དེ་ཡང་སྔོན་གྱི་རས་པའམ་རལ་པ་སྒྱུ་རྩལ་ཞེས་པ་ནི་འཚོ་བའི་དགོས་མཁོ་ལས་བྱུང་ཞིང་འཕེལ་རྒྱས་ཕྱིན་པ་ཞིག་ཡིན་ཏེ། ལོ་རྒྱུས་ཀྱི་རྒྱུན་རིང་བ་དང་། ནང་དོན་ཕུན་སུམ་ཚོགས་པ། ཁྱད་ཆོས་འབུར་དུ་ཐོན་པར་མ་ཟད། ལྷག་པར་དུ་གནའ་བོའི་ཞང་ཞུང་རིག་གནས་དང་། ཆོས་ལུགས་རིག་གནས། དམངས་ཁྲོད་རིག་གནས་ཀྱི་ཉིང་བཅུད་གཞི་གཅིག་ཏུ་བཏུས་ཡོད་སྟབས། བོད་ཀྱི་གནའ་བོའི་རིག་གནས་སྒྱུ་རྩལ་གྱི་གཙུག་གི་ཏོག་ཏུ་གྱུར་ཅིང་། སྒྱུ་རྩལ་གྱི་རིན་ཐང་དང་ཞིབ་འཇུག་གི་རིན་ཐང་ཆེན་པོ་ཡོད་པས། འབྲེལ་ཡོད་སྡེ་ཁག་དང་ཆེད་མཁས་པ་ཚོས་དོ་སྣང་ཆེན་པོ་བྱེད་བཞིན་འདུག
དགུང་གྲངས་མཐོན་པོ་ལོན་པའི་བཀྲ་ཤིས་ཆོས་སྒྲོན་ནི་བོད་ལྗོངས་ཆབ་མདོ་ས་ཁུལ་གྱི་ཁང་གསར་ཁྱིམ་རྒྱུད་ཀྱི་རས་པ་རྒྱུད་འཛིན་པ་ཞིག་ཡིན་ལ། ཁོང་གིས་འཁྲབ་སྟོན་ལ་གོམས་པའི་རས་པ་ནི་ཁང་གསར་རས་པ་ཡིན་ལ། དེ་ནི་མི་རབས་ནས་མི་རབས་སུ་རྒྱུན་འཛིན་བྱས་པའི་ཁྱིམ་རྒྱུད་རས་པ་ཡིན་ཏེ། ཁང་གསར་རས་པ་བོད་ཡུལ་ཀུན་ཏུ་ཁྱབ་ཡོད་པར་མ་ཟད། ངའི་ཕ་ལགས་སྐུ་བཞུགས་པའི་སྐབས་སུ་བལ་ཡུལ་དང་འབྲས་ལྗོངས། འབྲུག་ཡུལ་སོགས་སུ་གར་འཆམ་དུ་སོང་མྱོང་བ་རེད་ཅེས་བཀྲ་ཤིས་ཆོས་སྒྲོན་གྱིས་བཤད་བྱུང་།
དེ་བཞིན་དུ། ཁང་གསར་རས་པ་ནི་ལྷོ་ལུང་རྫོང་རྩེ་ཐོག་ས་ཁུལ་གྱི་ཁང་གསར་སྡེ་པའི་རས་པར་གོ་ཞིང་། དམངས་གཙོ་བཅོས་བསྒྱུར་སྐབས། ཁོ་ཚོ་སྟེང་ཆེན་རྫོང་ས་སྒང་གྲོང་དུ་ནས་བཅའ་སྡོད་བྱས་པས་ན། ས་སྒང་རས་པ་ཞེས་འབོད་སྲོལ་ཀྱང་ཡོད་པ་རེད། ཁང་གསར་ནི་ཁང་པ་གསར་པ་སྟེ་དུས་ཀྱི་འཕེལ་རིམ་ཁྲོད་ནས་ས་མིང་དུ་ཆགས་པར་སྐད། སྔོན་ཆད། བཀྲ་ཤིས་ཆོས་སྒྲོན་གྱི་ཕ་མས་རས་པ་སྒྱུ་རྩལ་ལ་བརྟེན་ནས་ལྟོ་གོས་འཚོལ་བཞིན་བོད་ཁུལ་གྱི་རི་ཀླུང་ཐང་གསུམ་དུ་འཁྱམས་པོ་བྱས་ཤིང་། ད་ལྟའི་འབྲུག་ཡུལ་དང་བོད་ལྗོངས་ཀྱི་མཐའ་མཚམས་ནས་ཁོ་མོ་སྐྱེས་པ་རེད། མོ་རང་འཇིག་རྟེན་གྱི་ཁམས་འདིར་སླེབས་པ་ནས་བཟུང་།
ལས་དབང་གིས་དམངས་ཁྲོད་སྒྱུ་རྩལ་པ་འཁྱམས་པོ་ཞིག་གི་སྐལ་བགོས་པ་དང་། འཚོ་བའི་ཆེད་དུ་རས་པ་འཁྲབ་སྟོན་བྱས་ཏེ་དུས་རབས་ཕྱེད་ཀ་ལོན་སོང་། མ་གཞིར་དུས་རབས་གསར་པའི་དུས་འདིར་ཁོ་མོས་ལས་རིགས་གཞན་དང་ཁ་ཕྱོགས་མི་འདྲ་བ་གདམ་ག་བྱེད་ཆོག་མོད། དོན་དམ་དུ་ཁོ་མོས་ཕ་མེས་ཡབ་མེས་ནས་རྒྱུད་འཛིན་བྱས་ཡོང་བའི་དམངས་ཁྲོད་སྒྱུ་རྩལ་དེ་དང་ཁ་བྲལ་འདོད་མེད་པར། དཀའ་སྡུག་གིས་ཁེངས་པའི་ལོ་ཟླའི་ཁྲོད་ནས་ཀྱང་བློས་གཏོང་མ་ཕོད་པར། དད་འདུན་བརྟན་པོས་རྒྱུད་འཛིན་གྱི་འགན་འཁྲི་ལྕི་མོ་ཕྲག་ཏུ་བླངས།
ལོ་གཉིས་ཀྱི་ཡར་སྔོན་དུ། ཁོ་མོས་རང་དང་འགྲོགས་པའི་ལོ་ཟླའི་གྲིབ་མ་འགོས་པའི་རྔ་དང་རྔ་གཡུག་ཟུང་རང་གི་སློབ་བུ་ཚེ་སྐྱིད་ལ་ཕྱག་སྟེར་གནང་བ་དང་། ཁང་གསར་ཁྱིམ་རྒྱུད་ཀྱི་རས་པ་དང་ནང་སྒོས་སུ་སྤྱི་ཡོངས་ཀྱི་རས་པ་སྒྱུ་རྩལ་གྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་གི་སྒོ་མོ་ཕྱེ་སོང་། །
热巴艺术在昌都地区有着悠久的历史,有众多的流派,故有“热巴之乡”的美誉。而世代相传的康沙家族热巴,在其漫长的漂泊不定、走南闯北、四海为家、卖艺为生的实践中,逐渐形成了独具特色的热巴艺术。已入耄耋之年的扎西曲珍是康沙家族热巴的传承人,她的足迹遍及世界屋脊的山山水水、村村寨寨。她跳着舞着,一路走来就是半个世纪,用一颗虔诚的心和不懈的坚持,传承发扬藏族民间艺术。