ཟླ་7ཚེས་15ཉིན་ནས་བཟུང་། བོད་ལྗོངས་བཀྲ་ཤིས་ལྷུན་པོ་དགོན་གྱིས་བསྟུད་མར་ཉིན་གསུམ་རིང་གོས་སྐུ་བཤམས་པའི་མཛད་སྒོ་སྤེལ་བ་རེད། ཉིན་དང་པོར། མཐོ་ཚད་ལ་སྨི40ཡོད་པ་དང་རིང་ཚད་ལ་སྨི་38ཡོད་པའི་འོད་དཔག་མེད་ཀྱི་ཐང་ག་ཆེན་མོ་འགྲེམས་སྟོན་བྱས་པ་རེད། བོད་བརྒྱུད་ནང་བསྟན་ནང་། འོད་དཔག་མེད་ནི་འདས་པའི་སངས་རྒྱས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།