས་རིང་། ཧུང་ཡོན་དུ་ལྗོངས་རྒྱུ་བ་ཇེ་མང་སོང་བ་དང་བསྟུན་ནས། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལག་ཤེས་ཐོན་རྫས་ཀྱི་རིགས་ལ་ཉིན་བཞིན་དགའ་པོ་བྱེད་མཁན་དང་ཉོ་མཁན་ཇེ་མང་དུ་སོང་ནས་ཚོང་རར་ཆེས་བྲིན་པའི་ཚོང་རྫས་ཤིག་ཏུ་གྱུར་འདུག

ཡང་དཔལ་ལྡན་རྒྱ་མཚོས་ན་རེ། ལོ་རེ་བཞིན་ཚོང་མགྲོན་ཇེ་མང་དུ་སོང་སྟེ་ལོ་རེར་འཐག་བཟོ་བྱས་པའི་ས་གདན་གཅིག་ཀྱང་མི་ལྷག་པར་བཙོང་ཐུབ་པ་དང་། ཡོང་འབབ་རྐྱང་པ་ལའང་སྒོར་ཁྲི་20ནས་30ཙམ་ལོན་ཐུབ།

རྒྱུས་ལོན་བྱས་པ་ལྟར་ན། ད་བར་ས་གདན་བཟོ་གྲྭས་ས་གདན་སྟོང་ལྷག་བཙོང་ཞིང་། ཧྲིན་ཀྲིན་དང་ཧྲང་ཧའེ། པེ་ཅིན་སོགས་གྲོང་ཁྱེར་ཆེན་པོ་སོགས་ལ་ཁྱབ་ཡོད།

སྔོན་མེད་ལག་རྩལ་གསར་དུ་རྙེད། ནམ་ཡང་འགྱུར་མེད་ཚོང་རྟགས་བླངས།

ལག་འཐག་བྱས་པའི་ཁུལ་རྩིད་ཀྱིི་ས་གདན་ཐོག་མ། 
手工编织的第一张牦牛毛毯

སྐ་ཆུ་ས་གདན་འཐག་བཟོ་ཁང་མ་ཚུགས་གོང་། དེ་ནི་རྔ་བ་ཁུལ་ཧུང་ཡོན་རྫོང་ཨ་མཆོག་གྲོང་རྡལ་སྟོད་ལུང་སྡེ་པར་ཆགས་པའི་འབྲོག་པའི་ས་གདན་འཐག་བཟོའི་མཉམ་ལས་ཁང་ཞིག་ཡིན་ལ། དཔལ་ལྡན་རྒྱ་མཚོས་མཉམ་ལས་ཁང་གི་འགན་ཁུར་བ་དང་། མི་རེ་འགའ་ལས་མེད་པའི་ས་གདན་འཐག་ཤག་ཆུང་ཆུང་ཞིག་ཡིན། རྗེས་སུ། ཧུང་ཡོན་རྫོང་གི་ཏང་ཨུ་དང་སྲིད་གཞུང་གིས་རོགས་འདེགས་དང་མཐུན་རྐྱེན་མང་དུ་སྦྱར་བས། མཉམ་ལས་ཁང་དེ་ཇེ་ཆེ་ནས་ཇེ་ཆེར་སོང་སྟེ། ཁྱིམ་དུ་བྲེལ་མེད་ཁོམ་པོར་གནས་པའི་འབྲོག་མོ་མང་པོར་ལས་ཞུགས་ཀྱི་གོ་སྐབས་བསྩལ་བར་མ་ཟད། མི་རིགས་ཤིག་གི་ཐོན་སྐྱེད་འཕེལ་རྒྱས་ལ་སྐུལ་མ་བཏང་། སྒོས་སུ་2017ལོར་མཉམ་ལས་ཁང་ལ་འཕེལ་རྒྱས་ཆེན་པོ་འབྱུང་བའི་གོ་སྐབས་གསར་པ་ཞིག་ཐོབ་པ་རེད།

2017ལོར། ཧུང་ཡོན་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ལྗང་མདོག་སྐྱེ་ཁམས་བཟོ་ལས་དར་རྒྱས་དང་སྟོབས་ལྡན་དུ་གཏོང་བ་དང་། སྲོལ་རྒྱུན་ཐོན་ལས་ཇེ་བཟང་ཇེ་ལེགས་སུ་གཏོང་བ། ནོར་གནག་གི་ཀོ་ལྤགས་དང་རྩིད་པ། ཁུལ། རུས་པ། རྭ་སོགས་ཀྱི་ཐོན་ལས་ལ་ཤུགས་རྒྱག་པའི་བླང་བྱ་བཏོན་པས། ས་གདན་མཉམ་ལས་ཁང་གི་འཕེལ་རྒྱས་ལ་གོ་སྐབས་བཟང་པོ་ཐོབ་པ་རེད་ཅེས་ཨ་མཆོག་གྲོང་རྡལ་ཏང་ཨུའི་འགན་ཁུར་པ་ཀའོ་པིན་གྱིས་བཤད།

རྫོང་ཨུ་དང་རྫོང་སྲིད་གཞུང་གིས་མཐུན་རྐྱེན་དེ་འདྲ་ལེགས་པོ་བསྐྲུན་ཡོད་པས། ང་ཚོས་མི་རེམས་ཀ་མེད་ཡིན། བོད་ཀྱི་ས་གདན་གྱི་རྒྱུ་སྤུན་ཚང་མ་ནི་རྒྱལ་ཁབ་གཞན་ནས་ཉོས་པ་ཡིན་པས་མ་རྩ་ཤིན་ཏུ་ཆེ། ནོར་གནག་གི་ཁུལ་དང་རྩིད་པ་སོ་སོར་ཕྱེས་ནས་རྒྱུ་སྤུན་བཟོ་ཐུབ་ན་མ་རྩ་ཇེ་ཉུང་དུ་འགྲོ་ཐུབ་ཅིང་། འབྲོག་པ་རྣམས་ལའང་ཁེ་ཕན་མང་དུ་འབྱུང་ཐུབ། དེར་བརྟེན། དོན་འདི་ལ་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་བ་ཡིན། མཐར་ཡུལ་གཞན་ནས་ཐབས་བཀོད་རྙེད་མིན་འཚོལ་བའི་སེམས་ཐག་གོར་མོ་རྡོ་བཞིན་བཅད་པ་ཡིན་ཞེས་ལོ་རབས་90བའི་རྗེས་སུ་སྐྱེས་པའི་མཉམ་ལས་ཁང་གི་སྲོལ་འབྱེད་པའི་ཡ་གྱལ་གསང་འདུས་སྐྱབས་ཀྱིས་ལག་རྩལ་གསར་བ་འཚོལ་ཞིབ་སྐོར་གྱི་གནས་ཚུལ་བཤད་བྱུང་།

དེ་ནས་ང་རང་2018ལོའི་མཚོ་སྔོན་བོད་གདན་རྒྱལ་སྤྱིའི་འགྲེམ་སྟོན་ལ་ཞུགས་ཏེ། རྒྱལ་ཁབ་ཕྱི་ནང་གི་བཟོ་གྲྭ་མང་པོ་ལ་ནོར་གནག་གི་ཁུལ་རྩིད་ཀྱིས་ས་གདན་བཟོ་ཐུབ་མིན་ཐད་ཀྱི་དྲི་བ་མང་དུ་དྲིས་ཀྱང་། ཀུན་གྱིས་ཚོད་ལྟ་བྱེད་མ་མྱོང་ཟེར་ཅེས་བཤད་བྱུང་།

ཡིན་ནའང་། གསང་འདུས་སྐྱབས་ཡིད་མ་ཆད་པར་ས་གདན་བཟོ་གྲྭར་ལོག་ནས། འབྲོག་པ་རྣམས་ལ་སྲོལ་རྒྱུན་གྱི་འཁེལ་འཐག་ཐབས་ཤེས་ལྟར་དུ་རྒྱུ་སྤུན་བསླ་རུ་བཅུག་པ་དང་། བལ་པོའི་ལག་རྩལ་པ་ཡང་ནས་ཡང་དུ་ཚོད་ལྟ་བྱེད་དུ་བཅུག་མཐར། ས་གདན་བཟོ་གྲྭས་ནོར་གནག་གི་ཁུལ་རྩིད་ཀྱིས་ས་གདན་འཐག་བཟོ་ཐུབ་མ་ཐག་ཚོང་རྟགས་ཀྱང་ཡར་ཞུ་བྱས་པ་རེད།

གསང་འདུས་སྐྱབས་ཀྱིས་ནོར་གནག་གི་ཁུལ་རྩིད་ས་གདན་འདི་ཡིས་སྒོར་ཁྲི་གཉིས་ཁུག་པས་ཐམས་ཅད་དགའ་པོ་བྱུང་ཞེས་བཤད་དུས། ནོར་གནག་གི་ཁུལ་རྩིད་ས་གདན་ཐོག་མར་བཙོང་པའི་དགའ་བའི་འཛུམ་མདངས་ད་དུང་ཡལ་མེད་པའི་སྣང་བ་སྟེར་ཡོང་ལ། ནོར་གནག་གི་ཁུལ་རྩིད་ས་གདན་གྱི་མདུན་ལམ་ལ་ཡིད་ཆེས་ཀྱིས་ཁེངས་འདུག

མཐུན་རྐྱེན་སྦྱར་བའི་གོ་སྐབས་རྙེད། རང་གཞན་ཀུན་ལ་ཕན་ཐོགས་ཆེ།

ལག་ཤེས་ཁོ་ནར་བརྟེན་ན་ནོར་གནག་གི་ཁུལ་རྩིད་འཐག་བཟོ་ལ་དུས་ཡུན་རིང་པོ་འགོར་འགྲོ་བས། ཐོན་ཚད་དམའ་བ་དང་གླ་ཡོན་ཡང་མཐོ། དེས་ན་འཕྲུལ་ཆས་ཀྱིས་འཐག་བཟོ་ནི་ཐབས་ཤེས་ཡང་དག་པ་ཞིག་ཡིན་པས། ངས་སླར་ཡང་ནོར་གནག་གི་ཁུལ་རྩིད་འཁུར་ནས་རྒྱལ་ནང་གི་ས་གདན་བཟོ་གྲྭ་མང་སའི་ཧི་པའེ་དང་ཀྲེ་ཅང་། ཅང་སུའུ། ཧྲན་ཏུང་སོགས་ཞིང་ཆེན་དུ་མར་སོང་། མཐར་ཧྲན་ཏུང་ནས་རྒྱལ་ནང་ལ་མིང་གྲགས་ཆེ་བའི་བཟོ་གྲྭ་ཞིག་ནས། ཟླ་དུ་མར་ཡང་ནས་ཡང་དུ་ཚོད་ལྟ་དང་ཞིབ་འཇུག་བྱས་རྗེས། འཕྲུལ་ཆས་ཀྱིས་ནོར་གནག་གི་ཁུལ་རྩིད་ས་གདན་དུ་འཐག་བཟོ་ཐུབ་བྱུང་ཞེས་གསང་འདུས་སྐྱབས་ཀྱིས་བཤད།

ཡུལ་དེ་གའི་ཐོན་ལས་རིན་ཐང་མཐུད་ཐག་ཇེ་བཟང་དུ་འགྲོ་ཆེད། ཧུང་ཡོན་རྫོང་ཨུ་དང་སྲིད་གཞུང་གིས་གང་མགྱོགས་ཇི་མགྱོགས་སུ་གོ་སྐབས་བསྐྲུན་པར་འབད་ཅིང་། སྐ་ཆུ་བཞུར་རྒྱུན་གྱི་ས་གདན་འཐག་བཟོ་ཁང་ལ་གླ་ཡོན་སྐར་ཆ་ཙམ་ཡང་མ་བླངས་པར་ཀུན་ཕན་མཉམ་ལས་ཁང་དུ་བཞག་པ་དང་། རྫོང་མཁོ་འཚོང་ཁང་གི་སྣེ་ཁྲིད་འོག 2018ལོར། རྒྱལ་ནང་གི་ཆེས་ཐོག་མའི་ནོར་གནག་གི་ཁུལ་རྩིད་ཀྱིས་ས་གདན་འཐག་བཟོ་བྱེད་པའི་སྐ་ཆུ་བཞུར་རྒྱུན་གྱི་ས་གདན་འཐག་བཟོ་ཉོ་འཚོང་ཚད་ཡོད་འགན་ལེན་སྤྱི་གཉེར་ཁང་གསར་དུ་བཙུགས་པར་མ་ཟད། ནོར་གནག་གི་ཁུལ་རྩིད་འཐག་བཟོའི་འཕྲུལ་ཆས་སྐོར་ཅིག་ཉོས་པ་རེད།

ཟླ་གཅིག་ཙམ་གྱི་རྗེས་སུ། ས་ཐག་རིང་པོ་ཧྲན་ཏུང་ཆིང་ཏའོ་ནས་འཕྲུལ་ཆས་གསར་པ་ཞིག་ངེད་བཟོ་གྲྭར་ཐོན་སྲིད་པས། སྔོན་ཆད་དང་བསྡུར་ན་ང་ཚོས་ལྡབ་འགྱུར་གྱིས་ས་གདན་ཐོན་སྐྱེད་བྱེད་ཐུབ། ནོར་གནག་གི་ཁུལ་རྩིད་ཉོ་སྒྲུབ་དང་། ལག་ཤེས་ཁོ་ནས་ས་གདན་འཐག་བཟོ། འཕྲུལ་ཆས་ཀྱིས་ས་གདན་འཐག་བཟོ་བཅས་མཉམ་དུ་བསྒྲུབ་ན། རང་གཞན་གྱི་འཚོ་བའི་དགོས་མཁོ་བསྐང་ཐུབ་པར་མ་ཟད། འབྲོག་པ་རྣམས་ལ་ཡོང་འབབ་གསར་པ་ཞིག་གི་འབྱུང་ཁུངས་ཀྱང་ཡོད་ཅེས་ལོ་རབས་90པའི་རྗེས་སུ་སྐྱེས་པའི་ཚོང་དཔོན་ན་ཆུང་གསང་འདུས་སྐྱབས་ཀྱིས་རང་གི་ཁེ་ལས་ལ་འཆང་བའི་རེ་འདུན་དང་འབྲོག་པ་མང་ཚོགས་ལ་འཆང་བའི་ལྷག་བསམ་དཀར་པོ་གླེང་དུས། རེ་བ་དང་ཡིད་ཆེས་ཀྱིས་ཁེངས་པའི་མིག་ཟུང་གསལ་ལྷང་ལྷང་བྱས།

ཁོས་ཡུལ་འདི་ནས་མི་རིགས་ཤིག་གི་ཐོན་ལས་འཕེལ་རྒྱས་ཀྱི་གཏམ་རྒྱུད་གསར་པ་ཞིག་བྲིས་དང་འབྲི་བཞིན་ཡོད་ལ། གཏམ་རྒྱུད་དེ་ནི་མཐོ་སྒང་འབྲོག་ཁུལ་གྱི་ཁྱིམ་ཚང་རེ་རེ་དང་འབྲོག་མི་རེ་རེ་ལ་འབྲེལ་བ་དམ་པོ་ཡོད་དོ། ། 




བོད་ཁང་སྒྱུ་རྩལ་གྱི་ཕ་ས་རྟའུ་རྫོང་གི་འཕེལ་རྒྱས་ལ་ཕྱི་མིག་བལྟས་པ།

བོད་ཀྱི་འགྲུལ་ཁང་གིས་ཕྱི་ནང་ཡུལ་སྐོར་པའི་ཡིད་དབང་འཕྲོག

རྟའུའི་སྡོད་ཁང་།
道孚民居

2017ལོའི་ཟླ་7པར་གློག་བརྙན་སྐར་ཆེན་ཅང་དབྱི་ཡན་རྟའུ་རུ་བསླེབས་ཤིང་། བརྗིད་ཆགས་བཀོད་ལེགས་ཀྱི་བོད་ལུགས་འགྲུལ་ཁང་གིས་ཁོའི་ཡིད་དབང་གཏིང་ནས་འཕྲོག་པ་དང་། རང་གི་འཕྲིན་ཕྲན་སྤྱི་ཨང་དུ་པར་ཡིག་སྦྲགས་མའི་རྩོམ་ཡིག་ཅིག་བྲིས་ཏེ་ཐུན་མོང་མ་ཡིན་པའི་མྱོང་ཚོར་བཤད་པ་རེད།

ཁང་པ་གསར་པ་སྐྲུན་བཞིན་པ། 
修建新家

ཅང་དབྱི་ཡན་སྡོད་སའི་འགྲུལ་ཁང་གི་མིང་ལ་རྟའུ་བོད་རིག་གནས་གཙོ་གཉེར་དོན་འགྲུལ་ཁང་ཞེས་པའི་རྟའུ་ཡི་མཚོན་ཚབ་རང་བཞིན་ཅན་གྱི་བོད་ལུགས་འགྲུལ་ཁང་ཞིག་ཡིན་པ་རེད། འདི་ནི་འགྲུལ་ཁང་རྐྱང་པ་ཙམ་མ་ཡིན་པར་ཡུལ་སྐོར་ལ་དགའ་མཁན་གྲགས་ཅན་ཚོའི་དྲྭ་ཐོག་ཐོ་འགོད་བྱེད་ཡུལ་ཡང་ཡིན། འགྲུལ་ཁང་དུ་བསྐྱོད་པའི་སྐབས་མི་གཉིས་ཀྱིས་ལག་སྦྲེལ་ན་གཞི་ནས་འཁྱུད་ཐུབ་པའི་ཀ་བའི་ཐོག་གི་ངོ་མཚར་བརྐོས་རིས་མིག་ལམ་དུ་ཤར། སྒོ་དང་སྒེའུ་ཁུང་། གནམ་གཅལ། མཆོད་བཤམས། བར་ཁྱམས་སོགས་སུའང་ཚོན་མདངས་རྣམ་པར་བཀྲ་བའི་བཀྲ་ཤིས་པའི་རི་མོ་དང་རི་ཆུ་རྩི་ཤིང་སོགས་ཀྱི་བརྐོས་རིས་དང་ཡང་ན་ཚོན་རིས་བྲིས་ཡོད་ཅིང་། རི་མོ་རེ་རེ་ལས་དམངས་སྲོལ་ཡུལ་སྲོལ་དང་ཆོས་ལུགས་དད་པ། མཛེས་དཔྱད་ཀྱི་རིན་ཐང་གཉེར་ཕྱོགས། མི་ཚེའི་རིན་ཐང་འདུ་ཤེས་སོགས་མངོན་ཞིང་། བཀོད་པ་ཡག་ཅིང་བརྐོས་བྲིས་ཞིབ་ཚགས་ལ། མཛེས་པའི་མཆོར་ཉམས་དོད་ལ་བཀོད་ལེགས་ཡིད་འོང་འཕྲོག་པ་རེད།

1981ལོར་རྟའུ་རྫོང་ལ་ས་ཡོམ་རིམ་པ6.9བྱུང་བས་ས་རྡོ་ལས་གྲུབ་པའི་ཁང་པ་ཕལ་ཆེར་ཞིག་པ་རེད། དེའི་དུས་རྟའུ་རྫོང་གི་ཁང་པ་ནི་ཁ་ཤོ་སྣ་རལ་ཡིན་ཞིང་། ཐ་ན་རྫོང་མཁར་གྱི་ཁྲོམ་ལམ་གཡས་གཡོན་དུ་ཆགས་ཡོད་པའི་ཁང་པ་རྣམས་ལས་སྤུས་དག་པོ་ཞིག་མིག་ལམ་དུ་མཐོང་རྒྱུ་མེད་ཅེས་རྟའུ་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་ཁྲེན་ཡུང་གིས་དྲན་གསོ་དེ་ལྟར་བྱས་པ་རེད།

ཏང་ཨུ་དང་སྲིད་གཞུང་གིས་བཀོད་འདོམས་ནུས་ལྡན་དང་ཐུགས་ཁུར་རོགས་རམ་འོག་ཏུ། རྟའུ་རྫོང་གིས་གནོད་རྗེས་བསྐྱར་འཛུགས་ལས་ཀ་མགྱོགས་པོར་བསྒྲུབས་པ་རེད། ཁྲེན་ཡུང་གིས་སྐབས་དེར་ལུས་རྩལ་ཁང་དང་རིག་གནས་ཁང་། སློབ་གྲྭ། སྨན་ཁང་སོགས་སྤྱི་པའི་རྨང་གཞི་སྒྲིག་ཆས་ཚན་པ་འབོར་ཆེན་ཞིག་བསྐྲུན་པ་དང་། དུས་རབས་གོང་མའི་མཇུག་ཏུ་རྟའུ་རྫོང་ལ་གཞི་ནས་རྫོང་མཁར་གྱི་བྱེད་ནུས་འཛོམས་པ་རེད། ད་ལྟ་རྫོང་མཁར་རྙིང་པས་མང་ཚོགས་ཀྱི་ཉིན་རེ་བཞིན་འཕར་བའི་སྡོད་ཁང་གི་དགོས་མཁོ་སྐོང་མི་ཐུབ་པས། རྫོང་གིས་ཤེལ་ཆུའི་འགྲམ་དུ་མེ་ཏོག་གླིང་གྲོང་གསར་སྐྲུན་གྱི་འཆར་འགོད་བྱས་པ་རེད། 2013ལོ་ནས་ད་ལྟའི་བར། རྟའུ་རྫོང་མཁར་གྱི་རྒྱ་ཁྱོན་ལྡབ་1.5འཕར།

1981ལོའི་ས་འགུལ་རྗེས་ནས་རྟའུ་རྫོང་གིས་ས་གནས་དེ་གའི་སྲོལ་རྒྱུན་སྡོད་ཁང་གི་སྒྲིག་བཀོད་དང་མཛེས་རྒྱན་ཐད་ལ་གསར་གཏོད་བྱས་ནས་བང་ཁང་བསྐྲུན། བང་ཁང་ལ་ས་འགུལ་འགོག་ཐུབ་པའི་ཁྱད་ཆོས་ཡོད་པར་མ་ཟད་གནའ་ཉམས་དོད་ཅིང་བག་ཆགས་པོ་ཡོད་པ་རེད། ད་ལྟ་རང་བྱུང་ནགས་རི་སྲུང་སྐྱོང་ལས་གྲྭ་ཁྱོན་ཡོངས་ནས་ལག་ལེན་བསྟར་བ་དང་། སྔར་ལྷག་གིས་སྐྱེ་ཁམས་ལ་སྲུང་སྐྱོང་བྱ་ཆེད། 2019ལོ་ནས་བཟུང་དཀར་མཛེས་ཁུལ་གྱིས་ཁྱོན་ཡོངས་ནས་ཤིང་ཆ་ཁོ་ནས་ཁང་པ་སྐྲུན་པ་བཀག་སྡོམ་བྱས་པས། རྒྱུ་ཆ་ཡོངས་རྫོགས་ཤིང་ལས་གྲུབ་པའི་རྟའུ་ཡི་བོད་ཁང་དེ་བས་རྩ་ཆེན་དུ་གྱུར་དང་འགྱུར་བཞིན་ཡོད།

བཅོས་བསྒྱུར་སྒོ་འབྱེད་བྱས་རྗེས་རྟའུ་ཡི་བོད་ཁང་སྔར་བས་དར་རྒྱས་ཕྱིན་པའི་རྣམ་པ་མངོན་ཞིང་། འགུལ་འགོག་དང་སྡོད་ཁང་གི་བྱེད་ནུས་འཛོམས་པའི་རྨང་གཞིའི་ཐོག དཀར་མཛེས་ཁུལ་གྱིས་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་སྐབས་དང་བསྟུན་ནས། རྟའུ་ཡི་བོད་ཁང་ནི་མི་རྣམས་ཀྱིས་ཞིབ་འཇུག་དང་གཟིགས་མོ། རོལ་མྱོང་བཅས་བྱ་ཡུལ་དུ་གྱུར་ཅིང་། བོད་ཁུལ་ས་ཆ་གཞན་དག་ལ་ཡང་ཤུགས་རྐྱེན་ཐེབས་ཏེ་བོད་ཀྱི་སྡོད་ཁང་གསར་པའི་མཚོན་བྱེད་དུ་གྱུར། རྫོང་མཁར་དུ་གཅིག་བསྡུས་ཡུག་ཅིག་ཏུ་འབྲེལ་བའི་བོད་ཁང་ལས་གྲུབ་པའི་ཤེལ་ཆུའི་གནའ་གྲོང་དེ་ནི་སྲོལ་རྒྱུན་སྡོད་ཁང་གི་སྲུང་སྐྱོང་བྱེད་ཡུལ་དུ་གྱུར་ཡོད། ས་གནས་དེ་གའི་ཡུལ་མི་ཚོས་བོད་ཁང་བཟོ་བཅོས་བྱས་ཏེ་འགྲུལ་ཁང་བཙུགས་ཤིང་ཡུལ་སྐོར་ལས་རིགས་གཉེར་བཞིན་མཆིས།

མ་འོངས་པའི་རྟའུ་རྫོང་ནི་བོད་ཁང་སྒྱུ་རྩལ་གྱི་འབྱུང་ཡུལ་ཙམ་དུ་མ་ཟད། སྐྱེ་ཁམས་ཡུལ་སྐོར་དར་བའི་གནས་མཆོག་ཅིག་ཀྱང་ཡིན་ནོ།།

ཤིང་གཅོད་བཟོ་པ་ནས་སྡོང་འཛུགས་ནགས་སྲུང་བྱེད་མཁན་དུ་གྱུར་པའི་མི་རབས་ཤིག

ཚོན་རིས་འབྲི་བཞིན་པ། 
彩绘上色

 བཅོས་བསྒྱུར་སྒོ་འབྱེད་བྱས་ཏེ་ལོ་40འཁོར་བའི་རིང་ལ་ཤིང་གཅོད་པ་ནས་སྡོང་འཛུགས་ནགས་སྲུང་བྱེད་པ་ཐམས་ཅད་ནི་ང་ཚོས་རྒྱལ་ཁབ་ལ་ལེགས་སྐྱེས་ཕུལ་བ་ཡིན་ཞིང་། མི་འདྲ་བ་ནི་ལས་ཀའི་ངོ་བོར་འགྱུར་ལྡོག་བྱུང་བ་དེ་ཕྱོགས་ངོས་ནས་སྤྱི་ཚོགས་ཀྱི་ཡར་ཐོན་དང་དཔལ་འབྱོར་འཕེལ་རྒྱས་ཡོང་བར་མཚོན་ཡོད་པ་རེད། ད་ལྟར་ལོ་55སོན་པའི་ཏེང་ཀུའོ་རུང་ནི་1980ལོར་ལས་ཀར་ཞུགས་དུས་ནས་རྟའུ་རྫོང་ནགས་ལས་ཅུས་སུ་ཤིང་གཅོད་མཁན་བཟོ་པ་ཞིག་ཏུ་གྱུར། ལས་གྲོགས་རྣམས་དང་མཉམ་དུ་ཤིང་གཅོད་བཟོ་པ་ཞིག་ནས་ནགས་སྲུང་བ་བྱེད་པའི་ཐོབ་ཐང་གྱུར་ཡོད། ད་ལྟ་ཁོ་ནི་རྟའུ་རྫོང་ནགས་ལས་ཅུས་ཀྱི་རང་བྱུང་ཐོན་ཁུངས་གསོ་སྐྱོང་དོ་དམ་གཞུང་ལས་ཁང་གི་ཀྲུའུ་རེན་ཡིན་པ་རེད།




  དུས་རབས་སྔོན་མའི་ལོ་རབས་བདུན་ཅུ་དང་བརྒྱད་ཅུ་པའི་སྐབས་སུ་རྟའུ་རྫོང་ལ་དཔལ་འབྱོར་ཡོང་ཁུངས་མང་པོ་ཞིག་མེད་པས་ཤིང་ཆ་གཅོད་པ་དེ་སྐབས་ཤིག་ལ་དཔལ་འབྱོར་འཕར་སྣོན་གཏོང་སའི་འབྱུང་ཁུངས་གཙོ་བོར་གྱུར་ནས་ཤིང་ཆའི་ནོར་སྲིད་ཟེར་སྲོལ་ཡོད། ཤིང་ཆ་བཅད་དེ་ཡོང་འབབ་ཆེས་མཐོན་པོ་ཐོབ་པ་དེ་རྫོང་ཡོངས་ཀྱི་ནོར་སྲིད་ཡོང་འབབ་ཀྱི་བརྒྱ་ཆ60ཡན་ཆད་ལ་ཟིན་གྱི་ཡོད། ཏེང་ཀུའོ་རུང་གིས་ཕྱིར་དྲན་བྱས་ནས་བཤད་རྒྱུར་ང་ཚོས་ཤིང་གཅོད་དུས་ཤིང་སྡོང་ཆ་ཤས་གཅོད་པ་དང་ཆ་ཤས་ནགས་གསོ་བྱ་རྒྱུ་ཟུང་འབྲེལ་བྱེད་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་བེད་སྤྱོད་བྱེད་པའི་བྱ་ཐབས་སྤྱད་དེ་ཐོག་མར་ཤིང་སྡོང་ཕྱེད་ཀ་གཅོད་པ་དང་ཕྱེད་ཀ་ནགས་གསོ་བྱེད་པ། ཕྱི་རུ་70%ཙམ་གཅོད་པ་དང་30%ནགས་གསོ་བྱེད་པ། དཔལ་འབྱོར་འཕར་སྣོན་གཏོང་བའི་དགོས་མཁོ་སྐོང་ཆེད་སྔོན་དུ་ནགས་གསོ་བྱེད་པའི་30%ཡི་ཤིང་སྡོང་ཆ་ཤས་ཀྱང་གཅད་དགོས་པ་རེད།

 རྟའུའི་སྡོད་ཁང་གི་ནང་གི་བཀོད་པ། 
道孚民居室内装饰

 ཤིང་ཆ་ཆེས་འབེལ་པོ་གཅོད་པའི་ལོ་རབས་སྔོན་མའི་དུས་རབས་བརྒྱད་ཅུ་པའི་སྐབས་སུ་རྟའུ་རྫོང་ནགས་ལས་ཅུས་ཀྱི་ལས་བཟོ་མི་3500ལྷག་ཡོད་ཅིང་། སྤྱི་བདེ་ཅུས་དང་། ཞིབ་དཔྱོད་ཁང་། ཁྲིམས་ཁང་། སློབ་གྲྭ སྒྱུ་རྩལ་རུ་ཁག སྨན་ཁང་སོགས་ལས་ཁུངས་ཆ་ཚང་བཙུགས་ཡོད་པས། ནུས་པ་ཆ་ཚང་འཛོམས་པའི་སྡེ་ཚན་ཆེ་གྲས་ཤིག་ཏུ་ཧ་ལམ་ཆགས་ཡོད་པ་རེད།

  དུས་རབས་གོང་མའི་ལོ་རབས་90པར་སླེབས་དུས་ཤིང་ཆ་རིམ་བཞིན་ཟད་སོང་ཞིང་། ཤིང་ཆའི་ཐོན་ཁུངས་ཉུང་དུ་ཕྱིན་པ་དང་ཤིང་ཆ་གཅོད་པའི་ཡོང་འབབ་ཡང་ཉུང་དུ་སོང་བས། ཤིང་ཆ་གཅོད་མཁན་བཟོ་པ་ཕལ་ཆེར་གྱིས་ཟླ་རེར་གླ་ཕོགས་ཀྱི་བཅུ་ཆ2དང3ཙམ་མ་གཏོགས་ལེན་རྒྱུ་མི་ལོན་པ་རེད། སྐབས་དེར་མི་ཚང་མའི་སེམས་སུ་ཤིང་གཅོད་པར་བརྟེན་ནས་ཐོབ་པའི་ནོར་སྲིད་ནི་ཡུན་རིང་གི་ཐབས་ཇུས་མིན་པའི་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་བྱ་བ་ཡིན་པའི་ངོས་འཛིན་ཆགས་པ་རེད།

  1998ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སི་ཁྲོན་དུ་དང་ཐོག་རང་བྱུང་ནགས་ཚལ་ཐོན་ཁུངས་ལ་སྲུང་སྐྱོང་བྱེད་པའི་ལས་གྲྭ་སྤེལ་འགོ་བཙུགས་པ་དང་ཆབས་ཅིག །རྒྱལ་ཡོངས་སུ་དང་ཐོག་རང་བྱུང་ནགས་ཚལ་ཐོན་ཁུངས་ལ་སྲུང་སྐྱོང་བྱེད་པའི་ལས་གྲྭ་སྤེལ་མཁན་གྱི་ནགས་ཚལ་བཟོ་ལས་ཁེ་ལས་ཀྱི་ཡ་གྱལ་ཡིན་པའི་རྟའུ་རྫོང་ནགས་ལས་ཅུས་ཀྱིས་རང་བྱུང་ནགས་ཚལ་གཅོད་རྒྱུ་མཚམས་འཇོག་པ་དང་།
 ནགས་ལས་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་དང་ཁེ་ལས་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཐོག་གི་དུས་རབས་གསར་པ་ཞིག་གཏོད་ཡོད། ལས་བཟོ་ཐམས་ཅད་ནགས་ཚལ་ལ་དོ་དམ་དང་སྲུང་སྐྱོང་བྱེད་པ་དང་། སྤྱི་ཕན་ནགས་ཚལ་འཛུགས་སྐྲུན་བྱེད་པ་སོགས་ཀྱི་ལས་གནས་སུ་ཁག་བགོས་ནས་མངགས་མཐར། ལས་ཀ་དེ་ཤིང་ཆ་གཅོད་པ་ནས་སྡོང་འཛུགས་ནགས་སྲུང་བྱེད་མཁན་ལ་འགྱུར་ཡོད་ཅིང་། སྐྱེ་ཁམས་ལ་སྲུང་སྐྱོང་དང་སླར་གསོ་བྱེད་པའི་ལས་ཀ་སྤེལ།

 རྟའུ་རྫོང་ནགས་ལས་ཅུས་བཙུགས་ཏེ་1998ལོའི་བར་རྟའུ་རྫོང་ནགས་ལས་ཅུས་ཀྱིས་རྒྱལ་ཁབ་ལ་ཁྱོན་བསྡོམས་ཤིང་ཆ་སྨི་ཁྲི་རྒྱ་དཔངས་གྲུ་བཞི་མ་292.5སྤུས་འཚོང་བྱས་ཡོད་ཅིང་། དཔྱ་ཁྲལ་ཀྱི་ཁེ་སྤོགས་སྣ་ཚོགས་མ་དངུལ་སྒོར་ཁྲི་6411.8སྤྲད་ཡོད། ནགས་བཟོའི་གཞི་ཁྱོན་སྤྱི་ཆིངས་33539.2ལ་བསླེབས་པ། ནགས་ཁུལ་གྱི་གཞུང་ལམ་སྤྱི་ལེ་359ལས་ཡོད། རྒྱལ་ཁབ་ཀྱི་འཛུགས་སྐྲུན་ལ་རོགས་སྐྱོར་དང་། ས་གནས་ཀྱི་དཔལ་འབྱོར་དར་རྒྱས་གཏོང་བ། མི་རིགས་ཡར་ཐོན་ཡོང་བར་དགེ་མཚན་ལྡན་པའི་བྱས་རྗེས་བཞག་ཡོད་པ་རེད།

  རང་བྱུང་ནགས་ཚལ་ལ་སྲུང་སྐྱོང་བྱེད་པའི་ལས་གྲྭ་སྤེལ་ནས་ད་ལྟའི་བར་དུ། རྟའུ་རྫོང་ནགས་ལས་ཅུས་ཀྱིས་མིའི་ཐབས་ཀྱིས་ནགས་གསོ་ཁྱོན་བསྡོམས་མུའུ་ཁྲི་16.7བྱས་ཡོད་པ་དང་། རི་རྒྱ་ནགས་གསོ་མུའུ་ཁྲི་46.4བྱས་ཡོད། ནགས་ཚལ་མུའུ་ཁྲི་14.6གསོ་སྐྱོང་བྱས་ཡོད། རྫོང་ཁོངས་སུ་གཏོགས་པའི་ས་ཁུལ་གྱི་ནགས་ཚལ་ཁྱབ་ཚད་དེ་རང་བྱུང་ནགས་ཚལ་ལ་སྲུང་སྐྱོང་བྱེད་པའི་ལས་གྲྭ་མ་སྤེལ་སྔོན་གྱི་12.36%ནས་ད་ལྟའི་52.24%ཡི་ཐོག་མཐོ་རུ་ཕྱིན་པ་རེད། ལོ་རིམ་བྱུང་གི་ཤིང་ཆ་བཅད་དེ་གྱུར་བའི་རི་རྒོད་ལ་ད་ཆ་སྔོ་ལྗང་ལྗང་གིས་ཁེབས་ཏེ་དཀར་མཛེས་ས་མཐོའི་ཐོག་གི་སྔོ་ཐིང་ཐིང་གི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད་པ་རེད།

རྒྱལ་ཁབ་ཀྱི་དཔལ་འབྱོར་ཆ་རྐྱེན་བཟང་བ་དང་། མཁའ་རླུང་སོས་པོ་ཡིན་པར་བརྟེན། སྔོན་མར་རི་བོ་མང་པོ་སྐོང་ཡང་མཐོང་མི་ཐུབ་པའི་རི་སྐྱེས་སྲོག་ཆགས་ཏེ། བྱ་ཝང་དང་། ཕག་རྒོད། སྤྲེལ་སོགས་གང་སར་མཐོང་རྒྱུ་ཡོད་ཅིང་། རང་བྱུང་ནགས་ཚལ་ལ་སྲུང་སྐྱོང་བྱེད་པའི་ལས་གྲྭ་ལག་ལེན་བསྟར་བའི་གྲུབ་འབྲས་ནི་ང་ཚོས་མཐོང་ཐུབ་པ་དང་ཚོར་སྣང་ཡང་མྱོང་ཐུབ་པ་རེད་ཅེས་ཏེང་ཀུའོ་རུང་གིས་མྱོང་ཚོར་ཟབ་མོ་ཡོད་པའི་སྒོ་ནས་དེ་ལྟར་བཤད་པ་རེད།།

གྲོང་སྡེའི་གཞུང་ལམ་ཡུལ་སྐོར་ཐོན་ལས་ཀྱི་ལམ་ཆེན་དུ་གྱུར་པའི་དྲན་གསོ་དུམ་བུ།

ཉེ་ཆར། ཡུལ་ཤོག་མི་དམངས་སྲིད་གཞུང་གིས་བསྐུར་ཡོང་བའི་འཕྲིན་བཟང་ཞིག་རྟའུ་རྫོང་ཞི་བདེ་ཡུལ་ཤོག་ཆགས་ནང་གྲོང་གི་ཡུལ་སྐོར་གནས་ཚང་གི་ཚོང་དཔོན་རྡོ་ཁོའི་རྣ་ལམ་དུ་ཐོས་པ་རེད། ཞི་བདེ་ཡུལ་ཤོག་མི་དམངས་སྲིད་གཞུང་ཡོད་ས་ནི་མི་ཉག་མགར་ཐར་མཛེས་ལྗོངས་དངོས་སུ་ཞིབ་བཤེར་རྩིས་ལེན་བྱས་ཏེ་རྒྱལ་ཁབ་ཀྱི་4Aརིམ་པར་གྱུར་པའི་མཛེས་ལྗོངས་ཁུལ་དུ་ཡིན་པ་རེད། རྡོ་ཁོས་ཁ་པར་བཏང་ནས་འཕྲིན་བཟང་འདི་གྲོང་སྡེའི་ནང་གི་ཞིང་ཁྱིམ་སྤྲོ་གསེང་གླིང་ག་ཁ་ཤས་ཀྱི་ཚོང་པར་བཤད་པ་རེད།

རིང་ཚད་བསྡོམས་འབོར་སྤྱི་ལེ་3.8ཡོད་པའི་གྲོང་སྡེ་ཨུ་ཡོན་ལྷན་ཁང་ནས་སྡེ་འདབས་ལ་བསྲིངས་པའི་འགྱིག་སྣུམ་གཞུང་ལམ་ལ་ཡུལ་མི་ཚོས་ཡུལ་སྐོར་ཐོན་ལས་ཀྱི་ཐབས་ལམ་ཆེན་པོ་ཞེས་བསྔགས་བརྗོད་བྱེད་བཞིན་ཡོད། རྡོ་ཁོས་ངོ་སྤྲོད་བྱས་དོན། སྔོན་ཆད་གཞུང་ལམ་འགྲིམ་འགྲུལ་སྟབས་མི་བདེ་བའི་དབང་གིས་ཞི་བདེ་ཡུལ་ཤོག་ཀྱང་རྟའུ་རྫོང་གི་ཡུལ་ཤོག་ཕལ་ཆེར་ནང་བཞིན། ཕྱི་ལ་འགྲོ་དུས་རྐང་ཐང་དང་རྟ་ལ་བརྟེན་དགོས་ཤིང་། བཟའ་རྒྱུ་ནི་ནས་མ་གཏོགས་འདྲ་ཆགས་པོའི་ཐོན་ལས་གཅིག་ཀྱང་མེད་པར་བརྟེན། དབུལ་གྲོལ་ཕྱུག་འགྱུར་ནི་བཤད་རིན་གང་ན་ཡོད།

ཉེ་བའི་ལོ་ཤས་རིང་ལ་སྡེ་མི་སེར་ལ་བདེ་སྐྱིད་སྐྱོང་བའི་ཆེད་དུ། རྟའུ་རྫོང་གིས་འགྲིམ་འགྲུལ་འཕེལ་རྒྱས་གཏོང་རྒྱུ་དེ་འཕེལ་རྒྱས་ལ་སྐུལ་འདེད་དང་དམངས་འཚོ་ལེགས་བཅོས། བརྟན་བརླིང་སྲུང་སྐྱོང་བྱེད་ཡས་ཀྱི་སྔོན་འགྲོའི་ཆ་རྐྱེན་ལ་བརྩིས་ནས་ནུས་ཤུགས་ཡོད་རྒུས་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་དང་འགྲིམ་འགྲུལ་སྔོན་དུ་སྤེལ་བའི་འཐབ་ཇུས་ལས་གཞི་ལག་ལེན་བྱས་མཐར། རྫོང་ཡོངས་ཀྱི་ཞིང་འབྲོག་ས་ཁུལ་གྱི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་ཆས་ལེགས་བཅོས་ཆེན་པོ་བྱུང་། 2018ལོའི་ཟླ10པའི་བར། རྫོང་ཡོངས་ཀྱི་གཞུང་ལམ་རིང་ཚད་བསྡོམས་འབོར་སྤྱི་ལེ1650ལ་ཟིན་པ་དང་། རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ22ཀྱི་སྲིད་འཛིན་གྲོང་སྡེ158ལ་གཞུང་ལམ་བསྐྲུན་པའི་ནང་སྲིད་འཛིན་གྲོང་སྡེ152ཀྱི་གྲོང་སྡེ་ཨུ་ཡོན་ལྷན་ཁང་ཡོད་སར་ཨར་འདམ་གཞུང་ལམ་གྱི་རིང་ཚད་བསྡོམས་འབོར་སྤྱི་ལེ897ལ་ཟིན་པ་རེད།

གཞུང་ལམ་ལ་བརྟེན་ནས་ཕྱུག་པོར་ཆགས་པའི་ཆེད་དུ། རྟའུ་རྫོང་གིས་རྒྱལ་སྲུང་གཞུང་ལམ350པ་དང་རྒྱལ་སྲུང་གཞུང་ལམ248པ་རྫོང་གི་མངའ་ཁོངས་སུ་བརྒྱུད་པའི་དགེ་མཚན་བཀོལ་སྤྱོད་ཡག་པོ་བྱས་པ་རེད། རྟ་རྒྱུག་འགྲན་བསྡུར་གྱི་སྲོལ་རྒྱུན་ཞི་བདེ་ཤང་དུ་སྔོན་འགྲོའི་ཚོད་ལྟ་བྱས་ཏེ་2017ལོར་མུའུ་རེར་ཁ་གསབ་རོགས་དངུལ་སྒོར་300རེ་སྟེར་རྒྱུའི་སྲིད་ཇུས་ལག་ལེན་བྱས་མཐར། གྲོང་དམངས་ཚོར་ཡོངས་ཁྱབ་ཏུ་ཡུངས་དཀར་འདེབས་རྒྱུའི་སྐུལ་སློང་བྱས་པ་རེད། གཞི་ཁྱོན་མུའུ་ཁྲི་ལ་ཟིན་པའི་ཡུངས་དཀར་བཏབ་རྗེས་མཐོ་སྒང་གི་ཚོན་ཁྲའི་ལམ་བུའི་ཨར་ལས་ལག་རྩལ་གྱི་དཀའ་གནད་སེལ་ནས་ཞི་བདེ་ཡུལ་ཤོག་གི་མུའུ་ཁྲི་ལ་ཟིན་པའི་ཡུངས་དཀར་རྟེན་གཞིའི་ཐོན་ལས་ལམ་བུ་བཟོས་པའི་དུས་མཚུངས་སུ། ཞི་བདེ་ཡུལ་ཤོག་གིས་བདེ་བླགས་ངང་ནས་ཡུངས་དཀར་དུས་ཆེན་དང་རྟ་རྒྱུག་དུས་ཆེན་འཛུགས་གཉེར་བྱས་ཏེ་མཛེས་སྡུག་ཡིད་དབང་འཕྲོག་པའི་མཛེས་ལྗོངས་དང་སྲོལ་རྒྱུན་རིག་གནས་ཀྱི་ཡུལ་སྐོར་ཕྱི་རོལ་ནས་འོངས་པའི་ཡུལ་སྐོར་འགྲུལ་པ་ཚོའི་མིག་ལམ་དུ་དྲངས་པ་རེད།

ལོ་རྟག་པའི་སྤྱི་ཟླ་7པའི་ནང་གཞི་ཁྱོན་མུའུ་ཁྲི་ལ་ཟིན་པའི་ཡུངས་དཀར་མེ་ཏོག་བཞད་ནས་ཁམས་མི་ཉག་མགར་ཐར་ཉིད་གསེར་གྱི་ཀླུང་ཐང་གི་དཔལ་ལ་འགྲན། དེ་དང་ཆབས་ཅིག་རྟ་རྒྱུག་འགྲན་བསྡུར་འཛུགས་གཉེར་བྱས་པའི་སྐབས་སུ་མཚོ་སྔོན་དང་ཡུན་ནན། ཀན་སུའུ་བཅས་ནས་འོངས་པའི་རྟ་རྩལ་པ་དང་། ཁྲེན་ཏུའུ་དང་ཁྲུང་ཆིང་སོགས་ནས་འོངས་པའི་ཡུལ་སྐོར་འགྲུལ་པ་ཆུ་རྒྱུན་གྱི་རིགས་སུ་མཐུན་པར་བརྟེན། མགྲོན་ཁང་དང་གནས་ཚང་མཐའ་དག་ལ་ཚོང་ལམ་ཧ་ཅང་བྲིན་པ་རེད། ཞི་བདེ་ཡུལ་ཤོག་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཀྲོའུ་ཞའོ་ཀོང་གིས་གྲོང་དམངས་མང་ཆེ་ཤོས་ཀྱིས་ཁྱིམ་གཞིས་སྤྲོ་སེང་གླིང་ག་ཚོང་གཉེར་བྱས་ཏེ་ལོ་རེའི་ཡོང་འབབ་སྒོར་ཁྲི་10ལས་བརྒལ་བ་རེད་ཅེས་ངོ་སྤྲོད་བྱས་པ་རེད།

ཡུལ་སྐོར་ཐོན་ལས་ཀྱི་ཐབས་ལམ་ཆེན་པོ་གཉེར་སྐྱོང་བྱས་ཏེ་མི་སེར་ཚོའི་ཡུལ་སྐོར་ཡོང་འབབ་འཕར་བར་མ་ཟད། ཞིང་ལས་ཐོན་རྫས་ཀྱི་དཔལ་འབྱོར་རིན་ཐང་ཡང་འཕར་སྣོན་བྱུང་བ་རེད། སྨྱུག་འཛིན་པས་ཆགས་ནང་གྲོང་སྡེའི་ནང་བཙུགས་པའི་ཡུངས་དཀར་བཟའ་སྣུམ་ལས་སྣོན་བྱེད་སའི་བཟོ་གྲྭའི་ནང་བཅར་འདྲི་བྱེད་སྐབས། གྲོང་དམངས་ཕུན་ཚོགས་རབ་བརྟན་དང་བཀྲ་ཤིས་རབ་འཕེལ་གཉིས་ཀྱིས་སྣུམ་བཙིར་འཕྲུལ་ཆས་བཀོལ་སྤྱོད་བྱས་ནས་གྲོང་དམངས་ཚོར་ཡུངས་དཀར་བཟའ་སྣུམ་བཙིར་རོགས་བྱེད་བཞིན་འདུག འདིར་གླ་རྒྱག་ན་ཉིན་རེར་གླ་ཕོགས་སྒོར120ཡོད་པར་བརྟེན། དུས་ཡུན་རིང་པོའི་ནང་ཟུར་ལས་ཡོང་འབབ་མི་དམའ་བ་ཞིག་ཡོད་པ་རེད། ཡུངས་དཀར་འདེབས་འཛུགས་བྱེད་མཁན་གྱི་གྲོང་དམངས་དེ་བས་མང་པོས་ཉིན་རྟག་པར་ཡུལ་སྐོར་ཐོན་ལས་ཀྱི་ལམ་ཆེན་བརྒྱུད་ནས་ཕྱི་རོལ་ལ་འདྲེན་པའི་ཡུངས་དཀར་བཟའ་སྣུམ་གྱི་ཡོང་འབབ་ཆ་སྙོམས་མུའུ་རེར་སྒོར500རེ་འཕར་སྣུམ་བྱུང་བ་རེད།། 

སྐྱེ་ཁམས་དཀར་མཛེས་ཀྱི་ལྗང་མདོག་འཕེལ་རྒྱས་གཏོང་བའི་ཐབས་ལམ་འཚོལ་ཞིབ་བྱས།


སྡོང་ཕྲུག་བཙུགས་ནས་རི་ཀླུང་སྔོ་ལྗང་དུ་བསྒྱུར།

ཉེ་ཆར། ལྕགས་ཟམ་རྫོང་གསེར་བྱ་ཐང་གྲོང་སྡེའི་རི་རྒྱབ་ཏུ་ལས་བྱེད་པ་དང་མང་ཚོགས་བརྒྱ་ཕྲག་འགའ་རི་འགོར་ཕྱིན་ཏེ་སྡོང་ཕྲུག་བཙུགས་ནས་མཐོ་སྒང་གྲོག་རོང་གི་ཡུལ་དུ་གཡུ་ཡི་གོས་བཟང་གིས་བཀླུབས་པ་དང་ཆབས་ཅིག དར་མདོ་གྲོང་ཁྱེར་གྱི་ཞིང་ཆེན་རིམ་པའི་གཞུང་ལམ་211པ་བརྒྱུད་ཡུལ་གྱི་འགག་ཟུར་ནས་གུ་དྲག་བར་དང་། རོང་བྲག་རྫོང་གི་སྤྲོ་སྣང་དང་སོག་པོ་ཡུལ་ཤོག་གཉིས་ཀྱི་གྲོང་སྡེ་12ཀྱི་གྲོང་བགྲོད་གཞུང་ལམ་ལམ་རྒྱུད་ཀྱི་ནགས་སྐྱོང་མི་སྣས་ཀྱང་བྲེལ་བ་ཆེན་པོའི་ངང་ཟུར་གསུམ་མེ་ཏོག་དང་པར་སིག་ལུག་མིག་སོགས་ཚོན་ལྡན་ཤིང་སྣ་དང་མེ་ཏོག་དག་ལ་ས་རྒྱུ་སྐོང་བཞིན་པ་རེད།

སྡོང་ཕྲུག་བཙུགས་པ་ནས་རི་འགོར་མཛེས་ཆས་སྤྲས་པ་དེ་དཀར་མཛེས་ཁུལ་གྱི་ལྗང་མདོག་སྐྱེ་ཁམས་འཕེལ་རྒྱས་གཏོང་རྒྱུའི་ཁ་ཕྱོགས་དང་གྲུབ་འབྲས་གསལ་པོར་མཚོན་ཐུབ་པ་རེད་ཅེས་ད་ལོར་ལོ་ན46ལ་སོན་པའི་ཁུལ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་སྤྱི་ཁྱབ་བཟོ་བཀོད་པ་ཏའེ་ཞུའེ་ཏུང་གིས་དེ་ལྟར་བཤད།

1998ལོར་རང་བྱུང་ནགས་ཚལ་སྲུང་སྐྱོང་བྱེད་པའི་ལས་གྲྭ་ལག་ལེན་བསྟར་ནས་2018ལོའི་ལོ་མཇུག་བར། དཀར་མཛེས་ཁུལ་གྱིས་རིམ་རྩིས་བྱས་ན་མིས་བཟོས་ནགས་ཚལ་མུའུ་ཁྲི་268.16དང་། གནམ་གྲུ་ནས་བཏབ་པའི་སྡོང་འཛུགས་ནགས་བཟོ་མུའུ་ཁྲི་155.72རི་རྒྱ་ནགས་གསོ་མུའུ་ཁྲི་886.73 ནགས་ཚལ་གསོ་སྐྱོང་མུའུ་ཁྲི་418.74ལེགས་གྲུབ་བྱུང་།
ནགས་ཚལ་གཞི་ཁྱོན་མུའུ་ཁྲི་9125.42ནས་མུའུ་ཁྲི་10835.82ཀྱི་ཐོག་འཕར་ནས་མུའུ་ཁྲི་1710.4འཕར་བ་དང་། ནགས་ཚལ་གཞི་ཁྱོན་སྨི་གྲུ་བཞི་མ་4.31ནས་སྨི་གྲུ་བཞི་མ་4.83གྱི་ཐོག་འཕར་ནས་ནགས་ཚལ་ཁེབས་ཚད་31.61%ནས་34.3%གྱི་བར་མཐོ་རུ་ཕྱིན་ཡོད་པ་རེད།

རི་འགོར་སྡོང་ཕྲུག་འཛུགས་པ་དང་། རི་སྐེད་འབྲས་ཤིང་འཛུགས་པ། རི་འདབས་སུ་ལོ་ཏོག་འདེབས་པའི་སྐྱེ་ཁམས་ཆགས་ཚུལ་འཛུགས་སྐྱོང་བྱེད་པར་བརྒྱུད། དཀར་མཛེས་ཁུལ་གྱིས་རི་ཀླུང་སྔོ་ཞིང་ཆུ་བོ་དྭངས་བ་ནི་རིན་ཆེན་གསེར་དངུལ་ཡིན་པའི་ལྗང་མདོག་འཕེལ་རྒྱས་གཏོང་བའི་འགྲོ་ལམ་རྒྱ་སྐྱེད་བཏང་བ་རེད། 

སྐྱེ་ཁམས་བཅོས་སྐྱོང་བྱས་ཏེ་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་སྲ་བརྟན་བཏང་།

མཚོ་འཕགས་སྨི3800ཡོད་པའི་མཐོ་སྒང་གི་རྫོང་མཁར། གསེར་ཐར་ལ་ལོ་ཧྲིལ་པོའི་དུས་ཚོད་ཕྱེད་ཀའི་ནང་ཁ་བ་འབབ་བཞིན་ཡོད་པ་རེད། ས་ཁད་མཐོ་ཞིང་གྲང་བའི་གནམ་གཤིས་ངན་པས་གསེར་ཐར་རྫོང་མཁར་ཉེ་སྐོར་དུ་ཤིང་ནགས་དག་སྐྱེ་དཀའ་བར་བརྟེན། ཡུལ་མི་ཚོའི་མིག་ལམ་དུ་མངོན་རྒྱུ་ནི་ཁ་བ་ལས་ཁ་བ་མ་གཏོགས་ཡོད་པ་མ་རེད།

ཡིན་ནའང་ད་ལོའི་ལོ་འགོ་ནས་བཟུང་རྣམ་པ་འདི་ལ་འགྱུར་ལྡོག་བྱུང་བ་རེད། སྤྱི་ཟླ4པའི་ཚེས3ཉིན་རྫོང་མཁར་དུ་སྔར་བཞིན་ཁ་བས་ཁེབས་ཡོད་ཀྱང་ཡུལ་མི་གྲགས་པས་ཉེ་འདབས་ཀྱི་རི་ངོས་ཤིག་ཏུ་སྔོ་ཐིང་ཐིང་གི་ཤིང་ནགས་སྟུག་པོས་ཁེབས་ཡོད་པ་དེ་མཐོང་ཞིང་། ཡུལ་དེ་གའི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱ་ཆེད། 2018ལོར་ནགས་ལས་སྡེ་ཁག་གིས་གྲང་ངར་ཐེག་ནུས་པའི་སྤུས་ལེགས་གསོམ་ཤིང་ལེགས་འདེམས་བྱས་ཏེ་རྫོང་མཁར་ཉེ་འཁོར་གྱི་སྤྱི་ཆིངས་70ཡོད་པའི་རི་ངོས་སུ་བཙུགས་པ་རེད། ཤིང་རིགས་དེའི་གསོན་ཚད་མཐོ་རུ་གཏང་ཆེད་འདེབས་འཛུགས་བྱས་པའི་སོན་སྨྱུག་ཡོད་ཚད་ཀྱི་མཐོ་ཚད་སྨི1.5ཡན་ཆད་ཡོད་པ་རེད། ཐེངས་འདིར་འདེབས་འཛུགས་བྱས་པའི་སོན་སྨྱུག་ནགས་ཚལ་དུ་གྱུར་ཐུབ་ན་གསེར་ཐར་རྫོང་མཁར་གྱི་རླུང་འགོག་བྱེ་འཇགས་ཀྱི་ལས་ཀར་ཕན་ནུས་བཟང་པོ་ཐོབ་རྒྱུ་རེད་ཅེས་ཁུལ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ལྗང་འགྱུར་ནགས་སྤེལ་ཚན་རྩལ་ཁུའོ་ཡི་ཁུའོ་ཀྲང་ཐང་ཅན་ཧྭ་ཡིས་དེ་ལྟར་ངོ་སྤྲོད་བྱས།

2016ལོར་ཁུལ་ལྗང་འགྱུར་ཨུ་ཡོན་ལྷན་ཁང་གིས《ཁུལ་ཡོངས་སུ་ལྗང་འགྱུར་དང་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་སྲ་བརྟན་གཏོང་བའི་སྤྱིའི་འཆར་འགོད2016ལོ་ནས2020ལོའི་》ཀྱི་བརྡ་ཐོ་པར་སྐྲུན་འགྲེམ་སྤེལ་བྱས་པ་རེད། བརྡ་ཐོའི་ནང་ལོ་ལྔ་ཡས་མས་ཀྱི་དུས་ཚོད་ནང་རང་བྱུང་སྐྱེ་ཁམས་མ་ལག་གི་བྱེད་ནུས་ཇེ་དྲག་ཏུ་གཏང་རྒྱུ་དང་། ཉེ་འཁོར་གྱི་སྔོ་ལྗང་རྒྱ་སྐྱེད་དང་གསབ་འཛུགས་བྱ་རྒྱུའི་ལས་ཀར་གཙོ་གནད་དུ་སྐུལ་འདེད་བཏང་ནས་གྲོང་ཁྱེར་དང་འདུས་སྡེ་ཁུལ། གྲོང་རྡལ། ཞིང་སྡེ་བཅས་གནས་གསུམ་གཞི་གཅིག་བྱས་ཏེ་ས་ཁོངས་ཡོངས་སུ་ལྗང་འགྱུར་བྱེད་གང་ཐུབ་བྱས་མཐར། ནགས་དྲྭ་དང་། ཆུ་དྲྭ། ལམ་དྲྭ་བཅས་དྲྭ་གསུམ་མཉམ་སྐྲུན་དང་། སྐྱེ་ཁམས་ཤིང་ནགས་དང་། ཐོན་ལས་ཤིང་ནགས། མཛེས་ལྗོངས་ཤིང་ནགས་བཅས་ཤིང་ནགས་གསུམ་ཐུན་མོང་དུ་མཉམ་སྐྱོང་བྱས་ནས་ས་ཁོངས་ཡོངས་སུ་ལྗང་འགྱུར་མངོན་འགྱུར་བྱ་རྒྱུའི་རེ་བ་བཏོན་པ་རེད།

ལྗང་འགྱུར་བྱ་སྤྱོད་ཐད་དང་ཐོག་ཐག་གཅོད་བྱ་རྒྱུ་ནི་ས་ཞིང་ཞན་འགྱུར་བྱེ་འགྱུར་གྱི་དཀའ་གནད་ཐག་གཅོད་བྱ་རྒྱུ་ཡིན་པར་བརྟེན། ནགས་ལས་དང་རྩྭ་ཐང་སྡེ་ཁག་གིས་མིས་གཏོར་བརླག་བྱེད་ཚད་ཇེ་ཉུང་དུ་བཏང་བ་དང་། ཐོན་ཁུངས་ཁོར་ཡུག་གི་འགལ་རྐྱེན་ཇེ་ཉུང་དུ་གཏང་རྒྱུ་ནས་འགོ་འཛུགས་ཏེ། རྩི་ཤིང་གི་སྲུང་ཡོལ་དང་འདམ་ར་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རང་བྱུང་སླར་གསོའི་ནུས་པ་འདོན་སྤེལ་བྱས་པ་རེད།

ལྗང་མདོག་ཐོན་ལས་ཀྱིས་སྐྱེ་ཁམས་མཛེས་ཤིང་མི་དམངས་ཕྱུག་པོ་ཆགས།

སྤྱི་ཟླ4པའི་ཚེས3ཉིན་ལ་གཟའ་མཇུག་མིན་ཡང་ལྕགས་ཟམ་རྫོང་མཚོ་གཉིས་ཡུལ་ཤོག་མཚོ་གཉིས་གྲོང་སྡེའི་ཞིང་པའི་སྤྲོ་སྐྱིད་ཁང་གི་ཚོང་དཔོན་ཞུས་ཡོན་གྱིས་སྤྲོ་གསེང་གཏོང་སར་འོངས་པའི་གྲོགས་པོ་ཚོ་སྣེ་ལེན་བྱེད་པར་བྲེལ་ནས། 2017ལོར་མཐའ་སྐོར་དུ་ཡོད་པའི་སྐྱེ་ཁམས་ཁོར་ཡུག་བཟང་པོར་བརྟེན་ནས་ཀུ་ཤུ་ལྡུམ་ར་འདི་ཞིང་ཆེན་རིམ་པའི་ནགས་ཚལ་བདེ་གསོའི་ཁྱིམ་གཞིས་སུ་བདམས་ཐོན་བྱུང་རྗེས་ཚོང་ལམ་ཉིན་བཞིན་ཇེ་ཡག་ཏུ་ཕྱིན་པ་རེད། ཟླ་བ་གོང་མར་ཁམ་བུའི་མེ་ཏོག་ལ་ལྟ་སར་ཡོང་མཁན་གྱི་འགྲུལ་པ་ཧ་ཅང་མང་བས། གཟའ་འཁོར་རེར་ཡོང་འབབ་སྒོ་ཁྲི་ཙམ་ཡོད་པས་ཕྱི་ཕྱོགས་སུ་གླ་རྒྱག་སར་འགྲོ་བ་ལས་ཆེས་དགའ་བ་རེད་ཅེས་བཤད།

སྤྱི་ཟླ3པའི་མཇུག་ཏུ་སི་ཁྲོན་ཞིང་ཆེན་གྱི་ཚན་པ་གསུམ་པའི་ཞིང་ཆེན་རིམ་པའི་ནགས་ཚལ་གྲོང་རྡལ་ཆུང་ཆུང་གི་མིང་ཐོ་ཁྱབ་བསྒྲགས་བྱས་ནས། ཉག་ཆུ་རྫོང་དང་རྟའུ་རྫོང་། རོང་བྲག་རྫོང་བཅས་ཀྱི་ཡུལ་ཤོག་གསུམ་དེའི་གྲས་སུ་མིང་ཐོ་ཡོད་པ་རེད།

དཔལ་ཡུལ་རྫོང་ནགས་ལས་སྡེ་ཁག་གིས་ཚོང་རར་དམིགས་ཤིང་། བྱེད་ཐབས་སྣ་མང་དང་། ཆགས་ཚུལ་ལེགས་སྒྲིག གཙོ་ཁྲིད་ཁེ་ལས་གསོ་སྤེལ་བཅས་བྱས་ནས། ནུས་ཤུགས་གང་ཡོད་ཀྱིས་ཚ་ཆེན་སུམ་མདོའི་ཁྱད་རྟགས་གྲགས་ཅན་གྱི་ཐོན་རྫས་འཛུགས་སྐྱོང་བྱས་ནས་ཚ་ཆེན་སུམ་མདོའི་བོད་ཕག་དང་།
བོད་བྱ། བོད་བྱའི་སྒོ་ང་། ཤ་མོ་རིགས་སོགས་ཀྱི་ཐོན་རྫས་དེ་དག་ས་ཁོངས་ཀྱི་ཁྱད་ཆོས་ལྡན་ལ་དགེ་མཚན་ལྡན་པའི་ཕུལ་བྱུང་གི་ཁྱད་རྟགས་གྲགས་ཅན་འཛུགས་སྐྱོང་བྱེད་གང་ཐུབ་བྱས་མཐར། 2016ལོར་ཚ་ཆེན་སུམ་མདོ་ལ་དཀར་མཛེས་ཁུལ་སྐབས་གསུམ་པའི་ཚོང་དོན་ཁྱབ་ཁོངས་ཀྱི་ཁྱད་རྟགས་གྲགས་ཅན་གྱི་མཚན་སྙན་ཐོབ་ཡོད། ཚ་ཆེན་སུམ་མདོའི་མཐོ་སྒང་རི་སྐྱེས་ཤ་མོ་རིགས་ཀྱི་ཐོན་རྫས་དེ2016ལོའི་ཟླ་9པར་སྐབས་དང་པོའི་གནས་མཆོག་དཀར་མཛེས་ཀྱི་མིང་གྲགས་ལྡན་པའི་ཐོན་རྫས་གྲགས་ཅན10ཡི་གྲས་སུ་ཚུད་ནས། ལོ་དེར་ཚ་ཆེན་སུམ་མདོ་མགྲོན་ཁང་གི་སྐྱེ་ཁམས་ཡུལ་སྐོར་ཐད་མ་དངུལ་སྒོར་ཁྲི930མངོན་འགྱུར་བྱུང་ཡོད་པ་རེད།

དར་མདོ་གྲོང་ཁྱེར་དཔའ་སྲེག་རོང་ཡུལ་ཤོག་ཏུ་ཆགས་པའི་པད་མ་མཚོའི་རྒྱལ་ཁབ་ནགས་ཚལ་གླིང་ག་དེ་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་སྦྲགས། འགྲུལ་པ་ཉིན་བཞིན་ཇེ་མང་དུ་ཕྱིན་ནས་པད་མ་མཚོའི་གླིང་ག་ཡིས་ལོ་རེར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི50ལྷག་རག་ནས་ཡུལ་དེའི་གྲོང་མིའི་ཡོང་འབབ་ལོ་རེར་སྒོ་ཁྲི་100ཙམ་རག་ཐུབ་པ་རེད།

འབྲེལ་ཡོད་སྡེ་ཁག་གིས་བསྡོམས་རྩིས་བྱས་པར་གཞིགས་ན། ཁུལ་ཡོངས་ཀྱི་ཤིང་ནགས་ཐོན་ལས་མིན་པའི་ཡོང་འབབ1998ལོའི་སྒོར་དུང་ཕྱུར0.99ནས2019ལོའི་ཟླ6པའི་བར་སྒོར་དུང་ཕྱུར50.93གྱི་ཐོག་འཕར་ནས་སྒོར་དུང་ཕྱུར49.94འཕར་བ་རེད། ནགས་ཚལ་གྱི་ཡུལ་སྐོར་ཡོང་འབབ1998ལོའི་སྒོར་དུང་ཕྱུར1.05ནས2019ལོའི་ཟླ6པའི་བར་སྒོར་དུང་ཕྱུར15.71གི་ཐོག་འཕར་ནས་སྒོར་དུང་ཕྱུར14.66འཕར་ཡོད་པ་རེད། ། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1