ཟླ་7པ་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གི་ལོ་གཅིག་དུས་བཞིའི་ནང་ཆེས་མཛེས་ཤོས་ཀྱི་དུས་ཚིགས་ཤིག་ཡིན་ཞིང་། རྩྭ་ཐང་དང་། རི་སྒང་། གྲོག་རོང་། འཁྱགས་རོམ། ཞིང་ས་བཅས་ཀྱིས་མི་དང་རང་བྱུང་ཁམས་འཆམ་མཐུན་གྱི་རྣམ་པ་ཞིག་ཆགས་ཡོད་ལ། མདོ་ལ་རྫོང་ལ“ལྷ་ཡུལ་མདོ་ལ”དང“ཤར་ཕྱོགས་སུའེ་ཙེ”ཞེས་པའི་མཚན་སྙན་ཐོབ་ནས་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི“ངེས་པར་དུ་གནས་སྐོར་བྱེད་དགོས་པའི”མཛེས་ལྗོངས་ཤིག་ཏུ་གྱུར་ཡོད། །