ཐུ་བྷོད་ཀྱི་རིག་གནས་ངོམ། མི་རིགས་ཀྱི་ཉམས་འགྱུར་མངོན།

རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 07-22


   ཉེ་ཆར། འཕྱོངས་རྒྱས་རྫོང་གིས་2019ལོའི་བོད་ལྗོངས·འཕྱོངས་རྒྱས་ཀྱི་ཐུ་བྷོད་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པ་གཉེར་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་ཡུལ་སྐོར་རིག་གནས་དུས་ཆེན་རིང་ཆང་ཁྱིམ་ནས་ཆང་གི་སྤེལ་རེས་བྱེད་སྒོ་དང་། མི་རིགས་ཀྱི་སྲོལ་རྒྱུན་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན། དམངས་ཡོངས་ཀྱི་རྩལ་ནུས་འགྲན་བསྡུར། མང་ཚོགས་ཀྱི་ཞབས་བྲོ་འགྲན་བསྡུར་ཆེ་མོ། ཡུལ་སྐོར་གཟུགས་བརྙན་གྱི་ཕོ་ཉ་འདེམས་པ་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ཏེ་རྒྱ་ཆེའི་ཡུལ་སྐོར་བ་དང་མང་ཚོགས་ལ་རིག་གནས་ཀྱི་སྟོན་མོ་བཤམས་པ་རེད།

འདི་ནི་བུད་མེད་ཀྱི་མཉམ་གཞས《གནའ་ལམ་གྱི་བརྩེ་སེམས》ཞེས་པ་འཁྲབ་བཞིན་པ།

འདི་ནི་ཐུ་བྷོད་རིག་གནས་ཡུལ་སྐོར་དུས་ཆེན་གྱི་རིམ་སྤེལ་བྱེད་སྒོ་སྟེ“མང་ཚོགས་ཀྱི་ཞབས་བྲོའི་འགྲན་བསྡུར་ཆེ་མོར”ཞུགས་མཁན་རུ་ཁག་གིས་འཁྲབ་སྟོན་བྱེད་བཞིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1