སྡེ་དགེ་རྫོང་སྨན་རྩིས་ཁང་གི་སྨན་ལུམས་ཁང་།

དྲུང་འཚོ་ཨོ་རྒྱན་བསྟན་འཛིན། བསོད་ནམས་དོན་གྲུབ། སྡེ་དགེ་རང་སྨན་རྩིས་ཁང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-25


བདུད་རྩི་སྨན་ལུམས་ཀྱི་བཅོས་ཐབས་ནི་ལོ་རྒྱུས་ཡུན་རིང་ལྡན་ཞིང་འཛམ་གླིང་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གྲས་སུ་ཚུད་པའི་བོད་ལུགས་གསོ་རིག་གི་ཐུན་མིན་བཅོས་ཐབས་ཀྱི་ལག་ལེན་ཞིག་ཡིན་ལ། སྡེ་དགེ་རྫོང་སྨན་རྩིས་ཁང་ཁམས་གསོ་སྨན་ལུམས་ཚན་ཁག་ནི་རྒྱལ་ཁབ་ཀྱི་ཡང་དག་པའི་དབུ་ཁྲིད་དང་། དེ་བཞིན་དཀར་མཛེས་ཁུལ་དང་སྡེ་དགེ་རྫོང་སྲིད་གཞུང་གི་རྒྱ་ཆེའི་ཐུགས་ཁུར་དང་རོགས་རམ་འོག་ངེད་སྨན་རྩིས་ཁང་གི་དབུ་ཁྲིད་དང་ལས་བཟོ་རྣམ་པས་འགྲོ་བ་ནད་པའི་ཆེད་དུ་མ་བསྐུལ་དང་བླངས་ཀྱི་ལྷག་བསམ་དང་འབད་བརྩོན་ལ་བརྟེན་ནས་སྤྱི་ལོ་2018ལོར་ནད་སྡོད་ཐོག་ཁང་ཆེན་མོའི་ཐོག་བརྩེགས་དང་པོར་དངོས་སུ་གསར་དུ་བཙུགས་ཤིང་ལུམས་བཅོས་ཀྱི་ཐབས་ལ་བརྟེན་ནས་འགྲོ་བ་ནད་པར་ཞབས་ཞུ་སྒྲུབ་པའི་ལས་འགོ་བརྩམས། དེ་ཡང་སྣེ་ལེན་ཚོམས་ཆེན་དང་རྐང་ཁྲུས་ངལ་གསོ་ཁང་། སྨན་ལུམས་ཁང་། སྨན་གདུ་ཁང་། ལུམས་སྦྱོར་ཁང་བཅས་ཀྱིས་གྲུབ་ཅིང་། རྒྱ་ཆེན་རྨིད་གྲུ་བཞི་མ་420ཙམ་ཡོད་པ་དང་། བོད་ལུགས་གསོ་རིག་གི་སྲོལ་རྒྱུན་སྙིང་དོན་རྒྱུན་འཛིན་ཐོག་དེང་རབས་འཕྲུལ་ཆས་དང་ཚན་རྩལ་གྱི་ལེགས་ཆ་དང་ལེན་བྱས་ནས་ཟུང་འབྲེལ་གྱི་རྣམ་པའི་ཐོག་སྒྲིག་གཞི་སྒྲིག་ཆས་ཚང་ཞིང་མི་སྣ་བཀོད་སྒྲིག་ཕུན་སུམ་ཚོགས་པ་སྟེ། མིག་སྔར་འབུམ་རམས་སྐུ་གཞོན་སྨན་པ་དང་རབ་འབྱམས་སྨན་པ་དང་། སྨན་སྦྱོར་བ། བོད་ལུགས་གསོ་རིག་གི་སྨན་གཡོག །བྱུག་པ་བསྐུ་མཉེ་སོགས་ཀྱི་ལག་རྩལ་མི་སྣ་དང་ཆེད་ལས་ལག་རྩལ་མི་སྣ་སོགས་མདོར་ན་རྫོང་རིམ་པའི་སྨན་ཁང་ཞིག་གི་ངོས་ནས་ཅུང་ཕུན་སུམ་ཚོགས་པའི་ཞབས་ཞུའི་ཆ་རྐྱེན་བསྐྲུན་ཡོད་པས་མིག་སྔར་རྒྱ་ཆེའི་མང་ཚོགས་རྣམས་ཀྱི་དགའ་བསུ་ཐོབ་ཀྱི་ཡོད།

ལུམས་ཀྱི་ཕན་ནུས་ཐོན་ཚུལ།

སྨན་ལུམས་རྒྱག་བཞིན་པ། \
藏医药浴疗法

མདོར་བསྡུས་ན་སྨན་ལུམས་ནི་མིའི་ལུས་ཡོངས་བོད་སྨན་ཀྱི་གཤེར་ཁུའི་ནང་སྦངས་ཏེ། ཆུའི་དྲོད་ནུས་དང་སྨན་རྫས་ཀྱི་ནུས་པའི་འོག །མིའི་ལུས་ཀྱི་བ་སྤུའི་བུ་ག་ཕྱེ་བ་དང་། རྩ་དཀར་ནག་མཉེན་པོར་གྱུར་ནས་སྨན་གྱི་ཕན་ནུས་ལྡན་པའི་ཆ་དེ་པགས་པའི་སྟེང་གི་བ་སྤུའི་བུ་ག་བརྒྱུད་ནས་སིམ་འཛུལ་བྱུང་ཞིང་། ལུས་སྟེང་གི་ཁྲག་རྩ་ཕྲ་མོས་བསྡུ་ལེན་བྱས་ནས་མྱུར་དུ་ནད་ཐོག་ཏུ་ཕན་པ་རེད།

བདུད་རྩི་ལྔ་ལུམས་ཀྱི་ཕན་ནུས།

སྨན་ལུམས་ཁང་གཙང་སེལ་བྱེད་བཞིན་པ། 
药浴室

སྨན་ལུམས་ངལ་གསོ་བྱེད་ས། 
药浴室休息区

གྲུམ་དཀར། གྲུམ་ནག དྲེག་གྲུམ། རྩ་གྲུམ། ཆུ་སེར་པགས་ནད། རྐེད་ཚིགས། མཇིང་ཚིགས། སྒལ་ཚིགས། མཇུག་ཚིགས་དྭ་རྒན་དང་། གནས་དེ་རྣམས་ཀྱི་རུས་མཛེར། རྩ་གྲིབ་ནད་དང་། རླུང་གྲིབ་ནད་ཀྱི་ནད་མཇུག མཁལ་གྲང། མཁལ་འགྲམས། རྩ་འབམ་ནད། ཁྲག་རླུང་འཕེལ་བའི་ནད། མ་ཞུ་བ། གྲང་འཁྲུ་བཅས་ལ་ཕན་ནུས་ཐོན་ཐུབ་པ་མ་ཟད། ནད་མེད་ཀྱི་སྤྱོད་ན་ལུས་ལ་དྲོད་བསྐྱེད་པ་དང་། པགས་པ་མཉེན་དུ་སོང་བ། ཤ་པགས་ཀྱི་མདངས་ལེགས་སུ་སོང་བ། སྦོམ་པོ་འབྲི་བ་སོགས་ཀྱི་དམིགས་གསལ་ཕན་ནུས་ལྡན་པའོ། ། དེང་རབས་ཀྱི་གསོ་རིག་གིས་ཞིབ་འཇུག་ལས་བདེན་དཔང་བྱས་པ་ལྟར་ན། བོད་ལུགས་སྨན་ལུམས་ཀྱིས་རླུང་རླན་རང་བཞིན་གྱི་ཚིགས་ནད་ལ་ཕན་ནུས་ཐོན་ཚད་ནི94.3%ཡིན་ལ། རླུང་རླན་འདྲ་བའི་ཚིགས་ནད་ཀྱི་ཕྲ་ཕུངCD8 ཇེ་མཐོར་གཏོང་པ་དང་ཕྲ་ཕུང CD4ཡི་ཆུ་ཚད་ཇེ་དམའ་བཏང་པ་བརྒྱུད་ནད་འདིའི་ལེགས་སྒྲིག་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཐུབ་ཟེར། ། 


སྨན་ལུམས་ངལ་གསོ་སྨན་ལུམས་ངལ་གསོ་བྱེད་ས། 
药浴室休息区
བྱེད་ས། 
药浴


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1