འཛམ་ཐང་གིས་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་ལ་རིམ་བཤེར་བྱས།

ཚུལ་ཁྲིམས་རྡོ་རྗེ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-12


      ཉེ་ཆར། རིམ་བཤེར་ཚོ་ཆུང་ཐོག་མར་འཛམ་ཐང་རྫོང་ན་མདའ་གྲོང་མདའ་བྱ་ཡུལ་སྡེ་བར་བསྐྱོད་ནས་སྡེ་མིར་གནས་ཚུལ་དྲིས་པ་ན། སྡེ་མི་ན་རེ། ཁྱིམ་གྱི་ཟས་གོས་དང་། སྡོད་ཁང་། སྨན་བཅོས། སློབ་གསོ་བཅས་ཀྱི་འགན་ལེན་གནད་དོན་ཐག་གཅོད་ཐུབ་མིན་ཐད་ད་དུང་དཀའ་ངལ་གཞན་གང་ཡང་མེད་ཅེས་བཤད། རྫོང་ཡོངས་ཀྱི་ཡུལ་གྲོང་12ཀྱི་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་བོ་དང་ཡིག་ཚགས་དང་བྱང་བུ་བཟོས་མེད་པའི་དམིགས་བསལ་དཀའ་ངལ་ཡོད་པའི་དུད་ཚང་ལ་ཞིབ་བསྡུར་ཞིབ་ཚགས་བྱས་ནས་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་གྱི་གནས་ཚུལ་ཁྱོན་ཡོངས་ནས་རྒྱུན་ལོན་དང་ཞིབ་འཇུག་བྱས།
        གསར་འགོད་པས་བྱ་ཡུལ་སྡེ་བ་ནས་རྒྱུས་ལོན་བྱུང་བ་ལྟར་ན། རིམ་བཤེར་ཚོ་ཆུང་དེ་འཛམ་ཐང་རྫོང་གི་རིམ་པ་ཁག་གི་ལས་ཁུངས་དང་ཡུལ་གྲོང་ལས་དོན་རུ་ཁག་གི་ཁོངས་མི་382ལས་གྲུབ་པ་དང་། རྫོང་ཨུའི་ཧྲུའུ་ཅི་དང་རྫོང་དཔོན་གྱིས་ཚོ་ཆུང་གི་འགོ་གཙོ་བྱས་ནས་རིམ་བཤེར་ལས་དོན་ཚོ་ཆུང་12མངགས་ཏེ། རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་60ཡི་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་བོ་2139དང་ཡིག་ཚགས་དང་བྱང་བུ་བཟོས་མེད་པའི་དུད་ཚང་དབུལ་བོ་5725ལ་རིམ་བཤེར་བྱས་པ་རེད། རིམ་བཤེར་བྱེད་པའི་བརྒྱུད་རིམ་ཁྲོད་བརྟག་དཔྱད་ཚོ་ཆུང་ཁག་གིས“འཇུག་པ་གཅིག་དང་། ཞིབ་བཤེར་གཉིས། རྩིས་རྒྱག་གསུམ། ལེན་པ་བཞི། ཁ་སྐོང་ལྔ། བསྡུ་བ་དྲུག ལེན་པ་བདུན”བཅས་ཀྱི་བླང་བྱ་ལྟར་དྲི་ཤོག་བརྟག་དཔྱད་བྱས།
     དེ་ནས་ཁྱིམ་ཚང་དབུལ་བོར“སེམས་ཁྲལ་མེད་པ་གཉིས་དང་། འགན་ལེན་གསུམ”དང་། ཁྱིམ་ཚང་དབུལ་བོ་མིན་པའི་སྲ་བརྟན་མཐོར་གཏོང་། སྡེ་བ་ལྡན་པ་ལྔ། ཡུལ་གྲོང་ཡོད་པ་གསུམ་སོགས་ཀྱི་ཐད་ལྷགས་པའི་གནད་དོན་གཙོ་བོར་ཤེས་རྟོགས་བྱས་ནས་ས་གནས་དངོས་སུ་ཁྱིམ་ཚང་དབུལ་བོར་སྲིད་ཇུས་འགྲེལ་བཤད་བརྒྱབ་པར་མ་ཟད། རིམ་བཤེར་བྱས་ནས་ཞིབ་ཕྲའི་གནད་དོན་ལ་དམིགས་ཏེ་ཚོད་ལྟའི་གྲོང་ཚོ་ཁག་གིས་དུས་ཐོག་ཏུ་དག་ཐེར་གྱི་ཇུས་གཞི་བཟོ་བ་དང་། དག་ཐེར་གྱི་རྩིས་ཁྲ་བཟོ་བ། དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་གྱི་དག་ཐེར་བྱེད་ཐབས་རིམ་བཞིན་བཟོ་བ། དག་ཐེར་གྱི་འགན་འཁུར་བ་དང་དག་ཐེར་གྱི་དུས་ཚད་ཁ་གསལ་བཟོ་བ། རིམ་བཤེར་དང་དག་ཐེར་ལ་སྤྱི་འདོམས་ཀྱིས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་མཐའ་གཅིག་ཏུ་བྱ་རྒྱུར་འགན་ལེན་ཐུབ་པར་བྱས།
       ཤེས་རྟོགས་བྱུང་བ་ལྟར་ན། ཟླ་7ཚེས་5ཉིན། འཛམ་ཐང་རྫོང་གིས་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་བོ་1346ལ་རིམ་བཤེར་བྱས་པ་དང་། ཁྱིམ་ཚང་401ཡུལ་གཞན་དུ་གནས་སྤོས་བྱས་པ་རེད། འཛམ་ཐང་རྫོང་གིས་ཟླ་7ཚེས་10ཉིན་ནས་ཚེས་35ཉིན་བར་གནད་དོན་རིམ་བཤེར་དང་དག་ཐེར་གྱི་ལས་དོན་སྤེལ་རྒྱུ་དང་། ཟླ་7ཚེས་25ཉིན་ནས་ཚེས་30ཉིན་བར་སླར་ཡང་ཕྱིར་མིག་ལྟ་བའི་ལས་དོན་སྤེལ་རྒྱུ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1