སྡེ་དགེ་རྫོང་སྨན་རྩིས་ཁང་གི་ལོ་རྒྱུས་ཀྱི་འཕོ་འགྱུར་ལ་ཕྱིར་མིག་རེ་བལྟས་ན། དེ་ནི་སྐལ་བ་ཡར་འགྲོའི་རང་བཞིན་ཡིན་འདུག དེ་ཡང་སྤྱི་ལོ་1999ལོའི་སྨན་རྩིས་ཁང་དུ་ལས་མི་བཅུ་གཉིས་ཁྲོད་ན་ལག་རྩལ་པ་བཅུ་གཅིག །དེའི་ནང་གསེས་སུ་ཀྲུའུ་རེན་གཞོན་པ་གཅིག་དང་གཙོ་བཅོས་སྨན་པ་གསུམ། ལག་རོགས་སྨན་པ་བཞི་དང་གཞན་སྨན་བཅོས་མི་སྣ་གསུམ་དང་གནས་སྐབས་གདན་ཞུའི་མི་སྣ་ལྔ་ལས་མེད།
སྨན་རྩིས་ཁང་འཛུགས་སྐྲུན་ཐད་ལ་སྒོ་བསྟེན་སྨན་བཅོས་ཁང་དང་སྨན་སྦྱོར་ཁང་གཉིས་ཡོད། ལོ་ཧྲིལ་པོའི་སྨན་བཅོས་ཡོང་འབབ་ནི་སྒོར་ཁྲི་30ཡིན། སྨན་རྩིས་ཁང་གི་སྨན་སྦྱོར་ཁང་གི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་300དང་སྒོ་བསྟེན་སྨན་བཅོས་ཁང་གི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་500ཡོད། གཏན་འཇགས་རྒྱུ་ནོར་སྒོར་ཁྲི་125ཡོད་ལ་སྨན་བཅོས་སྒྲིག་ཆས་ཐད་ལ་སྒོར་ཁྲི་10ཅན་གྱི་སྨན་སྦྱོར་ཐོན་སྐྱེད་བྱེད་པའི་སྒྲིག་ཆས་ཆ་ཚང་གཅིག་ལས་མེད།
དེ་ལྟར་སྨན་རྩིས་ཁང་གི་འགོ་པ་རྣམ་པའི་སྣེ་ཁྲིད་དང་སྨན་པ་རྣམས་ཀྱི་འབད་འབུངས་ལས་སྤྱི་ལོ་2018ལོར་སླེབས་དུས། སྨན་རྩིས་ཁང་དུ་ལས་མི་སུམ་ཅུ་སོ་བརྒྱད་དང་དེའི་ཁྲོད་ན་ལག་རྩལ་སྨན་བཅོས་མི་སྣ་སུམ་ཅུ་སོ་བཞི། དེའི་ནང་གསེས་སུ་འབུམ་རམས་སྐུ་གཞོན་སྨན་པ་བཞི་དང་རབ་འབྱམས་སྨན་པ་བདུན། བཀའ་བཅུ་དང་བསྡུ་ར་སྨན་པ་བརྒྱད་དང་གཞན་སྨན་བཅོས་མི་སྣ་བཅོ་ལྔ་བཅས་ཡོད། མ་ཟད་གནས་སྐབས་རང་བཞིན་གྱི་ལས་བཟོ་མི་སྣ་བཅུ་བདུན་ཡོད། སྨན་རྩིས་ཁང་འཛུགས་སྐྲུན་ཐད་གཙོ་བོ་སྒོ་བསྟེན་སྨན་བཅོས་ཁང་དང་ནང་སྡོད་ཁང་། ཀྲུང་ལུགས་གསོ་རིགས་སྨན་བཅོས་ཁང་། སྨན་ལུམས་ལྟེ་གནས། སྨན་སྦྱོར་ཁང་བཅས་སུ་ཕྱེས་ཡོད་པ་དང་། ལོ་ཧྲིལ་པོའི་ཡོང་འབབ་ནི་སྒོར་ཁྲི་1012ཡིན། སྨན་རྩིས་ཁང་གི་སྨན་སྦྱོར་ཁང་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་1840ཡོད་པ་དང་སྒོ་བསྟེན་སྨན་བཅོས་ཁང་གི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་2850ཡོད། ནད་སྡོད་ཁང་གི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་2015ཡོད་པ་དང་བཤམས་སྟོན་ལྟེ་གནས་ཀྱི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་1245ཡོད་ལ་སྨན་རྩིས་ཁང་གི་གཏན་འཇགས་རྒྱུ་ནོར་སྒོར་ཁྲི་2986ཡོད།
འོག་ཏུ་སྨན་རྩིས་ཁང་གི་འཕོ་འགྱུར་དེ་ཞིབ་མོར་རེའུ་མིག་གི་ལམ་ནས་བྲིས་ཡོད་དེ།