མཚར་སྡུག་གི་ཨ་མྱེས་རྨ་ཆེན།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-15


       མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གི་ཁོངས་སུ་གནས་པའི་ཨ་མྱེས་རྨ་ཆེན་ནི་རྨ་ཆུའི་མགོ་ཁུངས་ཀྱི་རི་བོ་ཆེ་ཤོས་དེ་རེད། གངས་རིའི་རི་རྩེ་མཐོ་ཤོས་ལ་སྨི་6282ཡོད་ཅིང་། སྨི་5000ཡན་གྱི་རི་རྩེ་18ཡོད་པར་ལོ་ཧྲིལ་བོར་སྤྲིན་སྨུག་འཐུལ་ཡོད་ལ། དེ་ལ་“རྨ་ཆུའི་འབབ་རྒྱུད་ཀྱི་རི་རྒྱལ་ལྷུན་པོ”ཞེས་པའི་མཚན་སྙན་ཡོད། 

     དབྱར་གཞུང་གི་དུས་སུ། ཨ་མྱེས་རྨ་ཆེན་གྱི་མཐའ་འཁོར་དུ་རྩྭ་རྩི་ཤིང་རབ་ཏུ་རྒྱས་ཤིང་མེ་ཏོག་སྣ་ཚོགས་རབ་ཏུ་བཞད་ལ། གནམ་ཐང་དུས་མཐོ་ཞིང་བརྗིད་པའི་གངས་རི་དང་། སྔོ་ཞིང་སངས་པའི་ནམ་མཁའ། དཀར་ཞིང་མཛེས་པའི་སྤྲིན་དཀར་བཅས་མཉམ་དུ་འཛོམས་པས་མི་རྣམས་ཀྱི་ཡིད་དབང་འཕྲོག་པ་ཞིག་རེད།







དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1