ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་7པའི་ཚེས་22ཉིན། བོད་རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཇུས་ཞིབ་འཇུག་ཁང་དང་བོད་ལྗོངས་གསར་པའི་དུས་དེབ་ཁང་གིས་བོད་ལྗོངས་ལྷ་ས་གྲོང་ཁྱེར་ནས་དུས་དེབ་གཉེར་ནས་ལོ་བཅུ་འཁོར་བའི་གྲོས་མོལ་ཚོགས་འདུ་བསྡུས། བོད་རང་སྐྱོང་ལྗོངས་ཀྱིའབྲེལ་ཡོད་སྡེ་ཁག་གི་འགོ་ཁྲིད་དང་ཆེད་མཁས་པ། མཁས་པ། རྩོམ་པ་པོ། ཀློག་པ་པོ་བཅས་གདན་གཅིག་ཏུ་འཛོམས་ནས་མཉམ་དུ་《བོད་ལྗོངས་གསར་པ》ཡི་དུས་དེབ་ཀྱི་འཕེལ་རྒྱས་ལམ་བུར་ཕྱིར་དྲན་བྱས་པ་དང་། 《བོད་ལྗོངས་གསར་པ》ཡི་དུས་དེབ་ཀྱི་མ་འོངས་པའི་འཕེལ་རྒྱས་ལ་ཐབས་ཇུས་གང་ལེགས་བཏོན།
གྲོས་མོལ་ཚོགས་འདུའི་ཡུལ་དངོས།
《བོད་ལྗོངས་གསར་པ》ཡི་དུས་དེབ་ནི་2009ལོར་ཐོག་མར་གསར་དུ་གཉེར་པ་ཡིན་ལ། དེ་ནི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཚོགས་ཀྱིས་གཙོ་སྐྱོང་དང་གཙོ་སྒྲུབ་བྱས་པའི་བོད་ལྗོངས་ཀྱི་ཕྱོགས་བསྡུས་རང་བཞིན་ལྡན་པའི་སྲིད་ཇུས་གཞུང་ལུགས་ཀྱི་དུས་དེབ་ཐོག་མ་ཡིན། ཏང་གི་གཞུང་ལུགས་དྲིལ་སྒྲོག་དང་། ཏང་གི་སྲིད་ཇུས་རྒྱུན་འཁྱོངས། ཏང་གི་ལས་དོན་མཚོན་པ། མང་ཚོགས་ཀྱི་འཚོ་བ་དང་ཐག་ཉེ་བར་བཅར་བ་བཅས་དམིགས་ཡུལ་གཙོ་བོར་བཟུང་ཡོད། ལོ་ངོ་བཅུ་ཡི་རིང་ལ། 《བོད་ལྗོངས་གསར་པ》ཡི་དུས་དེབ་ཀྱིས་གཞུང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ། ཏང་གིས་གཡུལ་ས་འཛུགས་པའི་འདུ་ཤེས་ཀྱིས་ཏང་གི་དུས་དེབ་སྤུས་ལེགས་བསྐྲུན་པ་དང་། གཞུང་ལུགས་དྲིལ་སྒྲོག་དང་། ལས་དོན་འཕེལ་རྒྱས། དཔུང་སྡེ་འཛུགས་སྐྲུན་སོགས་ཀྱི་ཐད་ལ་དགའ་འོས་པའི་གྲུབ་འབྲས་ལེགས་པོ་ཐོབ་པས། བོད་རང་སྐྱོང་ལྗོངས་ཏང་ཨུའི་བསམ་བློའི་གཞུང་ལུགས་དྲིལ་སྒྲོག་བྱེད་པའི་གཡུལ་ས་དང་ལག་རོགས་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། དེའང་བོད་ལྗོངས་ལ་རྒྱུས་ལོན་བྱེད་པའི་སྒེའུ་ཁུང་གལ་ཆེན་གྱི་གྲས་ཤིག་ཀྱང་ཡིན།
གྲོས་མོལ་ཚོགས་འདུར་ཞུགས་པའི་འགོ་ཁྲིད་དང་སྐུ་མགྲོན་གྱི་མཉམ་པར།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསམ་བློའི་འཐབ་ཕྱོགས་ཀྱི་དྲིལ་སྒྲོག་ཐད་ལ་བཏོན་པའི་སྟོབས་ཤུགས་བཞི་ཇེ་དྲག་ཏུ་གཏོང་བའི་བླང་བྱ་མུ་མཐུད་ལག་ལེན་དོན་འཁྱོལ་ཡོང་བར་རྒྱུན་འཁྱོངས་བྱེད་ཆེད་དང་། ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ལག་ལེན་གྱི་བྱ་འགུལ་ལེགས་པོར་སྤེལ་བར། 《བོད་ལྗོངས་གསར་པ》ཡི་དུས་དེབ་ཀྱིས་ཟླ་7པའི་ཚེས་1ཉིན་ཏེ་དུས་དེབ་ཐོག་མར་གཉེར་བའི་ཉིན་མོ་ནི་《བོད་ལྗོངས་གསར་པ》ཡི་དུས་དེབ་ཀྱི་ཀློག་པ་པོའི་དུས་ཆེན་དུ་གཏན་ཁེལ་བྱས། “ཟླ་7པའི་ཚེས་1ཉིན་ཏེ་དུས་དེབ་ཐོག་མར་གཉེར་བའི་ཉིན་མོ་དེ་《བོད་ལྗོངས་གསར་པ》ཡི་དུས་དེབ་ཀྱི་ཀློག་པ་པོའི་དུས་ཆེན་དུ་གཏན་ཁེལ་བྱས་པ་ནི་ཏང་གི་དུས་དེབ་ཀྱི་མཐོང་སྣེ་ནས་ཏང་གི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བ་དང་། ཏང་གི་རླབས་ཆེན་གྱི་གྲུབ་འབྲས་མཚོན་པ། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་རྩེ་གཅིག་ཏུ་དམིགས་ནས། ཏང་དེབ་རུས་ཏང་ཡིན་པའི་ཐོག་མའི་བསམ་འདུན་དང་མི་དམངས་ལྟེ་བ་ཡིན་པའི་བྱ་བའི་འཛིན་ཕྱོགས་ལག་ལེན་གཏིང་ཟབ་མོ་བྱེད་པ། དུས་རབས་གསར་པའི་བོད་ལྗོངས་ཀྱི་གཏམ་རྒྱུད་ལེགས་པར་གླེང་བ། ཏང་གི་དུས་དེབ་ལ་སྔར་ལས་ལྷག་པར་ཁྱབ་སྤེལ་གྱི་ནུས་པ་དང་། སྣེ་ཁྲིད་ཀྱི་ནུས་པ། ཤུགས་རྐྱེན་གྱི་ནུས་པ། སྤྱི་པའི་ཡིད་ཆེས་ཀྱི་ནུས་པ་སོགས་ལྡན་དུ་འཇུག་པ་བཅས་ཀྱི་ཆེད་དུ་ཡིན།”ཞེས་《བོད་ལྗོངས་གསར་པ》ཡི་དུས་དེབ་ཀྱི་འབྲེལ་ཡོད་འགན་འཛིན་པས་དེ་ལྟར་བརྗོད་བྱུང་།
བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགོ་ཁྲིད་ཀྱིས་གྲོས་མོལ་ཚོགས་འདུའི་སྟེང་སྤྲོ་སེམས་འཁོལ་བའི་ངང་གསུང་བཤད་གནང་བ་དང་། བོད་ལྗོངས་ཀྱི་གྲོང་ཁྱེར་དང་ས་གནས་བདུན་གྱི་ཨུད་སྲིད་ཞིབ་འཇུག་ཁང་གི་འཐུས་མི་དང་རྩོམ་པ་པོ། ཀློག་པ་པོ་སོགས་ཀྱིས་རེ་རེ་བཞིན་ཕན་ཚུན་བགྲོ་གླེང་དང་གཏམ་བཤད་གནང་ཡོད།