ཀྲུང་ལུགས་གསོ་རིག་གིས་ཀྲུང་བོད་ཐུན་མོང་དུ་བཀོལ་སྤྱོད་བྱེད་པའི་སྨན་རྫས་འགའི་ཕན་ནུས་དང་འདུལ་སྦྱོང་བྱེད་ལུགས་སྐོར་གྱི་ངོ་སྤྲོད་མདོར་བསྡུས།

བདུད་བྷེ། སྡེ་དགེ་རྫོང་སྨན་རྩིས་ཁང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-25


                                                                                                                                                                                                                  

   ནང་དོན་གནད་བསྡུས།  དཔྱད་རྩོམ་འདིར་ཀྲུང་བོད་གསོ་རིག་གཉིས་ཀར་བཀོལ་སྤྱོད་བྱེད་པའི་སྨན་རྫས་འགའི་ཕན་ནུས་དང་དུག་འདོན་བཅས་ཀྱི་སྐོར་བོད་ལུགས་གསོ་རིག་དང་ཅུང་མི་འདྲ་བ་རྣམས་ཕན་ཚུན་དཔྱད་བསྡུར་བྱས་ནས་ལེགས་སྒྲིགས་བྱས་ཡོད།  

   གནད་ཚིག     སྨན་རྫས།    ཕན་ནུས།    འདུལ་སྦྱོང་།

                                                                                                                                                                              

དེ་ཡང་དུས་རབས་བདུན་པའི་ནང་དུ་རྒྱ་ནག་སྨན་པ་ཧྭ་ཤང་མ་ཧཱ་དེ་ཝ་དང་།  བོད་ཀྱི་ལོ་ཙཱ་བ་དྷརྨ་ཀོ་ཥ་རྣམ་གཉིས་ཀྱི་ཀྲུང་དབྱི་གསོ་རིག་གི་གཞུང་སྨན་དཔྱད་ཆེན་མོ་བོད་ཡིག་ཏུ་བསྒྱུར་པར་དང་།  རྒྱ་བཟའ་ཀོང་ཇོ་བོད་ལ་ཕེབས་ནས་མི་རིང་བར་རྒྱལ་པོའི་སྙུན་གསོ་བའི་ཕྱིར་ཧན་ཝན་ཧད་བོད་ལ་ཕེབས་རྗེས་ཀྲུང་དབྱི་གསོ་རིག་རྒྱ་དཔྱད་ཐོར་བུ་ཆེ་ཆུང་ཞེས་པ་བོད་ཡིག་ཏུ་བསྒྱུར་པ།  བྷ་ར་དྷ་ཛ་འཕགས་ཡུལ་གྱི་སྨན་གཞུང་ཁྱད་དུ་འཕགས་པ་འབུ་ཤག་མ་བུ་ཆེ་ཆུང་དང་སྦྱོར་བ་མར་གསར་ཞེས་པ་གཉིས་བོད་ཡིག་ཏུ་བསྒྱུར།  ད་དུང་འཕགས་ཡུལ་གྱི་སྨན་པ་བྷ་ར་དྷ་ཛ་དང་ཧན་ཝན་ཧད།  ག་ལེས་ནོས་གསུམ་བཀའ་བགྲོས་ཏེ་མི་འཇིགས་པའི་མཚོན་ཆ་ཞེས་པ་བམ་པོ་བདུན་ཡོད་པའི་གསོ་དཔྱད་ཀྱི་གཞུང་གསར་དུ་བརྩམས།  དེ་ཡང་དྷ་རྨ་ཀོ་ཥ་དང་ཧྭ་ཤང་མཧྭ་ཡ་ན་སོགས་རྒྱ་གར་ནག་དང་ཁ་ཆེ།  ཏ་ཟིག གྲུ་གུ  དོལ་པོ།  བལ་པོ་བཅས་ཀྱི་སྨན་པ་མང་པོ་བོད་དུ་ཕེབས་ནས་སྨན་གཞུང་བརྩམས་ཤིང་བསྒྱུར།  འཇམ་དཔལ་སྙིང་གི་ཟུར་ཐིག་ཏུ།  རྒྱ་གར་རྒྱ་ནག་སྟོད་ཕྱོགས་གསུམ།  ལུགས་གསུམ་བྱང་ཆུབ་ཆེན་པོ་ཡིན།   ཅེས་སྔར་མེས་པོ་རྣམས་ཀྱི་མི་རིགས་གཞན་དག་ལ་སློབ་སྦྱོང་བྱས་ནས་བོད་ཀྱི་གསོ་རིག་ཕུན་སུམ་ཇེ་ཚོགས་སུ་འགྲོ་རྒྱུར་མི་ནུབ་པའི་མཛད་རྗེས་དང་སྲོལ་རྒྱུན་ཡག་མོ་བཞག་ཡོད།  དེང་དུས་ཡང་བོད་ཀྱི་གསོ་རིག་གཞུང་ལུགས་ཁྲོད་སྨན་སྣ་སྡེབ་སྦྱོར། སྨན་རྫས་བེད་སྤྱོད་དང་ཉར་ཚགས་བྱ་ལུགས་སོགས་ལས་སྣོན་བྱེད་ཐབས་ཐད་ཀྲུང་ལུགས་གསོ་རིག་དང་འབྲེལ་ཟབ་ཆེན་མོ་ཡོད་པས་འདིར་ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་གཉིས་ཀར་བེད་སྤྱོད་བྱེད་པའི་སྨན་སྣ་བརྒྱ་དང་བཅུ་དགུ་ལྷག་གི་སྨན་ནུས་དང་དུག་འདོན་སོགས་ཀྱི་སྐོར་བོད་ལུགས་གསོ་རིག་དང་ཅུང་མི་འདྲ་བའི་སྐོར་ངོ་སྤྲོད་མདོར་ཙམ་བཤད་པ་ལ། དང་པོ་སྨན་རྗས་ཀྱི་མིང་དང་། གཉིས་པ་ཕན་ནུས། གསུམ་པ་དུག་འདོན་བཅས་ནང་དོན་རྣམ་པ་གསུམ་གྱི་སྒོ་ནས་བསྟན་ཡོད།  

དང་པོ།  བོད་རྒྱ་གསོ་རིག་གཉིས་ཀའི་བེད་སྤྱོད་སྨན་རྫས་བསྟན་པ།

གཅིག  གཏེར་དངོས་སྨན་རྫས་ཀྱི་སྐོར།

 གངས་ཐིགས།(石膏)ད་ཚུར།(白矾)ཡབཀྵར།(玄明粉)མཛེ་ཚྭ(芒硝)མཚལ།(朱砂)རང་བྱུང་གི་ཟངས།(自然铜)ཏི་ཚ་སྔོན་པོ།(炉甘石)མུ་ཟི་སེར་པོ།(硫磺)ཧ་ཤིག(滑石)ཁབ་ལེན།(磁石)ཚ་ལ།(硼砂)ཅོང་ཞི།(寒水石)འབྲུག་རུས།  (龙骨)འབྲུག་སོ།(龙齿)སྨུག་པོ་སྦལ་རྒྱབ།(赭石)ལྡོང་རོས།(雄黄)བ་བླ།(雌黄)ནག་ཚུར་སེར་ཚུར།(绿矾)བཅས་སྨན་སྣ་བཅོ་བརྒྱད་དང་།

གཉིས།  རྩི་ཤིང་སྨན་རྫས་ཀྱི་སྐོར།

ལི་ཤི(丁香)དཔའ་བོ་ཆེན་པོ།(人参)མཁའ་ཞོ་དམར་པོ།(刀豆)གླ་ཆེན་ཆིག་ཐུབ།(三七)སྒ་སྐྱ།(干姜)ཤྲཱི་ཁཎྜ(干漆) མ་ནུ་པ་ཏྲ།(土木香)སྒོག་སྐྱ།(大蒜)རུ་རྟ།(川木香)ཨའུ་རྩི།(川贝母) བོང་ང་ནག་པོ།(川乌 制川乌)སྙིང་ཞོ་ཤ(广枣)འདྲེ་ཤ་མའམ་ཕ་ཝང་སྒོ་ཏི།(马勃)ཀོ་བྱི་ལ།(马钱子)ལྕུམ་རྩ།(大黄)འབྲ་གོ་དམར་པོ།(大枣)ལང་ཐང་ཙེ(天仙子)ཉེ་ཤིང་།(天冬)ཅུ་གང་།(天竺黄)དྭ་བ།(天南星 制天南星)ར་མོ་ཤག་ཆེན།(天麻)ག་པུར།(天然冰片.右旋龙脑)ག་པུར་རྣམ་གཅིག(艾片 .左旋龙脑)རྫས་སྦྱོར་ག་པུར།(冰片.合成龙脑)སེ་ཡབ།(木瓜)ནཱ་ག་གེ་སར།(木棉花)ཙམ་པ་ཀ(木蝴媒)གསེར་མེ་ཆེ་བ།(木鳖子)ཐ་རམ།(车前子)བྱི་བཟུང་།(牛蒡子)རྒྱ་རྩི༼རྒོད་པ།༽(升麻)སྲོ་མ་ནག་པོ།(火麻仁)དན་རོག(巴豆)སྤང་སྤོས།(甘松)ཤིང་མངར།(甘草)ཤུ་དག་དཀར་པོ།(石菖蒲)པུ་ཤེལ་ཙེ།(石斛)སེ་འབྲུ་ལྤགས།(石榴皮)སྒེ་གཤེར།(生姜)པ་ཏོ་ལ།(白 )དབྱར་རྩྭ་དགུན་འབུ།(冬虫夏草)ལྕམ་འབྲས།(冬葵果)གཡེར་ཤིང་མཆོག(玄参)དྭ་གཡུང་།(半夏 法半夏 姜半夏 清半夏)ཁ་ཆེ་གུར་གུམ(西红花)ལྕ་བ།(当归)ཛཱ་ཏི།(肉豆蔻)ཤིང་ཚ།(肉桂)སྨྱུག་རྩི(竹茹)ཐལ་ཀ་རྡོ་རྗེ།(决明子)སུ་མི་སེར་པོ།(延胡索)ལྡུམ་གུར་གུམ།(红花)སྲོ་ལོ་དམར་པོ།(红景天)གཡེར་མ།(花椒)ཡུངས་ཀར།  (芥子)སུག་སྨེལ།(豆蔻)སྤྲུ་སེར།(羌活)སྟར་བུ།(沙棘)ཨར་སྐྱ།(沉香)ཨ་རུ་ར།(诃子)བཙོད།(茜草)པི་པི་ལིང་།(荜茇)ཀ་ཀོ་ལ།(草果)ལ་ལ་ཕུད།(茴香)ན་ལེ་ཤམ། ཕོ་རིས་ནག་པོ།(胡椒)རྟ་ལྤགས།(独一味)ལྡུམ་བུ་རེ་རལ།(骨碎补)ཡུང་བ།(姜黄) དཔའ་བོ།(商陆) ཀླུ་བདུད་རྡོ་རྗེ།(党参)སྐམ་སྐྱེས་སྲད་དཀར།(黄芪)ཀྱི་ལྕེ་ནག་པོ།(秦艽)སྟབ་སེང་།(秦皮)སྲོ་ལོ་དཀར་པོ།  (高山辣根菜)སྨན་སྒ(高良姜)བྲེ་ག(菥蓂)མྱང་རྩི་སྤྲས།(黄连)ར་མཉེ།(黄精)མཚེ་ལྡུམ།(麻黄)ཤུ་མོ་ཟ།(胡芦巴)འབྲི་མོག (紫草)ཏིལ་ནག(黑芝麻)ཟི་ར་ནག་པོ།( 黑种草子)གཟེ་མ།(蒺藜)ཁུར་མོང་།(蒲公英)སྦྲང་རྩི།(蜂蜜)གོ་ཡུ།(槟榔)ཙན་དན་དཀར་པོ།(檀香)སྦྲུལ་ཞབས་པ།(菟丝子)བཅས་བརྒྱ་ཅུ་གྱ་བརྒྱད་ཡོད།

གསུམ།  སྲོག་ཆགས་སྨན་རྫས་ཀྱི་སྐོར།

བྱིང་བྱིང་ཐུ་ལུ།(土鳖虫(廑虫)གི་ཝང་།(牛黄)ལྕགས་སྦྲུལ། (乌梢蛇)སྲིན་བུ་པད་མ།(水蛭)པ་ཏྲ།(石决明)སྡིག་སྲིན་ནག་པོ།(全蝎)མུ་ཏིག(珍珠)ཉ་ཕྱིས།(珍珠母)སྐྱ་རྭ།(鹿角)བོག་རྭ།(鹿茸)བྱང་པ།(斑蝥)འགྲོན་བུ་སྨུག་པོའམ་ཆེ་བ།(紫贝齿)གླ་རྩི།(麝香)ནགས་སྦལ།(蛤蚧)དོམ་མཁྲིས།(熊胆)བཅས་བཅོ་ལྔ་བསྡོམས་པའི་སྨན་སྣ་བརྒྱ་དང་ཉི་ཤུ་བཅས་སོ།  

གཉིས་པ། སྨན་ནུས་བསྟན་པ།

གཅིག  གཏེར་དངོས་སྨན་རྫས་ཀྱི་སྐོར།

གངས་ཐིགས་དང་ཏི་ཚ་སྔོན་པོ་གཉིས་བོད་ལུགས་གསོ་རིག་གི་ཕན་ནུས་དང་ཕྱོགས་མཚུངས་པས་འདིར་བཀོད་མེད།

སྨན་རྫས་མིང་།

ནུས་པ།

བོད་ལུགས་གསོ་རིག

ཀྲུང་ལུགས་གསོ་རིག

ད་ཚུར།  

白 矾

ནུས་པས་ཁ་ནད་སེལ་ཞིང་ཁ་དྲི་སྦྱོང་།    རྨ་སོགས་རུལ་བ་གཅོད་ཅིང་རྨ་ཚད་སེལ།

ཕྱི་བྱུགས་དུག་དང་སྲིན་བུ་ཟ་འཕྲུག་ལངས་པ་སེལ།  འཐུང་ན་ཁྲག་དང་བཤལ་བ་གཅོད།  ལུ་བ་སེལ།  གཙོ་བོ་རློན་འབྲུམ།  གཡན་རྔོ།  རྫི་ཤ་ལུག་པ།  གཞང་འབྲུམ།  རྣ་ནང་དུ་རྣག་འབྱུང་བ།  འཐུང་དུས་རྒྱུ་རྒན་གྱི་ནད།  ཁྲག་བཤལ་བ།  ཟླ་མཚན་རྡོལ་ཟགས།  བརྒྱལ་གཟེར་སྨྱོ་བ་སོགས་ལ་ཕན།  

 外用解毒杀虫,燥湿止痒;内服止血止泻, 祛除风痰。外治用于湿疹,疥癣,脱肛, 痔疮,婷耳流脓;内服用于久泻不止, 便血,崩漏,癫痫发狂。枯矾收湿敛疮,止血化腐。用于湿疹湿疮,脱肛, 痔疮,聘耳流脓,阴痒带下, 鼻衄齿衄, 鼻癔肉。

ཡབཀྵར།  

玄明粉

ཡ་ཀྵརས་དྲོད་སྐྱེད་སྐྲན་ནད་སྦྱོང་།  

བཤང་དང་སྐྲན་ནད་སྦྱོང་།  ཚ་བ་འཇོམས་ཞིང་སྐྲངས་པ་ཞི།  གཙོ་བོ་གཤང་འགགས་ནད་དང་ཕོ་བ་སྦོས་ཞིང་ན་བ་སེལ།  ཕྱི་སྤྱོད་མིད་པ་སྐྲངས་ཞིང་ན་བ།  ཁ་ནང་རྨ་འདོན་པ།  སོ་རྩ་སྐྲངས་ནས་ན་བ།  མིག་སྤྲིན་དམར་བ།  གཉན་འབུར།  མེ་དབལ་སོགས་སེལ།  

泻下通便, 润燥软坚, 清火消肿 。用于实热积滞,大便燥结, 腹满胀痛; 外治咽喉肿痛,口舌生疮, 牙齦肿痛,目赤, 痈肿,丹毒

མཛེ་ཚྭ

芒硝

རྨ་ཡི་ཆུ་སེར་འདྲེན།  

བཤང་དང་སྐྲན་ནད་སྦྱོང་།  ཚ་བ་འཇོམས་ཞིང་སྐྲངས་པ་ཞི།  གཙོ་བོ་གཤང་འགགས་ནད་དང་ཕོ་བ་སྦོས་ཞིང་ན་བ་སེལ།  ཕྱི་སྤྱོད་ནུ་འབྲས་དང་གཞང་འབྲུམ་སེལ།  

泻下通便,润燥软坚,清火消肿。用于实热积滞,腹满胀痛,大便燥结,肠痈肿痛;外治乳痈,痔疮肿痛。

མཚལ།  

朱  砂

ཅོག་ལ་མ་ཡིས་རྩ་དང་ལྷ་བ་འཛིན།   མཚལ་གྱིས་རྨ་འདྲུབ་གློ་མཆིན་རྩ་ཚད་སེལ།   མཚལ་གྱི་ཐལ་བས་རྨ་འབྲས་ཤ་རོ་གཅོད།  

ལུས་སེམས་ལྷོད་འཇགས་དང་། དུག་སེལ་བ། ཁྲག་རྩ་བསང་བ། སྙིང་ཚད་འཇགས་པ། མིག་གསལ་རུ་འགྲོ་བ་བཅས་ལ་ཕན། གཙོ་བོ་སྙིང་ག་གཡུགས་ནས་དངངས་སྐྲག་སྐྱེ་བ་དང་། གཉིད་མི་ཁུག་པ། ལུས་སེམས་མི་བདེ་བ། མཆིན་པར་ཚ་བ་ཞུགས་ནས་མིག་དམར་པོ་ཆགས་པ། བརྒྱལ་གཟེར། བརྒྱལ་གཟེར་གི་སྨྱོ་ནད། པགས་ནད་གཡན་པ་སོགས་བཅོས་ཐུབ།【3】518

清心镇惊,安神,明目,解毒。用于心悸易惊,失眠多梦,癫痫发狂,小儿惊风,视物昏花,口疮,喉痹,疮疡肿毒。

རང་བྱུང་གི་ཟངས།  

自然铜

ཟངས་ཀྱིས་རྣག་སྐེམ་གློ་མཆིན་ཚ་བ་སེལ།  

ཁྲག་ངན་འཁྱིལ་བ་འགྲམས་ནས་ན་ཟུག་གཅོག་པ་དང་། རྒྱུས་རུས་མཐུད་སྦྱོར་ལ་ཕན། གཙོ་བོ་བརྡབས་ཆག་རྨས་སྐྱོན་དང་། རུས་པའི་གས་ཆག ཁྲག་ངན་འཁྱིལ་བས་ན་ཟུག་གཏོང་བ་སོགས་བཅོས་ཐུབ།【3】502

 散瘀止痛, 续筋接骨。用于跌打损伤, 筋骨折伤, 瘀肿疼痛

མུ་ཟི་སེར་པོ།  

硫磺

མུ་ཟི་དཀར་སེར་གདོན་འཇོམས་རྣག་ཁྲག་སྐེམ།  

རོ་ཙ་རྒྱས་པ་དང་། གྲང་རླུང་འགྲམས་པ། འབུ་གསོད་པ། བཙོག་པ་བབ་བདེ་བ་བཅས་ལ་ཕན། དབང་པོ་ལས་སུ་མི་རུང་བ་དང་། གཟུགས་ཞན་པས་བཤལ་བ། རྒན་འཁོགས་ལ་གྲང་རླུང་ཞུགས་ནས་བཙོག་པ་གཏོང་དཀའ་བ། གཟུགས་སྟོབས་ཞན་པས་དབུགས་ཧལ་བ་བཅས་བཅོས་ཐུབ། ཕྱི་སྤྱོད་ན་གཡན་པ་དང་། ཤུ་བ། རྔོ་བཅས་ལ་ཕན། 【3】502

外用解毒杀虫疗疮;内服补火助阳通便。外治用于疥癣,秃疮,阴疽恶疮;内服用于阳痿足冷,虚喘冷哮,虚寒便秘。

ཧ་ཤིག

滑石

རྩ་ནད་སྦྱོང་།   འཁྲུ་བ་གཅོད།  

ཆུ་སེར་དང་ཚ་བ་སེལ་བ། གཅིན་པ་བབ་ནས་ཆུ་སེར་འཇགས་པ་བཅས་ལ་ཕན། ཕྱིར་སྤྱོད་ན་རྨ་ཁ་རུབ་པ་དང་ཆུ་སེར་སེལ་བར་ཕན། གཙོ་བོ་ཚ་ནད་གིས་ཁ་སྐོམ་ནས་སུན་སྣང་སྐྱེ་བ་དང་། ཚ་བའི་བཤལ་ནད། གྲང་གཞིས་གཅིན་ལམ་ལ་ཚ་ཤར་རྒྱག་པ། ཆུ་བསགས་པ་སོགས་བཅོས་ཐུབ།【3】390

利尿通淋,清热解暑;外用祛湿敛疮。用于热淋,石淋,尿热涩痛,暑湿烦渴,湿热水泻;外治湿疹,湿疮,痱子。

ཁབ་ལེན།  

磁石

ཁབ་ལེན་མདེའུ་འབྱིན་ཀླད་རུས་རྩ་ནད་སེལ།  

ལུས་ཟུངས་གསོས་ནས་མཁལ་ནུས་སྲུང་བ་དང་། ལུས་སེམས་ལྷོད་འཇགས་ལ་ཕན། ཟུངས་ཁྲག་དཀོན་པས་མགོ་ཡུ་འཁོར་བ་དང་། མིག་རབ་རིབ་བྱེད་པ། རྣ་བ་འུར་ནས་འོན་པ། ལུས་སྟོབས་ཞན་པས་དབུགས་ཧལ་བ། སྙིང་ག་གཡུགས་ནས་དངངས་སྐྲག་སྐྱེ་བ། དབང་རྩ་ཉམས་པ་སོགས་བཅོས་ཐུབ།【3】516

 

镇惊安神, 平肝潜阳,聪耳明目,纳气平喘。用于惊悸失眠,头晕目眩,视物昏花,耳鸣耳聋,肾虚气喘。

ཚ་ལ།  

硼砂

རྨ་འདྲུབ།  རྨ་ཚད་སེལ།  རུལ་བ་གཅོད།  ཁྲག་འཇུ།  ནད་སོགས་དྲག་པོར་སྦྱོང་།  མཁུར་བཀང་བྱས་པས་ཁ་ནད་སེལ།  

ཚ་བ་སེལ་བ་དང་།  ལུད་པ་གོག་པ།  རུལ་རུངས་འགོག་ཞིང་དུག་སེལ་བ་བཅས་ལ་ཕན།  གཙོ་བཅོས་སྤྱོད་ཐབས་ནི་ཕྱིར་སྤྱོད་ན་མིད་མགྲིན་སྐྲངས་ནས་ན་བ་དང་།  སོ་རྙིང་རུལ་བ།  རུལ་ནད།  ཁ་ནང་གི་རྨ།  མིག་གི་ལིང་ཏོག་སོགས་བཅོས་ཐུབ།  ཁོག་ནང་བཏང་ན་གྲེ་རྡོག་བཅོས་ཐུབ།  3653

外用清热解毒,消肿,防腐;内服清肺化痰。用于急性扁桃体炎,咽喉炎,咽喉肿痛,口舌生疮,口腔炎,齿龈炎,中耳炎,目赤肿痛,汗斑,为五官科疾患的常用药!内服用于痰热咳嗽,噎隔,但现代少用。

ཅོང་ཞི།  

寒水石

ནུས་པས་ཚ་གྲང་འཁྲུ་བ་གཅོད།  བད་ཀན་ཚ་བ་སེལ།  འདུས་པ་སྨུག་པོའི་ནད་ལ་མཆོག ཚ་གྲང་ཀུན་ལ་བདུད་རྩི་འདྲ།  རུས་པའི་དྭངས་མ་གསོ།  

ཁྲག་ཚད་བསིལ་བར་བྱེད་ཞིང་ཚ་བ་འཇགས་པ་དང་།  གབ་ཚད་འཇགས་པ།  སོ་རྩ་བརྟན་ཞིང་མིག་གསལ་རུ་འགྲོ་བ་བཅས་ལ་ཕན།  གཙོ་བཅོས་སྤྱོད་ཐབས་ལ་རྒྱུ་རིམས་གིས་ཚ་བ་མཐོ་པོ་རྒྱས་པ་དང་།  ཕོ་ཚད་གིས་ཁ་སྐོམ་པ།  བྱིས་པར་ཚ་བ་མཐོ་པོ་རྒྱས་པ།  བྲང་ཁོག་བརྒྱངས་པ།  གྲོད་ཁོག་བཤལ་བ།  སོ་ན་བ་སོགས་བཅོས་ཐུབ།  【3】317

 清热降火,利窍,消肿。用于时行热病,积热烦渴、吐泻、水肿、尿闭、齿衄、丹毒,烫伤。

འབྲུག་རུས།  

龙骨

ནུས་པས་རྨ་རུལ་བ་གཅོད།  རྨ་འདྲུབ་ཅིང་རྨ་ཚད་སེལ།  རྨེན་བུ་སྐྲངས་པ་ཞི།  རུས་པ་ཆག་པ་སྦྱོར།  ཁྱིས་སོ་བཏབ་པའི་རྨ་ལ་ཕན་པར་གསུངས།  

བློ་སེམས་བདེ།  མཆིན་ནད་སེལ།  སྲ་བརྟན།  སྐུམ་འཐེན་གྱི་ནུས་པ་ཡོད་པ།  གཙོ་བཅོས་སྨྭོན་འབོག་བརྒྱལ་གཟེར་དང་།  ཉིད་མི་ཁུག་བརྗེད་སླ་བ།   མགོ་ཡུ་འཁོར་བ།  རང་བཞིན་གྱི་རྔུལ་ནག་དོན་བ།   ཁུ་བ་ཤོར་བ།   ཡུན་རིང་བཤལ་བ།   རྨ་ངན་སོགས་ལ་ཕན།  

镇惊安神;平肝潜阳;固涩;收敛。主惊痫癫狂;心悸怔忡;失眠健忘;头晕目眩;自汗盗汗;遗精遗尿;崩漏带下;久泻久痢;溃疡久不收口及湿疮

འབྲུག་སོ།  

龙齿

སོ་ཡི་༼གཟེར་སྨན་གསུམ་དང་སྨན་ཆེན་སྦྱར་བས་འབམ་སོ་ལ་ཕན་༽གཟེར་འཇོམས་ཤིང་སོ་བརྟན་པར་བྱེད།  སྲིན་སྨན་ལ་སྦྱར་བས་སྲིན་གཟེར་འཇོམས།  

འབྲུག་རུས་དང་འདྲ།

同上

སྨུག་པོ་སྦལ་རྒྱབ།  

赭石

བྱང་ཁོག་གི་ཆུ་སེར་འདྲེན་ཅིང་སྐེམ།  མགོ་སོགས་རུས་ཆག་སྦྱོར་ཞིང་ལྷ་བ་འཛིན།  ཀླད་པ་རལ་བ་བསྡོམས།  རྨ་གསོ།  རྣག་སྐེམ།  

མཆིན་པའི་ནད་དང་གྱེན་ལྡོག་སེལ།  ་ཁྲག་ཚད་ལ་ཕན་ཁྲག་འབྱུང་གཅོད།   གཙོ་བོ་མགོ་ཡུ་འཁོར་བ་དང་རྣ་འུར་བ།  སྐྱུགས་མེར་ལངས་པ།  སྐྱིགས་བུ་བྱེད་པ།  དབུགས་ཧལ་བ།  ཁྲག་སྐྱུག་པ།  སྣ་དང་སོ་ཁྲག་ཤོར་བ།  ཟླ་མཚན་མི་སྙོམས་པ།   

 平肝潜阳,重镇降逆, 凉血止血。用于眩晕耳鸣,呕吐, 噫气, 呃逆, 喘息, 吐血, 齟血, 崩漏下血。

ལྡོང་རོས།  

雄黄

རྨ་ངན་དང་རྨེན་བུའི་ནད།  པགས་ནད་ཆུ་སེར་ལ་སོ་གས་སེལ།  སྲིན་གསོད།  སྦྲུལ་དང་སྡིག་པ་དུག་སྦྲང་བཅས་ཀྱི་སོ་དུག་འཇོམས།  བསེ་དྲི་སེལ།  ཁྱད་པར་གག་པ་དང་ལྕེ་སྐྲངས་འཇོམས།  

ཆུ་སེར་འཇགས་ཞིང་འབུ་གསོད་པ་དང་།  ལུད་པ་གོག་པ།  འདར་ནད་སེལ།  སྦྲུལ་དང་འབུས་སོ་བརྒྱབ་ནས་དུག་ཕོག་པ་སེལ་བ་བཅས་ལ་ཕན།  གཙོ་བཅོས་སྤྱོད་ཐབས་ལ་ཁོག་ནང་བཏང་ན་བརྒྱལ་གཟེར་བརྒྱབ་ནས་ལྦུ་བ་སོབ་སོབ་དོན་པ་བཅོས་ཐུབ།  ཕྱིར་སྤྱོད་ན་པགས་ནད་གཡན་པ་དང་།  འབུ་དང་སྦྲུལ་གིས་སོ་བརྒྱབ་པའི་རྨ་སྐྱོན་སོགས་བཅོས་ཐུབ།  【3】655

 解毒杀虫,燥湿祛痰, 截疟。用于痈肿疔疮 , 蛇虫咬伤, 虫积腹痛, 惊痫, 疟疾。

བ་བླ།  

雌黄

རྨ་ངན་རུལ་བ་གཅོད།  པགས་ནད་དང་ཤུ་ཐོར་སེལ།  སྦྲུལ་སྡིག་སྦྲང་བུའི་སོ་དུག་འཇོམས།  སྲིན་གསོད།  གདོན་ནད་སྨྱོ་འབོག་བརྒྱལ་གཟེར་བཅས་ལ་ཕན།  

གོང་གི་ལྡོང་རོས་དང་འདྲ།

 同上

ནག་ཚུར་སེར་ཚུར།  

绿矾

རུལ་བ་གཅོད་ཅིང་སྐྲན་བརྐོ།  ཚད་ལས་ཐལ་ན་དུག་ཡོད་པས་སྤྱིར་བཏང་ཕྱི་སྤྱོད་ལས་ཁོང་སྨན་དུ་བསྟེན་པ་ཉུང་།  དངུལ་ཆུ་དང་ལྕགས་ཁམས་གཡའ་ཕྱི་དུག་འདོན་ལ་མཁོ་གལ་ཤིང་ཏུ་ཆེ།  

དུག་སྲིན་སེལ་ཞིང་ཁྲག་དང་རྨ་ཁ་གསོ།  གཙོ་བོ་ཁྲག་ཉམས་པ་དང་།  ཟས་སྐྲན།  ཕོ་བ་སྦོས་པ།  རྒྱུ་རླུང་ཁྲག་ཏུ་བཤལ་བ།   རྨ་ཁ་རུལ་བ།   མིད་པ་འགགས་པ།  རླུང་ཕོག་དུས་མིག་ཆུ་ཤོར་བ།   ཟ་རྐོང་རྣམས་བཅོས་པ།  

燥湿杀虫;补血消积;解毒敛疮。主血虚萎黄;疳积;腹胀痞满;肠风便血;疮疡溃烂;喉痹口疮;烂弦风眼;疥癣瘙痒

གཉིས།  རྩི་ཤིང་སྨན་རྫས་ཀྱི་སྐོར།

དཔའ་བོ་ཆེན་པོ།  གླ་ཆེན་ཆིག་ཐུབ།  སྒ་སྐྱ།  སྒོག་སྐྱ།  རུ་རྟ།  བོང་ང་ནག་པོ།  སྙིང་ཞོ་ཤལ་ལ་ཕུད།  འདྲེ་ཤ་མ།  ཕ་ཝང་སྒོ་ཏི།  ལྕུམ་རྩ།  ར་མོ་ཤག་ཆེན།  ནཱ་ག་གེ་སར།  ཙམ་པ་ཀ པུ་ཤེལ་ཙེ།  དབྱར་རྩྭ་དགུན་འབུ།  ལྕམ་འབྲས།  སྲོ་ལོ་དམར་པོ།  སྟར་བུ།  ཀ་ཀོ་ལ།  ལ་ལ་ཕུད།  ན་ལེ་ཤམ་འམ་ཕོ་རིས་ནག་པོ།  སྲོ་ལོ་དཀར་པོ།  སྨན་སྒ། ར་མཉེ།  ཤུ་མོ་ཟ་སོགས་བོད་ལུགས་གསོ་རིག་གི་ཕན་ནུས་དང་ཕྱོགས་མཚུམས་པས་འདིར་བཀོད་མེད་དོ།

སྨན་རྫས་མིང་།

ནུས་པ།

བོད་ལུགས་གསོ་རིག

ཀྲུང་ལུགས་གསོ་རིག

 

ལི་ཤི

丁 香

སྲོག་རྩའི་ནད་དང་གྲང་རླུང་སེལ།   ཕོ་མཆིན་གྱི་དྲོད་སྐྱེད།   ཟས་འཇུ།   ཡི་ག་འབྱེད།   སྐྱིགས་བུ་སེལ་ཞིང་སྐྱུགས་པ་དང་གྲང་འཁྲུ་གཅོད།   འབྲུམ་བུའི་ནད་ལ་ཕན།  

ནུས་པས་ཕོ་མཆེར་དྲོད་སྐྱེད།  སྐྱིགས་བུ་གསོ།  གཙོ་བཅོས་ཕོ་དྲོད་ཉམས་དང་སྐྱིགས་བུ་འཕེལ།  སྐྱུགས་བཤལ་ཕོ་ཁ་ན་གཟེར་གསོ།  【2】760

 温中降逆, 补肾助阳。用于脾胃虚寒,呃逆呕吐,食少吐泻, 心腹冷痛, 肾虚阳痿

མཁའ་ཞོ་དམར་པོ།  

刀 豆

ནུས་པ་མཁལ་ཚད་སེལ།   མཁལ་མའི་སྟོབས་སྐྱེད།   མཁལ་དྲོད་ཉམས་པ་གསོ།  

གྲང་འཁྱག་སྐྱིགས་སྒྲེག་ཕོ་བ་ན།  མཁལ་མ་ཉམས་དང་མཁལ་རྐེད་ན་བར་ཕན།  2】327页

 温中,下 气 ,止呃。用于虚寒呃逆,呕吐。

ཤྲཱི་ཁཎྜ

干 漆

དྲི་མ་འགགས་པ་འབྱིན་ཅིང་དྲག་པོར་སྦྱོང་།   དུག་ཤས་ཆེ་བས་ཚད་ལས་ཐལ་ན་ཉེས་པ་ཤིན་ཏུ་ཆེ་བས་གཟབ་ནན་གནང་བར་རིགས་སོ།  

ཟླ་མཚན་འགགས་འཁྱིལ་སེལ།  ཁ་ཟས་འཇུ།  སྲིན་འབུ་སེལ།  གཙོ་བོ་མོ་ནད་ཁྲག་ཚབས།  རྒྱུ་སྲིན་རྐྱེན་གྱི་གཟེར་ཟུག་རྒྱབ་པ་སོགས་ལ་ཕན།  

 破瘀通经, 消积杀虫。用于瘀血经闭, 癥瘕积聚, 虫积腹痛。

མ་ནུ་པ་ཏྲ།  

土木香

རླུང་ཁྲག་འཐབ་པ་དང་བད་ཀན་ཚ་བ་སེལ།   ཕོ་བའི་ལྷེན་ནད་དང་བད་མཁྲིས་འཇོམས།   མེ་དྲོད་སྐྱེད་ཅིང་ཟས་འཇུ་དང་ག་འབྱེད།  

མཆེར་པ་དང་ཕོ་བ་གསོ་བ། ལུས་ཟུངས་སྙོམས་ཞིང་སུན་སྣང་འཇགས་པ། ན་ཟུག་གཅོག་པ། མངལ་བརྟན་པོར་གནས་པ་བཅས་ལ་ཕན། གཙོ་བོ་དལ་བའི་རང་བཞིན་གི་ཕོ་ཚད་དང་། ཕོ་བ་དང་རྒྱུ་མའི་ནུས་པ་མི་སྙོམས་པ། རྩིབ་བར་གི་དབང་རྩ་ན་བ། བྲང་ལྡེབས་རྨས་སྐྱོན་ཤོར་ནས་རླུང་འཚངས་ཏེ་ན་ཟུག་གཏོང་བ་སོགས་བཅོས་ཐུབ།【3】423

健脾和胃,行气止痛, 安胎。用于胸胁、脘腹胀痛,呕吐泻痢, 胸胁挫伤, 岔气作痛, 胎动不安。

ཨའུ་རྩི།  

川 贝 母

དུག་ཚད་སེལ་ཞིང་རུས་ཆག་སྦྱོང་།   ཁྱད་པར་གློ་མང་འགོག་པ་དཀའ་བ་དང་།   རླུང་གློ་རྒྱུན་དུ་ལུ་བ།   ཆམ་ཚད་གྲེ་བར་བབས་པ།   གྲེ་བ་འཚང་ཞིང་དབུགས་མི་བདེ་བ།   སྐབས་སུ་ཁྲག་ཏུ་ལུ་བ་བཅས་ལ་སྨན་འདི་ཆིག་ཐང་བཏང་བས་འཇོམས་པར་འགྱུར་བ་མྱོང་བས་གྲུབ་པའོ།  

ཚ་བ་སེལ་ཞིང་གློ་བ་གཤེར་བ་དང་།ལུད་པ་གོག་ཞིང་གློ་འཇགས་པར་ཕན།གཙོ་བོ་གློ་བར་ཚ་བ་ཞུགས་ནས་གློ་རྒྱག་པ་དང་། གློ་གཅོང་གིས་དབུགས་ལམ་ནས་ཁྲག་དོན་པ། གཉན་འབུར་དོན་པ། ལིང་པ་ཅེ་ཧེའི་ནད་སོགས་བཅོས་ཐུབ།【3】127

淸热润肺,化痰止咳, 散结消痈。用于肺热燥咳, 干咳少痰, 阴虚劳嗽, 痰中带血,瘰疬 , 乳痈, 肺痈。

ཀོ་བྱི་ལ།  

马 钱子

དུག་གི་ནད་དང་།   དུག་ཚད་དང་གླང་ཐབས་སེལ།   ཁྲག་རླུང་སྟོད་འཚངས་འཇོམས།  

ནུས་པས་རྩ་ལམ་འབྱེད་དང་སྐྲངས་འབུར་གཞིལ།  ཟུག་རྔུ་སེལ་བར་བྱེད་པ་ཡིན།  གཙོ་བཅོས་གདོང་གི་དབང་རྩ་སྦྲིད་པ་དང་།  གཞོགས་ཕྱེད་ཉམས་སྐམ་རྐང་ལག་གི ཤེད་ཟད་བྱིས་པའི་སྦྲིད་ནད་ཀྱི།  ནད་བག་རྡེབ་རྨས་རུས་ཆག་དང་།  རྨེན་འབྲས་འདུས་འདྲིལ་གཅོང་ནད་གསོ།  ཕྱི་ལ་བྱུགས་པས་སྐྱི་སྐྲན་དང་།  ལྷོག་འབྲས་ཕོལ་རྨ་འཇོམས་པར་བྱེད།  2291页

 通络止痛, 散结消肿。用于跌打损伤, 骨折肿痛, 风湿顽痹,麻木瘫痪, 痈疽疮毒, 咽喉肿痛。

འབྲ་གོ་དམར་པོ།  

大 枣

བད་ཀན་སྨུག་སེར་དང་ཕོ་ནད་སེལ།   རླུང་ཁྲག་ཚ་བ་དང་སྨྱོ་བྱེད་ཀྱི་གདོན་ལ་ཕན་ཞིང་རོ་ཙ་བར་བྱེད།   འདི་བསྐོལ་བའི་ཁུ་བས་སྨན་རིལ་གྱི་དམ་རྩི་བྱས་ན་མཆོག་ཏུ་འགྱུར་བར་གསུངས།  

ཟུངས་ཁྲག་གསོ་ཞིང་ཕོ་མཆེར་དང་སྨྱོ་བྱེད་གདོན་ལ་ཕན།  གཙོ་བོ་ཕོ་མཆེར་ནད་སྙིང་གི་རླུང་ཚབས་སེལ།  

 补中益气,养血安神。用于脾虚食少,乏力便溏, 妇人脏躁。

ལང་ཐང་ཙེ

天仙子

སྲིན་གྱི་ནད་རིགས་སྤྱི་དང་ཁྱད་པར་མགོ་དང་སོ་ལ་སོགས་པར་ཞུགས་པའི་སྲིན་ནད་སེལ།  ཡན་ལག་ཚིགས་ཀྱི་ཆུ་སེར་སྐེམ།   གཟེར་ཟུག་གཅོག ཕོ་བའི་ནད་སེལ།   འཁྲུ་བ་རྒྱུན་འབྱམས་གཅོད།  

རེངས་འཁུམས་བསང་བ་དང་། ན་ཟུག་གཅོག་པ། གློ་རྒྱག་པ་དང་དབུགས་ཧལ་བ་འཇགས་པ་བཅས་ལ་ཕན། བརྒྱལ་གཟེར་གིས་སྨྱོ་ནད་དང་། རྐང་ལག་རེངས་འཁུམས། དབུགས་ཧལ་བ་དང་གློ་རྒྱག་པ། ཕོ་བ་ན་བ་སོགས་བཅོས་ཐུབ།【3】538

解痉止痛,平 喘 , 安 神 。用于胃脘挛痛,喘咳, 瘭狂。

ཉེ་ཤིང་།  

天 冬

ཚེ་བསྲིང་ལུས་སྟོབས་གསོ།    ཆུ་སེར་སྐེམ།   རླུང་དང་གྲང་བ་གབ་ཚད་རྙིང་པ་དང་ལྷེན་གྱི་ནད་རིགས་ལ་སོགས་སེལ།  

ཆུ་ཁམས་གསོ་བ་དང་། གློ་བའི་ཚ་བ་འཇགས་པ། གློ་འཇགས་པ་བཅས་ལ་ཕན། གཙོ་བོ་གློ་ཡུའི་ཡན་ལག་གི་གཉན་ཚད་དང་། ལྐོག་རྨེན་གི་གཉན་ཚད། གློ་གཅོང་གིས་གློ་རྒྱག་པ། ཁ་དང་ལྕེ་སྐམ་པ། ཆུ་སེར་ཉམས་པས་བཙོག་པ་འགགས་པ། གཅིན་པ་མངར་འགྱུར་གི་ནད་སོགས་བཅོས་ཐུབ།【3】561 

 养阴润燥,淸肺生津。用于肺燥干咳, 顿咳痰黏, 腰膝酸痛, 骨蒸潮热, 内热消渴,热病津伤, 咽干口渴,肠燥便秘。  

ཅུ་གང་།  

天竺黄

གློ་ཚད་དང་རྨ་ཚད་ལ་སོགས་ཚད་པའི་རིགས་ཀུན་ལ་མཆོག  ཁྱད་པར་བྱིས་པའི་གློ་ཚད་དང་མཁྲིས་ཚད་སེལ།  

ཚ་བ་དྭངས་དང་ལུད་པ་འབྱིན།  སྙིང་ཁམས་གཟའ་ནད་ཞོད་འཇགས་བྱེད།  གཙོ་བཅོས་ཚ་འཁྲུལ་གཏམ་འཆལ་སྨྲ་བ་དང་།  གཟའ་ཕོག་ལུད་གྲིབ་བྱིས་པ་ལ།  གཟའ་ནད་ཕོག་དང་རྩ་འཁུམ་གསོ།  

 清热豁痰, 凉心定惊。用于热病神昏,中风痰迷,小儿痰热惊痫、 抽 搐 、 夜啼。

དྭ་བ།  

制天南星

སྲིན་གསོད།   རུས་འཛེར་འགོག ཕོ་བར་རླུང་ཞུགས་པ་སེལ་ཞིང་ཕོ་དྲོད་སྐྱེད།   སྐྲངས་པ་འཇོམས།   འབྲས་འདུལ།   ཤ་རོ་གཅོད།   གཞན་ཡང་འབྲས་བུས་དུག་གིས་འགགས་པ་སེལ།   མེ་ཏོག་གིས་མངལ་སྐྱོན་བཤིག་ལ་མངལ་སྒོ་འབྱེད།   འདི་དག་ཀུན་ལ་དུག་ཤེད་ཡོད་པས་སྦྱར་ཚད་ཐད་གཟབ་ནན་བྱ།  

ཆུ་སེར་འཇགས་པ་དང་།ལུད་པ་རྡོག་རྡོག་ཞིག་པར་ཕན། གཙོ་བོ་དལ་བའི་རང་བཞིན་གྱི་གློ་ཡུའི་གཉན་ཚད་དང་། གློ་ཡུའི་ཡན་ལག་གི་ཞེང་རྒྱ་ཆེ་རུ་ཕྱིན་པ། རྨ་ངན་དུག་མཆེད། ཁ་བསྒྲིགས་ནས་གདངས་མི་ཐུབ་པ། བྱིས་པའི་འདར་ཧྲེངས། བརྒྱལ་གཟེར་སོགས་བཅོས་ཐུབ། ཕྱི་དུ་གཉན་འབུར་ཐོག་མར་དོན་དུས་འབྱར་ན་ཕན།【3】164

燥湿化痰,祛风止痉, 散结消肿。用于顽痰咳嗽,风痰眩晕,中风痰壅,口眼埚斜,半身不遂 ,癫痫 ,惊风 ,破伤风;外用治痈肿, 蛇虫咬伤

ག་པུར།  

天然冰片

རྒྱས་པའི་ཚ་བ་གསོད།   ཚད་རྙིང་རུལ་ཞེན་པ་འབྱིན།   ཚ་བའི་ཟུག་གཟེར་གཅོག

བློ་སྒོ་འབྱེད་ཞིང་ཤེས་པ་གསལ།  ཚ་བ་འཇོམས།  ན་ཟུག་གཅོག གཙོ་བོ་ཚ་བ་དང་གདོན་གྲིབ་སོགས་ཀྱི་བརྒྱལ་བ།  བྲང་དང་སྙིང་ཁ་གཟེར་བ།  མིག་དམར་བ།  ཁ་ནང་རྨ་འདོན་པ།  མིད་པ་སྐྲངས་ཞིང་ན་བ།  རྣ་ནང་རྣག་འབྱུང་བ་ལ་ཕན།  

 开窍醒神,淸热止痛。用于热病神昏、 惊厥 ,中风痰厥, 气郁暴厥,中恶昏迷,胸痹心痛,目赤,口疮, 咽 喉肿痛, 耳道流脓。

སེ་ཡབ།  

木 瓜

བད་ཀན་ཚ་བ་སེལ།   སྨུག་པོའི་གཟེར་ཟུག་འཇོམས།   རྣ་བའི་ནད་ལ་ཕན།  

ཕོ་བ་གསོ་བ་དང་ཆུ་སེར་སེལ་བ། རྒྱུས་པ་གསོ་ཞིང་འཕྲེད་རྩ་བསང་བ། གཙོ་བོ་འབམ་གྲུམ་གིས་ཁྲག་རྩ་འགགས་ནས་ན་བ་དང་། སྐྱུགས་པ་ཤོར་བ། གྲོད་ཁོག་བཤལ་བ། ཉྭ་ལོག་པ། འཇུ་སྟོབས་ཞན་པ་སོགས་བཅོས་ཐུབ།【3】342

 舒筋活络,和胃化湿。用于湿痹拘挛, 腰膝关节酸重疼痛,暑湿吐泻,转筋挛痛, 脚气水肿。

གསེར་མེ་ཆེ་བ།  

木鳖子

ནུས་པས་རྒྱུ་ལོང་མཁྲིས་པ་ལ་སོགས་སྣོད་ཀྱི་ཚད་པ་སེལ།    སྤྱིར་ན་མཁྲིས་ཚད་འཇོམས་པའི་སྨན་མཆོག་ཡིན།  

རོ་ཁ་ཅུང་མངར་ནུས་པ་དྲོ་ལ་དུག་ལྡན་པ།  དུག་སེལ་སྐྲངས་བཤིག་ཅིང་ན་ཟུག་གཅོག གཙོ་བཅོས་རྣག་གྱུར་རང་བཞིན་གྱི་ཚ་ནད་དང་།  ནུ་ཚབས་རྨེན་བུའི་གཉན་ཚད་དང་མགོ་བོའི་ཟ་རྐོང་གཞང་འབྲུམ་རྣམས་འཇོམས།  

 散结消肿, 攻毒疗疮 用于疮疡肿毒, 乳痈 ,瘰疬, 痔瘘, 干癱, 秃疮。

ཐ་རམ།  

车前子

ཚ་གྲང་གི་འཁྲུ་བ་གཅོད།  

འབྲུ་གུས་དྲི་ཆུ་འབབ་དང་མཆིན་པ་དྭངས།  མིག་གསལ་བ།  ལུ་འཇགས་ལུད་པ་འབྱིན་པར་ཕན།  ཐ་རམ་རྩྭས་ཚ་དྭངས་དུག་སེལ་ལ་ཕན་པ་དང་།  དྲི་ཆུ་འབབ་དང་མིག་གསལ་བའི་ནུས་པ་ཅུང་ཞན་པ་ཡིན།  གཙོ་བཅོས་འབྲུ་གུས་དྲིན་ཆུ་འགགས་པ་དང་ཁྲག་གཅིན་དང་།  གྲང་ནད།  གཅིན་ལམ་རྡེའུ་ནད་དང་།  གཅིན་ལམ་གཉན་ཚད།  མཆིན་ཚད་མིག་ན་བ།  ལུ་བརྒྱལ་དབུགས་ཧལ་བ་བཅས་གསོ།  ཐ་རམ་རྩྭས་ཆུ་སེར་རྨ་དང་སྐྲངས་དུག་དང་།  ཕོ་རྒྱུ་དང་མཁལ་མའི་གཉན་ཚད།  ནུ་ཚད་སོགས་སེལ་བ་ཡིན།  2】168页

 清热利尿通淋 ,渗湿止泻 ,明目,祛 痰 。用于热淋浬痛, 水肿胀满,暑湿泄泻,目赤肿痛,痰热咳嗽。

བྱི་བཟུང་།  

牛蒡子

ནུས་པས་དོན་སྣོད་དུ་གནས་པའི་རྡོ་སྐྲན་བཤིག རྩ་ནད་སྦྱོང་།   མ་སྨིན་རིམས་ལ་བཏང་བས་སྨིན་པར་བྱེད།  

རླུང་འཇོམས་ནས་ཚ་བ་སེལ་བ་དང་། གློ་ཚད་འཇོམས་ཞིང་ཐོར་པ་སྨིན་པ། ཚ་བ་དང་དུག་སེལ་བ་བཅས་ལ་ཕན། གཙོ་བོ་ཆམ་པས་གློ་རྒྱག་པ་དང་མིད་མགྲིན་སྐྲངས་ནས་ན་བ།ཐོར་པ་མ་སྨིན་པ། གཉན་འབུར་སོགས་བཅོས་ཐུབ།【3】96

 疏散风热 ,宣肺透疹 ,解毒利咽 。用于风热感冒,咳嗽痰多 ,麻疹 ,风疹 ,咽喉肿痛 ,痄腮 ,丹毒 ,痈肿疮毒。

རྒྱ་རྩི༼ རྒོད་པ།   ༽

升 麻

རྨ་ངན་དང་།   རྔོ་ཤུ།   ཐོར་པ།    ཟ་ཕྲུག་སོགས་པགས་ནད་ཀྱི་རིགས་སེལ་ཞིང་།    འབྲས་སྐྲན་འདུལ།   སྤྱིར་བཏང་ཕྱི་ལ་བྱུག་པར་སྤྱོད་པ་ཡིན།  

ཟུངས་(གདགས)འཕེལ་ཞིང་ལུས་གི་གྲང་ངད་སེལ་བ་དང་། དུག་སེལ་ཞིང་ཐོར་པ་སྨིན་པ་བཅས་ལ་ཕན། གཙོ་བོ་ཆམ་པ་མགོ་བོ་ན་བ་དང་།མགྲིན་པ་ན་བ། ཁ་ལ་རྨ་ཆགས་པ། ཤུ་ཐོར་མ་སྨིན་པ། མཆེར་པ་དང་ཕོ་བའི་ནུས་པ་ཉམས་ནས་རྒྱུན་རིང་བཤལ་བ། རྫི་ཤ་ལུག་པ། བུ་སྣོད་ནས་ཁྲག་འཛག་པ་དང་ཤོར་ཆེ་བ་སོགས་བཅོས་ཐུབ།【3】98

发表透疹,淸热解毒, 升举阳气。用于风热头痛, 齿痛 ,口疮, 咽喉肿痛,麻疹不透 ,阳毒发斑,脱肛 , 子宫脱垂。

སྲོ་མ་ནག་པོ།  

火麻仁

བཅུད་དང་ལྡན་པས་ལུས་སྟོབས་སྐྱེད།   རླུང་ནད་སེལ་ཞིང་ཁྱད་པར་མགོ་རླུང་ལ་མཆོག  བཤང་བ་འགགས་པ་ལ་ཕན།  

ནུས་པས་རྒྱུ་མར་གཤེར་གཏོང་བ།  གཙོ་བཅོས་ལུས་ཟུངས་གསོ་དང་རྩ་འགགས་སེལ།  ཆུ་སྐྲངས་སེལ་འཇོམས་ལ་ཕན་ནོ།  

润肠通便。用于血虚津亏, 肠燥便秘

དན་རོག

巴 豆

མ་ཞུ་བ་སོགས་ལྡན་འདུས་ཀྱི་ནད་རྣམས་དྲག་པོར་སྦྱོང་ཞིང་འཁྲུ་བར་བྱེད།   དྲི་མ་འགགས་པ་འབྱིན།  

སོན་འབྲུ་ཚ་དྲོ་དུག་ཆེན་ལྡན།  འགགས་འཁྱིལ་སྦྱོང་བར་བྱེད་པ་དང་།  ཆུ་འབྱིན་སྐྲངས་པ་ཞི་བ་ཡིན།  རྩ་ལོ་ཚ་དྲོ་དུག་ལྡན་པ།  དྲོད་སྙོམས་གྲང་སེལ་རླུང་འབྱིན་རྩ་རྒྱུས་བཤང་བར་བྱེད།  གཙོ་བཅོས་སོན་འབྲུ་གྲང་འཁྱགས་ཟས་མི་འཇུ།  བྲང་ཁོག་ཁེངས་སྤོས་སེལ་བ་ཡིན།  ཕྱི་བཀོལ་པགས་པས་འདར་ནད་དང་།  རྒྱུ་འཁྱིལ་འཇོམས་པ་བྱེད་པ་ཡིན།  རྩ་བར་དྲེག་གྲུམ་ཕོག་རྡབ་སྐྲངས་གཟེར་དང་།  དུག་སྦྲུལ་གྱི་རྨུག་རྨ་འཇོམས་པར་བྱེད།  ལོ་མས་ཕྱིད་རྨས་གསོ་དང་འབུ་སྲིན་སེལ།  2】446页

 外用蚀疮。用于恶疮疥癣,疣痣。 巴豆霜峻下冷积,逐水退肿,豁痰利咽;外用蚀疮。用于寒积便秘,乳食停滞,腹水臌胀,二便不通,喉风,喉痹;外治痈肿脓成不溃,疥癣恶疮,疣痣。

སྤང་སྤོས།  

甘 松

དུག་ཚད་དང་རྙིངས་ཚད་སེལ།   གཉན་དང་ཚད་པས་ཤ་སྐྲགས་པ་འཇོམས།     གག་ལྷོག་དང་སྲིན་ལ་ཕན།  

ཕོ་མཆེར་གི་མེ་དྲོད་གསོ་ཞིང་གྲང་བ་སེལ་བ་དང་། ལུས་ཟུངས་སྙོམས་ཞིང་ན་ཟུག་གཅོག་པ། ཕོ་བ་གསོ་བ། ཁོག་ནང་སྲིན་འབུ་རིལ་མོ་འདེད་པ་བཅས་ལ་ཕན། གཙོ་བོ་བྲང་ཁོག་བརྒྱངས་ཞིང་གྲོད་ཁོག་སྦོས་ནས་ན་བ་དང་། སོ་ན་བ། ལུས་སེམས་མི་བདེ་བ། མགོ་ན་བ། ཁོག་ནང་སྲིན་འབུ་རིལ་མོས་རྐྱེན་པས་བརྒྱལ་གཟེར་རྒྱག་པ་སོགས་བཅོས་ཐུབ།【3】426

理气止痛, 开郁醒脾;外用祛湿消肿。用 于脘腹胀满,食欲不振,呕吐;外用治牙痛, 脚气肿毒。

ཤིང་མངར།  

甘 草

གློ་བའི་ནད་དང་ཁྱད་པར་གློ་ཚད་འཇོམས།   ལུ་བ་གཅོད་ཅིང་ལུད་པ་འདྲེན།   སྐད་འགགས་པ་དང་གྲེ་བར་ཐོར་པ་བྱུང་བར་ཕན།   སྐོམ་དད་དང་རྩ་ནད་སེལ།  

ནུས་པས་གློ་བ་གཤེར་བ་དང་དུག་སེལ་བ།  སྙོམས་མཐུན་བཅས་ལ་ཕན།  གཙོ་བཅོས་ཚ་འདུལ་བྱས་པ་བཀོལ་ན་ཕོ་མཆེར་ཉམས་རྒུད་དང་།  འབྲུམ་པ།  གློ་ལུ་གསོ་བ་དང་།  རྗེན་པ་བཀོལ་ན་ཨོལ་གྲེ་སྐྲངས་གཟེར།  རྨ་འབྲས་ལྷོག་རལ།  སྨན་རྫས་སམ་ཟས་དུག་ཕོག་པ་བཅས་སེལ་ཤིང་མངར་གྱི་རྩད་རྩེས་དྲན་པ་ཀ་བ་ན་བ་དང་གྲང་ནད་ལ་ཕན།  2208

补脾益气,淸热解毒,祛痰止咳, 缓急止痛 ,调和诸药。用于脾胃虚弱 , 倦怠乏力 ,心悸气短 ,咳嗽痰多 ,脘腹、四肢挛急疼痛, 痈肿疮毒,缓解药物毒性、 烈性。 补脾和胃,益气复脉。用于脾胄虚弱, 倦怠乏力, 心动悸,脉结代。

ཤུ་དག་དཀར་པོ།  

石菖蒲

ཁ་ཟས་འཇུ་ཞིང་ཕོ་བའི་མེ་དྲོད་སྐྱེད།   རླུང་འཇོམས།   གག་ལྷོག་སེལ།   ཆུ་སེར་འདྲེན་ཅིང་འཁྲུ་བ་གཅོད།   ཁྱད་པར་ནག་པོས་གཉན་ཚད་གྱེན་དུ་འདྲེན།   དཀར་པོས་ཤ་རྒྱས།   བཅུད་ལེན།   དྲན་པ་གསལ།   བློ་འཕེལ་གྱི་རྫས་སུ་འགྲོ།  

ནུས་པས་བློ་སྒོ་འབྱེད་དང་ལུད་པ་འབྱིན།  རླུང་དང་རླན་གྲང་སེལ་ལ་ཡི་ག་འབྱེད།  གཙོ་བཅོས།  བརྒྱལ་གཟེར་དང་གཟའ་ཕོག་པ་དང་དྲེག་གྲུམ་དང་གྲོད་ཁོག་ན་བ།  གྲང་འཁྲུ་བཅས་ལ་ཕན།  

 

开窍豁痰,醒神益智,化湿开胃。用于神昏癫痫, 健忘失眠, 耳鸣耳聋,脘痞不饥, 噤口下痢。

སེ་འབྲུ་ལྤགས།  

石榴皮

ཕོ་བའི་ནད་རིགས་སེལ་ཞིང་།   མེ་དྲོད་སྐྱེད།   བད་ཀན་གྲང་བའི་ནད་རིགས་མ་ལུས་འཇོམས།   དང་ག་འབྱེད།   གྲང་འཁྲུ་གཅོད་པ་བཅས་གྲང་བའི་ནད་ཀྱི་སྨན་མཆོག་ཡིན།  

འབུ་གསོད་པ་དང་། བཤལ་ནད་གཅོད་པ། འཛག་སྡོམ། ཁྲག་གཅོད་པ་སོགས་ལ་ཕན། སེ་འབྲུའི་སྡོང་པོའི་ཕྱི་པགས་དང་རྩ་བའི་ཕྱི་པགས་གིས་ཁོག་ནང་སྲིན་འབུ་རིལ་མོ་དང་། ཁོག་སྲིན་འབུ་དཀར་ལེབ་རིང་མ་ཕྱིར་འདེད་པ་དང་། བཤལ་ནད། གྲང་དཀར་འཛག་པ་བཅས་བཅོས་ཐུབ། སེ་འབྲུའི་ཕྱི་པགས་གིས་འབུ་ཕྲའི་བཤལ་ནད་དང་། རྫི་ཤ་ལུག་པ། ཁུ་བ་ཤོར་བ་བཅས་བཅོས་ཐུབ། མེ་ཏོག་གིས་ཁྲག་སྐྱུགས་པ་གཅོད་པ་དང་།ཞིབ་ཞིབ་བཟོས་ནས་སྣ་ཁུང་ནང་ཕུ་འདེད་བྱས་ན་སྣ་ཁྲག་གཅོད་ཐུབ།【3】635

 涩肠止泻, 止血, 驱虫。用于久泻, 久痢 , 便血 , 脱肛, 崩漏, 带下, 虫积腹痛。

སྒེ་གཤེར།  

生 姜

།   ནུས་པས་ཡི་ག་འབྱེད།   ཁོང་སྣུམ།   སྒྲེགས་པ་སེལ།   རོ་ཙ་སྐྱེད།   རྔུལ་དབྱུང་།   སྲིན་གསོད།  

མ་སྨིན་ཚ་བ་སེལ་ཞིང་གྲང་བ་འཇོམས།  མེ་དྲོད་གསོ་ཞིང་སྐྱུགས་དང་ལུ་བ་གཅོག ཉ་དང་སྡིག་སྲིན་གྱི་དུག་སེལ།  

解表散寒, 温中止呕,化痰止咳,解鱼蟹毒。用于风寒感冒, 胄寒呕吐,寒痰咳嗽, 鱼蟹中毒

པ་ཏོ་ལ།  

白 及

ནུས་པས་སྲིན་ནད་སེལ་ཞིང་ཡི་ག་འབྱེད།  

ཁྲག་གཅོད་གློ་གསོ་ཤའུ་སྐྱེད།  གཙོ་བཅོས་གློ་སྐྲན་ཁྲག་ལུ་ནད།  གློ་བ་ཕོར་བར་ཁྲག་ཐོན་པ།  ཕྱི་བྱུགས་རྨ་ལྷོ་སྐྲངས་པ་དང་།  མེ་ཆུས་འཚིག་བསྲེགས་གསོ་བ་ཡིན།  2490

 收敛止血, 消肿生肌。用于咯血,吐血,外伤出血,疮疡肿毒,皮肤皲裂。

གཡེར་ཤིང་མཆོག

玄参

འབྲུམ་པའི་ཚད་པ་སེལ།   དུག་དང་ཚད་རིམས་འཇོམས།  

ནུས་པས་ཆུ་ཁམས་གསོ་ཞིང་ཚ་བ་སེལ།  ཚ་དྭངས་དུག་སེལ་སྐོམ་དད་སེལ།  2720页

 清热凉血, 滋阴降火,解毒散结。用于热入营血, 温毒发斑,热病伤阴, 舌绛烦渴, 津伤便秘, 骨蒸劳嗽,目赤,咽痛, 白喉, 療疬, 痈肿疮毒。

དྭ་གཡུང་།  

半 夏

སྲིན་གསོད།   རུས་འཛེར་འགོག ཕོ་བར་རླུང་ཞུགས་པ་སེལ་ཞིང་ཕོ་དྲོད་སྐྱེད།   སྐྲངས་པ་འཇོམས།   འབྲས་འདུལ།   ཤ་རོ་གཅོད།   གཞན་ཡང་འབྲས་བུས་དུག་གིས་འགགས་པ་སེལ།   མེ་ཏོག་གིས་མངལ་སྐྱོན་བཤིག་ལ་མངལ་སྒོ་འབྱེད།   འདི་དག་ཀུན་ལ་དུག་ཤེད་ཡོད་པས་སྦྱར་ཚད་ཐད་གཟབ་ནན་བྱ།  

ཆུ་སེར་འཇགས་ནས་ལུད་པ་གོ

ག་པ་དང་། ཕོ་བ་གསོས་ནས་མཆེར་ནུས་སྐྱེ་བ། སྐྱུག་མེར་འཇགས་པ་དང་སྐྱུག་ཐག་གཅོད་པ་བཅས་ལ་ཕན། གཙོ་བོ་ཕོ་ཚད་དང་། ཕོ་བའི་རུལ་ནད་གིས་སྐྱུགས་པ་ཤོར་བ། གློ་རྒྱག་ཞིང་ལུད་པ་མང་བ། འཁྲི་ནད་གིས་སྐྱུགས་པ་ཤོར་བ་བཅས་བཅོས་ཐུབ།【3】155

 燥湿化痰,降逆止呕, 消痞散结。用于湿痰寒痰,咳喘痰多, 痰饮眩悸,风痰眩晕, 痰厥头痛,呕吐反胃,胸脘痞闷, 梅核气;外治痈肿痰核

ཁ་ཆེ་གུར་གུམ

西红花

མཆིན་ནད་གསར་རྙིང་ཀུན་དང་།   ཁྱད་པར་མཆིན་ཚད་སེལ།   རྩ་ཁ་སྡོམ་ཞིང་མཁྲིས་པ་ཁ་ལུད་གཅོད།   ལུས་ཟུངས་འཕེལ་ཞིང་ཁྱད་པར་ཁྲག་ཉམས་པ་གསོ།    ཚད་པའི་ནད་ལ་སྨན་འདི་བདུད་རྩིར་མཚུངས།  

ནུས་པས་ཁྲག་གསོ་ཞིང་རྒྱུ་བ་བྱེད་པ།  

活血化瘀,凉血解毒,解郁安神。用于经闭癥瘕,产后瘀阻,温毒发斑,忧郁痞闷,惊悸发狂。

ལྕ་བ།  

当  归

ཡན་ལག་ཚིགས་ཀྱི་ཆུ་སེལ་སྐེམ།   མཁལ་སྐེད་ཀྱི་ནད་དང་གྲང་བ་སེལ།   ཕོ་བའི་ནད་ལ་ཕན།   ལུས་ཟུངས་གསོ།  

ཁྲག་གསོ་བ་དང་།རྩ་ཁ་འབྱེད་པ། ཆུ་ཁམས་གསོ་བ། གཙོ་བོ་ཟླ་ཁྲག་དུས་ཐོག་མི་བབ་པ་དང་། ཟླ་ཁྲག་རྒྱག་དུས་ན་བ། བུ་སྣོད་ནས་ཁྲག་འཛག་པ་དང་ཤོར་ཆེ་བ། ཟུངས་ཁྲག་དཀོན་པ། འཕར་རྩའི་ནང་སྐྱིའི་ཚ་ནད།ཁྲག་ཉམས་ནས་རྒྱུ་མའི་རློན་ཚད་མི་འདང་བས་བཙོག་པ་འགགས་པ། བརྡབས་ཆག་རྨས་སྐྱོན། ཤ་འདིག་དང་རུས་ཚིགས་ན་ཟུག་གཏོང་བ་སོགས་བཅོས་ཐུབ།【3】556

 补血活血,调经止痛,润肠通便。用于血虚萎黄,眩晕心悸,月经不调,经闭痛经,虚寒腹痛,风湿痹痛,跌扑损伤,痈疽疮疡,肠燥便秘。酒当归活血通经。用于经闭痛经,风湿痹痛,跌扑损伤。

ཛཱ་ཏི།  

肉 豆 蔻

སྲོག་རྩའི་ནད་དང་གྲང་རླུང་སེལ།   ཕོ་མཆིན་གྱི་དྲོད་སྐྱེད།   ཟས་འཇུ།   ཡི་ག་འབྱེད།   སྐྱིགས་བུ་སེལ་ཞིང་སྐྱུགས་པ་དང་གྲང་འཁྲུ་གཅོད།   འབྲུམ་བའི་ནད་ལ་ཕན།  

ཕོ་མཆེར་དྲོད་གསོ་རྒྱུ་མ་ཕན། གཙོ་བོ་ཕོ་དྲོད་ཉམས་དང་ཡུན་རིང་འབྲུམ། ཕོ་ཁ་སྦོས་གཟེར་འཇོམས་པ་བྱེད།  2675页

温中行气,涩肠止泻。用于脾胃虚寒,久泻不止,脘腹胀痛,食少呕吐。

ཤིང་ཚ།  

肉 桂

ཕོ་བའི་གྲང་བ་སེལ།   མེ་དྲོད་སྐྱེད།   ཟས་འཇུ།   དང་ག་འབྱེད།   གྲང་འཁྲུ་གཅོད།   དུག་ནད་འཇོམས།   རླུང་ནད་སེལ་ཞིང་གློ་་རྣག་འདྲེན།  

 རྔུལ་ནག་འདོན་ཞིང་ཤ་པགས་གི་ཚ་བ་གཅོག་པ་དང་། གཞུང་རྩར་དྲོད་སྐྱེས་ནས་འཕྲེད་རྩ་བསང་བ། ལུས་ཟུངས་རྒྱས་པ་དང་ཁྲག་ངན་འཁྱིལ་བ་སེལ་བ། གཙོ་བོ་མཁལ་མའི་དྲོད་སྐྱེ་ཞིང་རོ་ཙ་རྒྱས་པ་དང་། གྲང་བ་སེལ་ཞིང་ན་ཟུག་གཅོག་པ།རྐེད་པ་དང་པུས་མོའི་ཁྲག་རྩ་འགགས་ནས་ན་བ། ལུས་ཟུངས་ཞན་པའི་བཤལ་ནད། རྒྱུ་ལུག་གིས་གྲོད་ཁོག་ན་བ་སོགས་བཅོས་ཐུབ།【3】62

 

补火助阳,引火归元,散寒止痛,温通经脉。用于阳痿宫冷,腰膝冷痛,肾虚作喘,虚阳上浮,眩晕目赤,心腹冷痛,虚寒吐泻,寒疝腹痛,痛经经闭。

སྨྱུག་རྩི

竹  茹

བྱང་ཁོག་དང་ཡན་ལག་གི་རྨ་ཚད་སེལ།    ཚ་བ་རྙིང་པ་དང་།   ཁྱད་པར་མོ་ནད་ཚ་བའི་རིགས་ལ་མཆོག མཁལ་མའི་ཟུངས་སྟོབས་འཛིན་ཞིང་སྐྱེད།  

ཚ་དྭངས་ཁྲག་བསིལ་སུན་འཚབ་འཇིགས།  མངལ་བདེ་ལུད་པ་ཞི་བ་བྱེད།  

 清热化痰,除烦,止呕。用于痰热咳嗽,胆火挟痰,惊悸不宁,心烦失眠,中风痰迷,舌强不语,胃热呕吐,妊娠恶阻,胎动不安。

ཐལ་ཀ་རྡོ་རྗེ།  

决明子

པགས་པས་པགས་ནད་དང་ཤུ་བ་སེལ།    ཆུ་སེར་སྐེམ།   གཟའ་དང་མཛེ་འབྲས་སོགས་ལ་ཕན་པ་དང་།   བཅུད་ལེན་རོ་ཙའི་ནུས་པ་ཆེ་བས་བཤད།   །  

མཆིན་ཚད་འཇགས་ནས་མིག་གསལ་རུ་འགྲོ་བ་དང་། ཆུ་བབ་པ། རྒྱུ་མ་གཤེར་བ་བཅས་ལ་ཕན། གཙོ་བོ་ཆམ་ཚད་གིས་མགོ་ན་བ་དང་། དོད་དྲག་རང་བཞིན་གི་མིག་སྤྲིན་དཀར་པོའི་གཉན་ཚད། ཁྲག་ཤེད་མཐོ་བ། དལ་བའི་རང་བཞིན་གི་བཙོག་པ་འགགས་པ་སོགས་བཅོས་ཐུབ།【3】311

清热明目,润肠通便。用于目赤涩痛,羞明多泪,头痛眩晕,目暗不明,大便秘结。

སུ་མི་སེར་པོ།  

延胡索

དུག་ཚད་སེལ་ཞིང་ཟུག་གཟེར་འཇོམས།  

དུག་ལྡན་དབུགས་ཁྲག་རྒྱུ་བ་དང་།  འགགས་འཁྱིལ་གཞིལ་བཤིག་ན་གཟེར་གཅོགགཙོ་བཅོས།  ཕོ་བ་དང་བྲང་ཁོག་ན་བ།  སྙིང་གཟེར་བ།  ཟླ་མཚན་འགག་པ་དང་བཙས་རྗེས་ན་བ།  ཕོག་རྨས་ཁྲག་འཁྱིལ་སྐྲངས་གཟེར།  

 活血,行气,止痛。用于胸胁、 脘腹疼痛,胸痹心痛,经闭痛经,产后瘀阻, 跌扑肿痛。

ལྡུམ་གུར་གུམ།  

红 花

མཆིན་ནད་གསར་རྙིང་ཀུན་དང་།   ཁྱད་པར་མཆིན་ཚད་སེལ།   རྩ་ཁ་སྡོམ་ཞིང་མཁྲིས་པ་ཁ་ལུད་གཅོད།   ལུས་ཟུངས་འཕེལ་ཞིང་ཁྱད་པར་ཁྲག་ཉམས་པ་གསོ།    ཚད་པའི་ནད་ལ་སྨན་འདི་བདུད་རྩིར་མཚུངས།  

རྩ་ཁ་འབྱེད་ཞིང་ཟླ་ཁྲག་དུས་ཐོག་བབ་པ་དང་། ཁྲག་འཁྱིལ་སེལ་ནས་ན་ཟུག་གཅོག་པ་བཅས་ལ་ཕན། ཟླ་ཁྲག་དུས་ཐོག་མི་བབ་པ་དང་། ཟླ་ཁྲག་རྒྱག་དུས་ན་བ། ཕྲུ་གུ་སྐྱེས་རྗེས་ཁྲག་ངན་ལུས་པ། ཐོར་པ་ཕྱིར་འདོན་པ། བརྡབས་ཆག་རྨས་སྐྱོན། དཔྱི་མགོ་རྡོལ་བ་སོགས་བཅོས་ཐུབ།【3】471

活血通经,散瘀止痛。用于经闭,痛经,恶露不行,癥瘕痞块,胸痹心痛,瘀滞腹痛,胸胁刺痛,跌扑损伤,疮疡肿痛。

གཡེར་མ།  

花  椒

རྩ་ཁ་འབྱེད།   སྲིན་གསོད།   ཁ་ནད་སེལ།   ཟ་ཕྲུག་ལ་ཕན།   སྙིང་ལ་ཞུགས་པའི་རླུང་ནད་འདོན།   ཕོ་བའི་ནད་སེལ།   ཟས་འཇུ།   ཟས་དུག་ཕོག་པར་ཕན།  

ཕོ་མཆེར་གི་དྲོད་གསོ་ཞིང་གྲང་བ་སེལ་བ་དང་། ཆུ་སེར་སེལ་ཞིང་འབུ་གསོད་པར་ཕན། གཙོ་བོ་ཕོ་བ་དང་གྲོད་ཁོག་འཁྱགས་ནས་ན་བ་དང་། སྐྱུགས་པ་ཤོར་བ། གྲང་རླུང་གི་བཤལ་ནད། ཁོག་ནང་སྲིན་འབུ་རིལ་མོའི་ནད་སོགས་བཅོས་ཐུབ། གཡེར་མའི་མིག་གིས་ཆུ་བསགས་པ་བཅོས་ཐུབ།【3】331  

温中止痛,杀虫止痒。用于脘腹冷痛,呕吐泄泻,虫积腹痛;外治湿疹,阴痒。

ཡུངས་ཀར།  

芥  子

ཡུངས་ཀར་ལྕི་ལ་ཚད་པ་བད་ཀན་སྐྱེད།  ཚ་ཞིང་བཤང་བ་གཅིན་འགག་ཉེས་ཀུན་སྐྱེད།  རུ་ཙ་ཆུ་སེར་གདོན་དུག་གཉན་ལ་ཕན།  

རོ་ཚ་ནུས་པ་དྲོ།  དབུགས་བདེ་ལུད་པ་སེལ།  གཙོ་བཅོས་ཡི་ག་འབྱེད་དང་འབྲས་སྐྲངས་འཇོམས།  རོ་ཙ་ཆུ་སེར་གདོན་དུག་གཉན་ལ་ཕན།  2】717页

温肺豁痰利气,散结通络止痛。用子寒痰咳嗽,胸胁胀痛,痰滞经络,关节麻木、疼痛,痰湿流注,阴疽肿毒。

སུག་སྨེལ།  

豆  蔻

མཁལ་ནད་སེལ་ཞིང་མཁལ་མའི་དྲོད་གསོ།   ཕོ་བའི་མེ་དྲོད་སྐྱེད།   ཟས་འཇུ།   དང་ག་འབྱེད།   གྲང་ནད་ཀུན་ལ་མཆོག །   

ནུས་པས་དབུགས་རྒྱུ་ཞེ་མེར་སེལ།  ཕོ་བའི་དྲོད་སྐྱེད་ཁ་ཟས་འཇུ།  གཙོ་བཅོས་གསུས་ཁོག་ཁེངས་སྦོས་ཞེ་མེར་བ།  ཁ་ཟས་མི་འཇུ་བཅས་ལ་བཙུན།  2】821页

化湿行气,温中止呕,开胃消食。用于湿浊中阻,不思饮食,湿温初起,胸闷不饥,寒湿呕逆,胸腹胀痛,食积不消

སྤྲུ་སེར།  

羌  活

གཉན་ཚད་འདུལ་ཞིང་སྲིན་ནད་སེལ།   འབྲས་དང་མཛེ་ནད་འཇོམས་ཤིང་ཁྲག་ཤོར་གཅོད།   གདོན་འདུལ།   ཁྱད་པར་ནག་པོ་གཉིས་ཀྱིས་རིམས་ནད་དང་།   ཆམ་པ།   མགོ་གཟེར།   བེ་གེ གྲུམ་བུ་བཅས་ལ་ཕན།  

ནུས་པས་ཕྱི་ཞུགས་ནད་སེལ་ན་ཟུག་གཅོག རླུང་སེལ་གྲུམ་བུ་འཇོམས།  གཙོ་བཅོས་ཆམ་པ་དྲོས་འཁྱག རྒྱས་ཚད་དང་འབམ་གྲུམ་ན་གཟེར།  གཉན་ཁ་ཁྲོས་པ།  ཟྭ་འབྲུམ་དང་སྐྱི་ངོས་ཟ་འཕྲུག་སེལ་ཞིང་འཇོམས་པ་ཡིན། 2106页

解表散寒,祛风除湿,止痛。用于风寒感冒,头痛项强,风湿痹痛,肩背酸痛。

ཨར་སྐྱ།  

沉  香

ནུས་པས་སྙིང་དང་སྲོག་རྩར་ཞུགས་པའི་ཚད་པ་དང་།   དམར་པོས་ཁྱད་པར་རླུང་ལྡན་ཚད་པ་སེལ།   

ནུས་པས་དབུགས་འཇགས།  དྲོད་སྙོམས་མཁལ་དྲོད་སྐྱེད།  གཙོ་བཅོས་ཕོ་བ་སྦོས་གཟེར།  གྲང་འཁྱགས་དབུགས་འཚང་།  

行气止痛,温中止呕,纳气平喘。用于胸腹胀闷疼痛,胃寒呕吐呃逆,肾虚气逆喘急。

ཨ་རུ་ར།  

诃子

སྤྱིའི་ནུས་པ་ནད་རིགས་ཀུན་ལ་མཆོག  བདུད་རྩིས་ལུས་ཟུངས་གསོ།   བཅུད་ལེན།   ཤ་རྒྱས།   རླུང་གི་ནད་ལ་མཆོག འཕེལ་བྱེད་ཀྱིས་རྨ་གསོ།   ཆག་གྲུམ་སྦྱོར།   ཚེ་རིང་དུ་འཚོ།   སྐེམ་པོས་བྱིས་པའི་ནད་གདོན་འཇོམས་ཤིང་མཁྲིས་ཚད་སེལ།   སྤྱིར་མཁྲིས་པའི་ནད་ལ་གཏོང་བ་མཆོག  མཆུ་སྙུང་གིས་ནད་རྣམས་ཐུར་དུ་འཁྲུ་བར་བྱེད་པར།    དེ་ཡང་རྩ་སྙུང་ཞེས་པ་རྩ་བའི་གོག་ཤུལ་རིང་བ་དེས་འཁྲུ་བ་གཅོད་པར་གསུངས།  

རྒྱུ་རྩི་གསོ་ཞིང་འཁྲུ་བཤལ་གཅོད།  གློ་རླུང་སྡོམ་ཞིང་ལུ་བ་སེལ།  ཚ་བ་འཇོམས་ཞིང་མིད་གྲེ་ཕན།  གཙོ་བོ་རྒྱུ་རྒན་གྱི་ནད།  ཁྲག་ཏུ་བཤལ་ཞིང་བརྫི་ཤ་ལུག་པ།  གློ་གཅོང་རྒྱུན་དུ་ལུ་བ།  སྐད་འགགས་གྲེ་བ་ན་བ་སོགས་ལ་ཕན།  

涩肠止泻,敛肺止咳,降火利咽。用于久泻久痢,便血脱肛,肺虚喘咳,久嗽不止,咽痛音哑。

བཙོད།  

茜    草

ཁྲག་གི་ནད་དང་སྤྱི་དང་ཁྱད་པར་ཁྲག་ཚད་འཇོམས།    གློ་མཁལ་གྱི་ནད་དང་འགྲམས་ཚད་སེལ།   རྒྱུ་ལོང་སོགས་སྣོད་ཀྱི་ཚད་པར་ཡང་ཕན།  

ཁྲག་གཅོད་པ་དང་། རྩ་ཁ་འབྱེད་ནས་ཁྲག་ངན་འཁྱིལ་བ་སེལ་བ། གཙོ་བོ་ཁྲག་སྐྱུགས་པ་དང་། སྣ་ཁྲག་དོན་པ། གཅིན་པའི་ནང་ཁྲག་ཡོད་པ། བུ་སྣོད་ནས་ཁྲག་དོན་པ། བརྡབས་ཆག་རྨས་སྐྱོན། རྨ་ཤུ་རུལ་བ་སྐྲངས་ནས་ན་བ་སོགས་བཅོས་ཐུབ།【3】440

凉血,祛瘀,止血,通经。用于吐血,衄血,崩漏,外伤出血,瘀阻经闭,关节痹痛,跌扑肿痛。

པི་པི་ལིང་།  

荜茇

གྲང་ནད་མ་ལུས་སེལ།   བད་རླུང་དང་།   ལུད་པ།   དབུགས་མི་བདེ་བ།   ཁ་ཟས་མི་འཇུ་བ།   ཕོ་ལོང་སྦོ་འཁྲོག་བྱེད་པ་སོགས་སེལ་ཞིང་མཁལ་དྲོད་གསོ།   རོ་ཙ་སྐྱེད།   ཆིག་ཐང་བཏང་བས་ནད་ཁྲག་ཟུངས་ཁྲག་འབྱེད།  

དྲོད་སྙོམས་གྲང་སེལ་གཟེར་གཅོག་པ།  གཙོ་བཅོས་ཕོ་ཚད་ཞན་དང་གྲོད་ཁོག་ན།  སྙིང་གཟེར་ཞེ་མེར་དང་འཁྲུ་བ།  ཡ་སྲིན་ཕལ་བ་མགོ་ན་བ།  སོ་རྙིལ་ན་བ་སོགས།  2499页

 

温中散寒,下气止痛。用于脘腹冷痛,呕吐,泄泻,寒凝气滞,胸痹心痛,头痛,牙痛。

རྟ་ལྤགས།  

独一味

སྲིན་གསོད། ཆུ་སེར་འདྲེན། ལྷ་བ་འཛིན་ཞིང་རུས་ཆག་སྦྱོར།རླུང་ནད་དང་ཤ་དུག་ལ་དཀར་པོ་དགོས།

ནུས་པས་ཁྲག་རྒྱུ་ཁྲག་ངན་སེལ།  སྐྲངས་ཞི་གཟེར་གཅོག གཙོ་བཅོས་བརྡབས་ཆག་རྨས་སྐྱོན།  རུས་ཆག་དཔྱི་དང་སྒལ་ཚིགས་འཆུས་པ་གསོ་བས་བྱེད།  2134页

活血止血,祛风止痛。用于跌打损伤,外伤出血,风湿痹痛,黄水病。

ལྡུམ་བུ་རེ་རལ།  

骨碎补

ཤ་དུག་དང་སྦྱར་དུག་སེལ།   འཁྲུ་བ་གཅོད།   དུག་ཚད་སེལ་ཞིང་དུག་རིགས་ཀུལ་ལ་མཆོག

རྩ་ཁ་འབྱེད་ཞིང་ན་ཟུག་གཅོག་པ་དང་། རྒྱུས་རུས་གསོ་བ། མཁལ་མ་གསོ་བ་བཅས་ལ་ཕན། བརྡབས་ཆག་རྨས་སྐྱོན་དང་། རྒྱུས་རུས་ན་བ། རུས་ཚིགས་ན་བ། སོ་ན་བ། མཁལ་མའི་ནུས་པ་ཉམས་པས་ཡུན་རིང་བཤལ་བ་སོགས་བཅོས་ཐུབ།【3】362

疗伤止痛,补肾强骨;外用消风祛斑。用于跌扑闪挫,筋骨折伤,肾虚腰痛,筋骨痿软,耳鸣耳聋,牙齿松动;外治斑秃,白癜风。

ཡུང་བ།   

姜黄

དུག་སེལ།   རྨ་ངན་རུལ་བ་གཅོད།   གཉན་ནད་འཇོམས།   གཞང་འབྲུམ་སེལ།   དར་བ་དང་སྦྱར་ནད་བཏུང་ན་ཕོ་མོའི་ཆགས་པ་འཇོམས།  

དབུགས་རྒྱུ་འཁྱིལ་འབིགས་ཟུག་རྔུ་གཅོག གཙོ་བཅོས་རྩིབ་ལོགས་ན་བ།  སྙིང་གཟེར།  ཟླ་མཚན་འགག་པ།  རྡབ་ཆག་རྨ་སྐྱོན། 2】716页

破血行气,通经止痛。用于胸胁刺痛,胸痹心痛,痛经经闭,癥瘕,风湿肩臂疼痛,跌扑肿痛。

སྟབ་སེང་།  

秦皮

རུས་པ་གས་ཆག་སྦྱོར་ཞིང་རུས་ཚད་སེལ།   སྐོམ་དད་སེལ་ཞིང་རྨ་དང་མིག་ནད་ཀུན་ལ་ཕན།  

ཚ་དྭངས་རླན་འཁྱག་འཇོམས་སེལ་དང་།  འཁྲུ་བ་གཅོད་དང་མིག་གསལ་བ།  གཙོ་བཅོས་རྒྱུ་མའི་གཉན་ཚད་འཁྲུ་བ་དང་།  ཚ་གྲང་གྲང་དཀར་འཛག་པ།  མིག་འབྲས་སྐྱི་མོའི་གཉན་ཚད་དོས་དྲག 2440页

 清热燥湿,收涩止痢,止带,明目。用于湿热泻痢,赤白带下,目赤肿痛,目生翳膜。

བྲེ་ག

菥  蓂

གློ་བ་དང་མཁལ་མའི་ཚད་པ་སེལ།   མཁལ་ནད་ཀུན་ལ་ཕན་ཞིང་དང་ག་འབྱེད།   ཡན་ལག་ཚིགས་ཀྱི་ཆུ་སེར་སྐེམ།  

ནུས་པས་ཚ་བ་སེལ་ཞིང་དུག་འཇོམས་དང་།  འབྲས་སྐྲངས་ཞི་ཞིང་རྣག་འདྲེན།  ཆུ་འབབ་པ་དང་སྐྲངས་པ་ཞི་བ།  ཡི་ག་འབྱེད་པ་བཅས་སོ།  གཙོ་བ་ཕོ་རྒྱུའི་གཉན་ཚད།  འཁྲུ་བ།  རྨ་སྐྲངས།  གློ་རྣག་མཁལ་ཚད།  བུ་སྣོད་ནང་སྐྱིའི་གཉན་ཚད།  མཆིན་པ་སྲགྱུར་གྱི་ནད་དང་འཇུ་སྟོབས་ཞན་པ་བཅས་གསོ་བའོ།  

清肝明目,和中利湿,解毒消肿。用于目赤肿痛,脘腹胀痛,胁痛,肠痈,水肿,带下,疮疖痈肿

མྱང་རྩི་སྤྲས།  

黄    连

རིམས་ཚད་སེལ།   ལྷོག་པ་གསོད།   རྒྱུ་ཚད་དང་དམར་བཤལ་འཇོམས།   རྨ་འདྲུབ།   རྨ་ཚད་སེལ་ཞིང་རྣག་དང་ཆུ་སེར་སྐེམ།   གཉན་ཚད་རིགས་ཀྱི་ནད་ལ་མཆོག 

ཚ་བ་དང་དུག་སེལ་བ།སྐྱུགས་པ་གཅོད་པ། ཕོ་བ་གསོ་བ་བཅས་ལ་ཕན། གཙོ་བོ་ཉིན་བརྒྱའི་གློ་རིམས་དང་། གློ་གཅོང་། དོད་དྲག་རང་བཞིན་གི་རྒྱུ་ཚད། བཤལ་ནད། བུ་གའི་གཉན་ཐོར། གཉན་དུག རྣག་འགྱུར་རང་བཞིན་གི་འགོས་ཕོག་སོགས་བཅོས་ཐུབ།【3】185

清热燥湿,泻火解毒。用于湿热痞满,呕吐吞酸,泻痢,黄疸,高热神昏,心火亢盛,心烦不寐,心悸不宁,血热吐衄,目赤,牙痛,消渴,痈肿疗疮;外治湿疹,湿疮,耳道流脓。酒黄连善清上焦火热。用于目赤,口疮。姜黄连清胃和胃止呕。用于寒热互结,湿热中阻,痞满呕吐。萸黄连舒肝和胃止呕。用于肝胃不和,呕吐吞酸。

མཚེ་ལྡུམ།  

麻黄

རྩའི་ཁྲག་ཤོག་གཅོད།   ཚད་པ་གསར་རྙིང་དང་།   རིམས་འཁྲུགས།   མཁྲིས་ཚད་ལ་སོགས་ཚད་པ་སྤྱི་དང་ཁྱད་པར་མཆེར་ཚད་སེལ།  བདུད་རྩི་ལྔའི་ཡ་གྱལ་ཏེ་ལུམས་ཀྱིས་ལུས་ཟུངས་བརྟས་པར་བྱེད་པ་དང་།   རྩ་དང་ཁྲག་རླུང་གི་རྒྱུ་བ་བདེ་བར་བྱེད།   རྨ་གསོ།   སྐྲན་འདུལ།  

ཆམ་པས་གྲང་ཤུར་རྒྱག་པ་དང་རྔུལ་ནག་མེད་པ།གཟུགས་པོ་ན་བ།དབུགས་ཧལ་བ།གློ་རྒྱག་པ།ཆུ་བསགས་པ་སོགས་བཅོས་ཐུབ།རྩྭ་བས་ལུས་ཉམས་ནས་རྔུལ་ནག་དོན་པ་འཇགས་པ་དང་།དབུགས་ཧལ་བ་སོགས་བཅོས་ཐུབ།སྨན་རྩྭ་ཆ་ཚང་འདིས་རྨས་སྐྱོན་གིས་ཁྲག་དོན་པ་གཅོད་པ་དང་།ཟླ་ཁྲག་ཤོར་ཆེ་བ་སོགས་གཅོད། 【3】60

发汗散寒,宣肺平喘,利水消肿。用于风寒感冒,胸闷喘咳,风水浮肿。蜜麻黄润肺止咳。多用于表证已解,气喘咳嗽。

འབྲི་མོག 

紫草

གློ་བའི་ནད་དང་ཁྱད་པར་གློ་ཚད་ཁྲག་ཏུ་སྐྱུགས་པ་སེལ།   ཁྲག་ཚད་སེལ་ཞིང་ཁྲག་གཟེར་འཇོམས།  

ཚ་བ་དང་ཁྲག་ཚད་བསིལ་བར་བྱེད་པ། སྐྲངས་པོ་འཇགས་ཞིང་དུག་སེལ་བ། གཙོ་བོ་ཏན་དུག་དང་། སིབ་བེ། དོད་དྲག་རང་བཞིན་གི་ལྒང་བུའི་ནད། གཅིན་ལམ་ཚ་ནད། གཉན་འབུར། མེ་ཆུས་འཚིག་རྨས། གློ་ཡུའི་ཚ་ནད། ཁྲག་ཤེད་མཐོ་བ་སོགས་བཅོས་ཐུབ།【3】296

清热凉血,活血解毒,透疹消斑。用于血热毒盛,斑疹紫黑,麻疹不透,疮疡,湿疹,水火烫伤。

ཏིལ་ནག

黑芝麻

རླུང་ནད་འཇོམས།   ལུས་སྟོབས་དང་མེ་དྲོད་སྐྱེད།   བཤང་བ་འགགས་པ་འབྱིན།   རོ་ཙ་དང་ཁུ་བ་འཕེལ་ཞིང་དྲན་པ་གསལ།   པགས་པ་འཇམ་ཞིང་སྐྲ་དང་སྨར་སྨིན་སྐྱེ།   སྐྲ་དཀར་མི་སྐྱེ།   འབྲུ་མར་གྱི་ནང་ནད་ཏིལ་མར་མཆོག་ཏུ་གྱུར་པའོ།  

མཁལ་མཆིན་གྱི་ཟུངས་གསོ།  ཁྲག་ཟུངས་གསོ་དང་རྒྱུ་མར་གཤེར་གཏོང་ནུ་ཞོ་འབབ།  གཙོ་བཅོས་མཁལ་མཆིན་ཟུངས་ཉམས་མགོ་ཡུ་འཁོར།  ཟུངས་ཁྲག་ཉམས་དང་རྩ་འགག་པ།  ནུ་ཞོ་དཀོན་པ་སོགས་ལ་བསྔགས། 2】430页

补肝肾,益精血,润肠燥。 用于精血亏虚,头晕眼花,耳鸣耳聋,须发早白,病后脱发,肠燥便秘。

ཟི་ར་ནག་པོ།  

黑种草子

མཆིན་པའི་གྲང་བ་སེལ།   མེ་དྲོད་སྐྱེད།   ཕོ་བའི་ནད་སེལ།   མ་ཞུ་འཇུ།   གཟའ་ནད་འཇོམས།  

ཀླད་པ་དང་མཁལ་མ་གསོ།  ཟླ་མཚན་རྒྱུ།  ནུ་ཞོ་དྲི་ཆུ་འབབ་ལ་བཙུན།  གཙོ་བཅོས་གཅིན་ལམ་རྡེའུ་སྐྲན་མཁལམ་རྡེའུ་སྐྲན་དང་།  རྣ་འུར་ནུ་ཞོ་ཉུང་བ་དང་།  ཟླ་མཚན་འགགས་དང་ཤ་བཀྲ་གཡན་རྨ་སོགས།  2】696页

 补肾健脑,通经,通乳,利尿。用于耳鸣健忘,经闭乳少,热淋,石淋。

གཟེ་མ།  

蒺藜

གཅིན་སྲི་བ་དང་གྲུམ་བུ་མཁལ་མའི་ནད་སེལ་ཞིང་།   མཁལ་མའི་ནུས་པ་གསོ།   མཁལ་སྐེད་ལ་སོགས་སྨད་ཀྱི་གྲང་བ་དང་རླུང་ནད་སྤྱི་ལ་ཕན།  

མཆིན་པ་བདེ་སྙོམས་མིག་གསལ་བ།  རླུང་སེལ་ཟ་འཕྲུག་བཤིག་པ་ཡིན།  གཙོ་བཅོས་མིག་དམར་པོར་འགྱུར་བ་དང་མཆི་མ་མང་བ།  མཆིན་ཚད་མིག་ཏུ་འགྲམས་པ།  ཕོ་མཆིན་མི་བདེ་བ།  འཇུ་སྟོབས་ཞན་པ།  གློ་ཡུའི་ཡན་ལག་གི་གཉན་ཚད་།  ཁྲག་ཤེད་མཐོ་བ།  སྐྱི་ངོས་ཀྱི་ཟ་འཕྲུག འབྲུམ་ཐོར་བཅས་སའཇོམས་པར་བསྔགས།  

平肝解郁,活血祛风,明目,止痒。用于头痛眩晕,胸胁胀痛,乳闭乳痈,目赤翳障,风疹瘙痒。

ཁུར་མོང་།  

蒲公英

བད་ཀན་སྨུག་པོའི་ནད་དང་།   ཁྲག་མཁྲིས་རྒྱས་པ་སེལ།   ཚད་རྙིངས་དང་།   རིམས་ཚད།   དུག་ཚད།   གློ་བུར་དུག་ཐབས།   དབྱིག་དུག་ལ་སོགས་འཇོམས།  

ནུས་པས་ཚ་དྭངས་དུག་སེལ་བ།  གཉན་ལྷོག་སེལ་བར་བྱེད།  གཙོ་བཅོས།  རྨ་དང་ཆུ་སེར་ལྷོག་དུག་དང་།  ཕོ་རྒྱུའི་གཉན་ཚད་དང་གྲེ་ཚད།  མཁྲིས་ཚད་རྣ་རྩ་ཕུལ་འདེབས་དང་།  ནུ་ཚད།  གཅིན་ལམ་གཉན་ཁ་རྒྱས་པ་གསོའོ། 【2】27

清热解毒,消肿散结,利尿通淋。用于疔疮肿毒,乳痈,瘰疬,目赤,咽痛,肺痈,肠痈,湿热黄疸,热淋涩痛。

སྦྲང་རྩི།  

蜂蜜

བད་ཀན་གྱི་ནད་དང་ཆུ་སེར་སེལ།   བྱང་ཁོག་དང་ཡན་ལག་གི་རྨ་ལ་ཕན།   རྩ་དང་དབང་པོ་གསོ།   ཚོ་ཆེས་དང་སྦོམ་པོ་འབྲི།   ཀྲུང་ལུགས་གསོ་རིག་གིས་ཀྱང་སྦྲང་རྩིས་མིག་སོགས་དབང་པོ་གསལ་བ་དང་།   དྲི་མ་འགགས་པ་འབྱིན་པ།   མེས་ཚིག་གི་རྨ་ལ་ཕན།   སྨན་ཆེན་གྱི་དུག་འཇོམས་ནུས་པ་བཅས་ཡོན་ཏན་ཆེན་པོ་དང་ལྡན་པ་བཤད།  

མཆེར་པ་དང་ཕོ་བ་གསོ་བ། གློ་བ་གཤེར་ཞིང་གློ་འཇགས་པ། རྒྱུ་མ་གཤེར་ནས་བཙོག་པ་བབ་པ། ཕོ་མཆེར་སྙོམས་ཞིང་ན་ཟུག་འཇགས་པ། དུག་སེལ་བ་བཅས་ལ་ཕན། མཆེར་པ་དང་ཕོ་བའི་ནུས་པ་ཉམས་པ་དང་། རྒྱུ་མ་སྐམ་ཤས་གིས་བཙོག་པ་འགགས་པ། སྐམ་གློ་བརྒྱབ་ནས་ལུད་པ་མེད་པ། ཕོ་བ་དང་གྲོད་ཁོག་ན་བ། བོང་ངའི་དུག་ཕོག་པ་སོགས་བཅོས་ཐུབ།【3】584

补中,润燥,止痛,解毒;外用生肌敛疮。用于脘腹虚痛,肺燥干咳,肠燥便秘,解乌头类药毒;外治疮疡不敛,水火烫伤。

གོ་ཡུ།  

槟榔

མཁལ་མའི་ནད་སེལ།   མཁལ་དྲོད་གསོ།   མཁལ་སྟོབས་སྐྱེད།   སོ་རྩི་བྱེད་པས་སོ་བརྟན།   རྒྱུ་མའི་སྲིན་འབུ་གསོད་པ་བཅས་སོ།  

རྒྱུ་སྲིན་སེལ།  ཟས་ཞུ།  དབུགས་གསོ།  སྐྱ་རྦབ་སེལ།  རྒྱུ་མའི་འདར་ནད་གཅོད།  གཙོ་བཅོས་རྒྱུ་སྲིན་ནད།  སྙིགས་མ་མ་ཞུ་བའི་ནད།  རྒྱུ་རིམས།  རྒྱུ་མའི་འདར་ནད།  སྐྱ་རྦས།  རྐང་དྲི་གཅོད།  

杀虫,消积,行气,利水,截疟。用于绦虫病、蛔虫病、姜片虫病,虫积腹痛,积滞泻痢,里急后重,水肿脚气,疟疾。

ཙན་དན་དཀར་པོ།  

檀  香

ནུས་པས་གློ་དང་སྙིང་ལ་ཞུགས་པའི་ཚད་པ་དང་འཁྲུགས་ཚད་སེལ་ཞིང་སྟོངས་ཚད་ལའམ་ཕན།   ལུས་ལ་བྱུག་ན་ཤ་པགས་ཀྱི་ཚད་པ་འཇོམས།   དྲི་ཡིས་དབང་པོ་གསལ་ཞིང་བྱིང་རྨུགས་ལྕི་འཐིབས་སེལ།  

དབུགས་དང་ཕོ་བ་གསོ།  ན་ཟུག་གཅོག གཙོ་བཅོས་བྲང་ཁོག་ན་གཟེར།  སྐྱིགས་བུ་དང་།  སྙིང་ནད་ཁྲག་གཟེར་རྐྱེན་པས་དབུགས་གཏོང་དཀའ་བ་སོགས་ལ་ཕན།  2】640页

行气温中,开胃止痛。用于寒凝气滞,胸膈不舒,胸痹心痛,脘腹疼痛,呕吐食少。

སྦྲུལ་ཞབས་པ།

菟丝子

མཆིན་ནད་དང་དུག་ཚད་སེལ། མཁལ་མའི་དྲོད་གསོ། ཁྱད་པར་གཞང་ལུག་པའི་ནད་ལ་མཆོག ཀྲུང་ལུགས་གསོ་རིགས་གིས་འདིར་འབྲས་བུས་མཁལ་ནད་དང་ཐིག་ལེ་འཛག་པ་བཅས་ལ་གསོ་ནུས་མངོན་གསལ་ཡོད་པར་བཤད།

མཆིན་པ་དང་མཁལ་མ་གསོ་བ། ཁུ་བ་འཕེལ་བ། རོ་ཙ་རྒྱས་པ། རྒྱུས་རུས་གི་ནུས་པ་སྐྱེ་བ་སོགས་ལ་ཕན། གཙོ་བོ་རྐེད་པ་དང་རྐང་པ་ན་བ། ཁུ་བ་ཤོར་བ། གཅིན་པ་རྒྱུན་དུ་འཛག་པ། རྣ་བ་འུར་ཞིང་མིག་རབ་རིབ་བྱེད་པ་སོགས་བཅོས་ཐུབ།【3】592

补益肝肾,固精缩尿, 安胎 ,明目,止泻;

外用消风祛斑。用于肝肾不足, 腰膝酸软,阳痿遗精, 遗尿尿 , 肾虚胎漏, 胎动不安,目昏耳鸣,脾肾虚泻;外治白癜风。

 

དཔའ་བོ།  

商陆

ནུས་པ་དུག་ཚད་སེལ་ཞིང་དུག་རིགས་འཇོམས།  

གཅིན་པ་དང་བཙོག་པ་བབ་པ།  སྐྲངས་པོ་འཇགས་པར་ཕན།  གཙོ་བཅོས་སྤྱོད་ཐབས་ལ་མཆིན་པ་མཁྲེགས་འགྱུར་གིས་ཁོག་ཆུ་བསགས་པ་དང་།  དལ་བའི་རང་བཞིན་གི་མཁལ་མའི་གཉན་ཚད་གིས་ཁོག་ཆུ་བསགས་པ་དང་ཡང་ན་བྲང་ཁོག་ལ་ཆུ་བསགས་པ་སོགས་བཅོས་ཐུབ།  【3】416

 逐水消肿,通利二便,外用解毒散结。用于水肿胀满,二便不通;外治痈肿疮毒。

ཀླུ་བདུད་རྡོ་རྗེ།  

党参

ནུས་པས་གཟའ་དང་།  ཀླུ་གདོན།  འབམ་གྲུམ།  ཆུ་སེར་ལ་སོགས་སེལ།  ཁྱེད་པར་ནག་པོས་སྐྲངས་པ་གཞིལ།  དཀར་པོ་འཇམ་ཞིང་རྣོ་བས་ལྦ་བ་འཇོམས།  ཁྲག་འཁྲུགས་སེལ།  

ནུས་པས་འབམ་གྲུམ་སེལ་བ་དང་།  དུག་སེལ་ནས་སྐྲངས་པོ་འཇགས་པར་ཕན།  གཙོ་བཅོས་སྤྱོད་ཐབས་ལ་འབམ་གྲུམ་རང་བཞིན་གི་རུས་ཚིགས་ཚ་ནད་དང་།  གཉན་འབུར་དང་རྨ་ཤུ་སོགས་བཅོས་ཐུབ།  【3】365

 健脾益肺, 养血生津。用于脾肺气虚,食少倦怠, 咳嗽虚喘, 气血不足,面色萎黄, 心悸气短, 津伤口渴,内热消渴。

སྐམ་སྐྱེས་སྲད་དཀར།  

黄芪

བད་ཀན་སྐྱ་རྦབ་སེལ།  

ནུས་པས་ལུས་ཟུངས་གསོས་ནས་སྟོབས་སྐྱེ་བ་དང་།  རྣག་འདོན་པ་དང་ཤའུ་སྐྱེ་བ།  གཅིན་པ་བབ་པ།  རྔུལ་ནག་འཇགས་པ་བཅས་ལ་ཕན།  གཙོ་བཅོས་སྤྱོད་ཐབས་ལ་ཡུན་རིང་ན་བས་ལུས་སྟོབས་ཤོར་བ་དང་།  དལ་བའི་རང་བཞིན་གི་མཁལ་མའི་གཉན་ཚད།  སྐྱ་རྦབ།  འཇུ་སྟོབས་ཞན་པ།  ཁྲག་དཀོན་པ།  རང་བཞིན་གིས་རྔུལ་ནག་དོན་པ།  གཉིད་ཁུག་དུས་རྔུལ་ནག་དོན་པ།  གཅིན་པ་མངར་འགྱུར་གི་ནད།  གཉན་འབུར་དང་བུ་གའི་གཉན་ཐོར།  བཤལ་ནད།  ཟླ་ཁྲག་དུས་ཐོག་མི་བབ་པ།  གྲང་བ་དཀར་ོཔ་འཛག་པ་སོགས་བཅོས་ཐུབ།  

补气升阳,固表止汗,利水消肿,生津养
血 ,行滞通痹, 托毒排脓, 敛疮生肌。用于气虚乏力,食少便
溏 ,中气下陷, 久泻脱肛, 便血崩漏, 表虚自汗, 气虚水肿,内热
消渴, 血虚萎黄,半身不遂,痹痛麻木, 痈疽难溃, 久溃不敛。

ཀྱི་ལྕེ་ནག་པོ།  

秦艽

ནུས་པས་ཡན་ལག་ལ་སོགས་གཉན་གྱིས་སྐྲངས་པ་འཇོམས།   གག་པས་གྲེ་བ་འགགས་པ་དང་།  ལྕེ་སྐྲངས་སེལ།  ཆུ་སེར་སྐེམ་ཞིང་ཡན་ལག་ལྷུ་ཚིགས་ཀྱི་ནད་ལ་ཕན།  

ནུས་པས་འབམ་གྲུམ་སེལ་བ་དང་།  ཚ་བ་སེལ་ཞིང་གཅིན་པ་བབ་པ།  རྒྱུས་པའི་ན་ཟུག་གཅོག་པ་བཅས་ལ་ཕན།  གཙོ་བཅོས་སྤྱོད་ཐབས་ལ་འབམ་གྲུམ་དང་གྲུམ་བུའི་རང་བཞིན་གི་རུས་ཚིགས་ཚ་ནད།  གློ་གཅོང་གིས་ཚ་བ་དམའ་པོ་རྒྱག་པ་དང་།  གཉིད་ཁུག་དུས་རྔུལ་ནག་དོན་པ།  མཁྲིས་སེར་ཅན་གི་འགོས་ནད་རང་བཞིན་གི་མཆིན་ཚད་སོགས་བཅོས་ཐུབ།  【3】348

 怯风湿, 清湿热,止痹痛, 退虚热。用于
风湿痹痛,中风半身不遂, 筋脉拘挛, 骨节酸痛、 湿热黄疸, 骨
蒸潮热,小儿疳积发热

གསུམ།  སྲོག་ཆགས་སྨན་རྫས་སྐོར།

གི་ཝང་དང་པ་ཏྲ།  བོག་རྭ་སོགས་བོད་ལུགས་གསོ་རིག་གི་ཕན་ནུས་དང་ཕྱོགས་མཚུངས་པས་འདིར་བཀོད་མེད།

 

སྨན་རྫས་མིང་།

ནུས་པ།

བོད་ལུགས་གསོ་རིག

ཀྲུང་ལུགས་གསོ་རིག

 

བྱིང་བྱིང་ཐུ་ལུ།  

土鳖虫 (廑虫)

གླང་ཐབས་འཇོམས།   རྩ་ནད་སྦྱོང་།   གཅིན་འགགས་འབྱིན།  

ཁྲག་ངན་འཁྱིལ་བ་གཏོར་བ་དང་། ཟླ་ཁྲག་དུས་ཐོག་བབ་པར་ཕན། གཙོ་བོ་ཁྲག་ངན་འཁྱིལ་ནས་ཟླ་ཁྲག་བར་མཚམས་ཆད་པ་དང་། མོ་ནད་རླུང་ཚབས་དང་ཁྲག་སྐྲན་གིས་རྒྱུ་སྨད་ན་བ། བརྡབས་ཆག་རྨས་སྐྱོན། ཁྲག་ངན་འཁྱིལ་ནས་སྐྲངས་པའི་ན་ཟུག་སོགས་བཅོས་ཐུབ། 【3】503

 破血逐瘀,续筋接骨。用于跌打损伤, 筋伤骨折, 血瘀经闭,产后瘀阻腹痛, 癥瘕痞块。

ལྕགས་སྦྲུལ།  

乌梢蛇

ཤ་སྐྱེད།   བུ་དང་ཤ་མ་ཐོགས་པ་འབྱིན།   ཁྱད་པར་སྟོད་ཤ་མཆིན་པ་དང་མཁྲིས་པ་ལ་སྦྱར་བའི་དུག་འཇོམས།    ༢ཚིལ་གོང་མཚུམས།   ནུས་པས་མདེའུ་ལ་སོགས་ཟུག་རྔུ་འབྱིན།    ༣མཁྲིས་པ་རོ་ཁ།  ཞུ་རྗེས་བསིལ།  ནུས་པས་རྨ་འདྲུབ།  མིག་ལ་ཕན།  ༤པགས་པ་ནུས་ལྡན་བསྲེགས་ནག་ཕག་ཚིལ་དང་སྦྱར་ལ་བྱུགས་པས་ཤ་བཀྲ་དང་གླང་ཤུ་ལ་ཕན།  ཁོང་དུ་བཏང་བས་བུ་དང་ཤ་མ་ཐོགས་པ་འབྱིན།   

འབམ་གྲུམ་སེལ།   རྩ་ལམ་འབྱེད་ཞིང་རྩ་འཁུམ་གཅོད།   གྲུམ་བུའི་ནད།   ཡན་ལག་སྦྲིད་ཅི་རྩ་འཁུམ་པ།   གྲིབ་སྐྱོན་ཕོག་ནས་ཁ་མིག་འཁྱོག་བ།   གཞོགས་ཕྱེད་ཉམས་པ།  འཛུམ་བུ་ལྟག་དགྱེ།   མཛེ་ནད།   ཟ་རྐོང་སོགས་ལ་ཕན།  

 祛风 ,通络 ,止痉 。用于风湿顽痹 ,麻木拘挛 ,中风口眼哨斜 ,半身不遂 ,抽搐痉挛 ,破伤风 ,麻风 , 济癣 。

སྲིན་བུ་པད་མ།  

水 蛭

འདི་གསོན་པོར་བཟུང་ནས་གཏར་དམིག་ཐོག་ཁ་སྦྱར་ནས་བཞག་ན་ནད་ཁྲག་འཇིབ་པའོ།  

ཟླ་ཁྲག་བབ་པ་དང་། ཁྲག་གཏོར་བ། སྐྲངས་པོ་འཇགས་པ་བཅས་ལ་ཕན། གཙོ་བོ་ཟླ་ཁྲག་བར་མཚམས་ཆད་པ་དང་། མོ་ནད་རླུང་ཚབས་དང་ཁྲག་སྐྲན་གི་རྒྱུ་སྨད་ན་བ། རྨས་སྐྱོན་གིས་ཁྲག་ངན་འཁྱིལ་བ། གཉན་འབུར་དང་ཏན་དུག་ཟེར་བ་སོགས་བཅོས་ཐུབ།【3】504

破血通经,逐瘀消癥。用于血瘀经闭, 癥瘕痞块,中风偏瘫, 跌扑损伤。

སྡིག་སྲིན་ནག་པོ།   སྡིག་པ་ར་ཙ།  

全蝎

ནུས་པ་ཉྭ་ལོག་ལ་ཕན།   མཁལ་མའི་ནད་སེལ།    དྲི་ཆུ་འགགས་པ་འབྱིན།  

གྲང་རླུང་སེལ་བ་དང་། རེངས་འཁུམས་བསང་བར་ཕན། གཙོ་བོ་བྱིས་པའི་འདར་ཧྲེངས་གིས་རྩ་འཁུམས་འདར་དང་། ཀླད་ཁྲག་ལུད་པ། ལུས་ཕྱེད་སྦྲིད་པ། གདོང་གི་དབང་རྩ་སྦྲིད་པ། རྨ་ངན་དུག་མཆེད་སོགས་བཅོས་ཐུབ།【3】532

息风镇痉,通络止痛,攻毒散结。用于肝风内动,痉挛抽搐,小儿惊风,中风口㖞,半身不遂,破伤风,风湿顽痹,偏正头痛,疮疡,瘰疬。

མུ་ཏིག

珍 珠

མུ་ཏིག་ཀླད་པ་འཛག་གཅོད་དུག་ནད་སེལ

དངངས་འགྱེལ་སེལ་ཞིང་སེམས་བདེ་བཟོ་བ།   ལིང་ཏོག་སེལ་ཞིང་མིག་གསལ་བ།   ཤའུ་སྐྱེས་ཞིང་དུག་སེལ་བ།   ཤ་བཀྲ་སེལ་ལ་པགས་གསོས་པ།  ནད་དུ་དངངས་འགྱེལ་གཉིད་མི་ཡོང་བ།   གཟའ་གྲིབ།   ལིང་ཏོག རྨ་ངན།   ཤ་བཀྲ་སོགས་ལ་ཕན།  

安神定惊,明目消翳,解毒生肌,润肤祛斑。用于惊悸失眠,惊风癫痫,目赤翳障,疮疡不敛,皮肤色斑。

ཉ་ཕྱིས།  

珍 珠 母

ཉ་ཕྱིས་ནུས་པ་མུ་ཏིག་ཆད་པ་མེད།  

མཆིན་ནད་སེལ་བ།  དངངས་འགྱེལ་འཇོམས་ཞིང་ལུས་སེམས་ལྷོད་པ།  ལིང་ཏོག་སེལ་ཞིང་མིག་གསལ་བ།  གཙོ་བོ་མགོ་བོ་ན་བ།  མགོ་ཡུ་འཁོར་བ།  སྙིང་ཁ་གཡུག་ནས་གཉིད་མི་ཁུག་པ།  ལིང་ཏོག་བྱུང་ནས་དམར་སྒྲིབ་བྱུང་བ།  མིག་རབ་རིབ་དུ་བྱུང་བ་སོགས་ལ་ཕན།  

 平肝潜阳,安神定惊,明目退翳。用于头痛眩晕,惊悸失眠,目赤翳障,视物昏花。

སྐྱ་་རྭ།  

鹿角

རྭ་སྐམ་ཐལ་བས་བད་ཀན་གྱི་ནད་དང་གཟེར་རིགས་འཇོམས།   ཁྱད་པར་རྭ་རྒན་དཀར་སང་ལོ་ལོན་གྱི་ཐལ་བས་དམུ་ཆུ་སྐེམ།  

ལུས་སྟོབས་དང་མཁལ་མ་གསོ་བ། སྐྲངས་པོ་འཇགས་ཞིང་ཁྲག་ངན་འཁྱིལ་བ་འགྲམས་པ་བཅས་ལ་ཕན། རྐེད་པ་དང་། སྒལ་པ། རྒྱུས་རུས་བཅས་ལ་ན་ཟུག་གཏོང་བ། གཉན་འབུར་དང་རྨ་རུལ་སོགས་བཅོས་ཐུབ།【3】603

温肾阳,强筋骨,行血消肿。用于肾阳不足,阳痿遗精,腰脊冷痛,阴疽疮疡,乳痈初起,瘀血肿痛。

བྱང་པ།   

斑 蝥

རྩ་ནད་སྦྱོང་།   བརྒྱལ་གཟེར་སེལ།   དྲི་ཆུ་འགགས་པ་འབྱིན།  

ཁྲག་ངན་གསོག་པ་བཤིག་པ་དང་། གཅིན་པ་བབ་བདེ་བ། སྐྲངས་རྡོག་འཇགས་ཞིང་དུག་སེལ་བ་བཅས་ལ་ཕན། གཙོ་བོ་གྲང་གཞི་དང་།ཁྱི་དུག་སོགས་བཅོས་ཐུབ། རྨ་ངན་དང་གཉན་དུག པགས་ནད་གཡན་པ་དང་ཟ་རྐོང་སོགས་ལ་བྱུག་ན་ཕན། 【3】652

破血逐瘀,散结消癥,攻毒蚀疮。用于癥瘕,经闭,顽癣,瘰疬,赘疣,痈疽不溃,恶疮死肌。

འགྲོན་བུ་སྨུག་པོའམ་ཆེ་བ།   

紫贝齿

ཧལ་བསྲེགས་ཐལ་བའི་ནུས་པས་རྨའི་ཁྲག་གཅོད།   སྐྲན་འདྲིལ་བཤིག རྣག་འབིགས།   རྣག་དང་ཆུ་སེར་སྐེམ།  

མཆིན་ནུས་གསོ་ཞིང་མིག་ལ་ཕན།  གཙོ་བོ་མིག་དམར་སྒྲིབ་སྐྲངས་ནས་ན་བ།  མཐོང་སྐྱི་ལིང་ཏོག མགོ་བོ་སྐྲང་སྦོས་ཐེངས་པ་སོགས་ལ་ཕན།  

明目,潜阳。用于目赤肿痛,角膜云翳,头胀眩晕。

གླ་རྩི།  

麝香

རྒྱུ་བ་དང་མི་རྒྱུ་བའི་དུག་རིགས་སྤྱི་དང་།   ཁྱད་པར་སྦྲུལ་དུག་ལ་སོགས་སེལ།   ལུས་ཕྱི་ནང་ཀུན་ཏུ་ཞུགས་པའི་སྲིན་རིགས།   མཆིན་མཁལ་སོགས་དོན་སྣོད་ཀྱི་ཚད་པ།   གཉན་རིམས།   ཁོང་འབྲས་ལ་སོགས་འཇོམས།  

དབང་པོ་བསང་བ་དང་། འཕྲེད་རྩ་དང་གཞུང་རྩ་བསང་བ། སྐྲངས་པོ་འཇགས་པ་དང་ན་ཟུག་གཅོག་པ་བཅས་ལ་ཕན། གཙོ་བོ་བརྒྱལ་གཟེར་གིས་དྲན་མེད་དུ་བརྒྱལ་བ་དང་། ཀླད་ཁྲག་ལུད་པའི་རྐྱེན་གིས་ལུད་པ་འགགས་པ། འཁྱགས་ནས་གྲོད་ཁོག་ན་བ། གཉན་འབུར་དང་དུག་སྐྲངས། བརྡབས་ཆག་རྨས་སྐྱོན་བྱུང་བ་སོགས་བཅོས་ཐུབ།【3】512

 开窍醒神,活血通经,消肿止痛。用于热病神昏,中风痰厥,气郁暴厥,中恶昏迷,经闭,癥瘕, 难产死胎 ,胸痹心痛, 心腹暴痛,跌扑伤痛, 痹痛麻木, 痈肿瘰疬,咽喉
肿痛。

དོམ་མཁྲིས།

熊胆

ནུས་པས་རྩ་ཁ་འཛིན་ཞིང་ཁྲག་ཤོར་གཅོད། རྨ་གསོ། རྨའི་ཤའུ་སྐྱེད། རྨ་ངན་རུལ་བ་གཅོད། མཁྲིས་པའི་ནད་སེལ། ཁྱད་པར་མཁྲིས་པ་ཁ་ལུད་སྡོམ། མིག་ནད་དམར་ཚག་དང་གཤེར་ཚག་རབ་རིབ་བཅས་ལ་ཕན།

ཚ་བ་སེལ་བ་དང་མིག་གསལ་རུ་འགྲོ་བ། འབུ་གསོད་པ་བཅས་ལ་ཕན། གཙོ་བོ་མིག་དམར་ཞིང་ལིང་ཏོག་སྐྱེ་བ་དང་། གྲང་མཁྲིས། ཚ་བ་རྒྱས་ཆེ་བས་སྨྱོ་བ། བྱིས་པའི་འདར་ཧྲེངས། རྨ་ངན་གཉན་འབུར། རྒྱུ་མའི་ནང་གི་གཞན་བརྟེན་སྲིན་འབུ་སོགས་བཅོས་ཐུབ།【3】318

清热解毒,息风止痉,清肝明目功效。热极生风,惊痫抽搐、热毒疮痈、目赤翳障。

ནགས་སྦལ།  

蛤蚧

ནུས་པས་མཁལ་ནད་གྲང་བ་སེལ།  མཁལ་ནུས་ཉམས་པ་གསོ།  རོ་ཙ་ཁུ་བ་སྐྱེད།  ལུས་ཟུངས་ཟད་པ་གསོ་ཞིང་གློ་གཅོང་སོགས་ལ་ཕན།  

རྩངས་པ་ཁ་རལ་གི་མིག་ལ་དུག་ཡོད། གློ་བ་དང་མཁལ་མ་གསོ་བ་དང་། ཁུ་བ་འཕེལ་ཞིང་རོ་ཙ་རྒྱས་པ། གློ་རྒྱག་པ་དང་དབུགས་ཧལ་བ་འཇགས་པ་བཅས་ལ་ཕན། གཙོ་བོ་གཅོང་ནད་གིས་གློ་བ་འཁུམས་པ་དང་། གློ་རྒྱག་དུས་དབུགས་ལམ་ནས་ཁྲག་དོན་པ། སྐོམ་དད་སེལ་བ། དབང་རྩ་ཉམས་པ་སོགས་བཅོས་ཐུབ།【3】551

 补肺益肾, 纳气定喘,助阳益精。用于肺
肾不足, 虚喘气促,劳嗽咳血, 阳痿, 遗精。

 

གསུམ་པ། འདུལ་སྦྱོང་ལག་ལེན་བསྟན་པ།

འདུལ་སྦྱོང་ལག་ལེན་ཞེས་པ་ནི་བོད་ལུགས་སམ་ཀྲུང་ལུགས་གསོ་རིག་གི་རིག་པའི་གཞུང་ལུགས་གཞིར་བཟུང་སྟེ་ནད་གཞིའི་གནས་ཚུལ་དང་སྨན་གྱི་ངོ་བོ་།  སྡེབ་སྦྱོར་།  ཁ་བསྒྱུར་སོགས་དགོས་དབང་མི་འདྲ་བར་དམིགས་ཏེ་སྨན་རིགས་ཁག་གཅིག་བརྔོ་བ་དང་།  བཙོ་བ།  བསྲེག་པ།  བཀྲུ་བ་སོགས་ཐབས་མི་འདྲ་བ་དུ་མ་ལ་བརྟེན་ནས་སྨན་གྱི་ཕོག་དུག་རང་བཞིན་ཆུང་དུ་གཏོང་བ་དང་སྨན་རྒྱུའི་ནུས་པ་ཇེ་བཟང་དུ་གཏོང་བ།  སྨན་ནུས་ཆེ་རུ་གཏོང་བ།  སྨན་གྱི་གཤིས་ནུས་བསྒྱུར་བཅོས་བཅས་ཀྱི་ལག་ལེན་ལ་བྱ་ཞིང་། འདིར་རུ་ཀྲུང་ལུགས་གསོ་རིག་གི་འདུལ་སྦྱོང་ཐབས་ཤེས་སམ་ལས་སྣོན་

རེ་རེ་ནས་འཆད་པར་བྱ་སྟེ།

གཅིག  འདུལ་སྦྱོང་བྱེད་མི་དགོས་པར་གཙང་སེལ་ལེགས་པོ་བྱས་རྗེས་སྨན་དུ་སྤྱད་ཆོག་པ་ནི། དཔེར་ན།སྒ་སྐྱ་དང་།  མ་ནུ་པ་ཏྲ།  འབྲ་གོ་དམར་པོ།  ནཱ་ག་གེ་སར།  ཙམ་པ་ཀདབྱར་རྩྭ་དགུན་འབུ།  ལྕམ་འབྲས།  གཡེར་ཤིང་མཆོགཁ་ཆེ་གུར་གུམ།  ལྡུམ་གུར་གུམ།  ན་ལེ་ཤམ།  ཕོ་རིས་ནག་པོ།  ཟི་ར་ནག་པོ།  སྦྲང་རྩི།  ལི་ཤི བཙོད།  གངས་ཐིགས།  གླ་རྩི།  མཁལ་ཞོ་དམར་པོ།  འདྲེ་ཤ་མ།  ཕ་ཝང་སྒོ་ཏི།  རྒྱ་རྩི༼ རྒོད་པ།   ༽སྤང་སྤོས།  ཤིང་ཚ།  སྲོ་ལོ་དམར་པོ།  སུག་སྨེལ།  སྤྲུ་སེར།  ཨར་སྐྱ།  ཨ་རུ་ར།  པི་པི་ལིང་།  རྟ་ལྤགས།  ཡུང་བ།   སྟབ་སེང་།  སྨན་སྒ བྲེ་ག འབྲི་མོག ཙན་དན་དཀར་པོ།  ཤུ་དག་དཀར་པོ།  པུ་ཤེལ་ཙེ།  སྒེ་གཤེར།  པ་ཏོ་ལ།  སྡིག་སྲིན་ནག་པོའང་སྡིག་པ་ར་ཙ།  ཁུར་མོང་སོགས་ལྟ་བུ།

གཉིས། བརྔོ་བ་ནི་ཐོག་མར་སྨན་རྫས་རུལ་སྐྱོན་གང་ཡང་མེད་པའི་སྤུས་ལེགས་གད་གཙང་བྱས་རྗེས་ཆེ་ཆུང་དབྱེ་བ་འབྱེད་ནས་ལྕགས་སླང་ནང་དུ་སྨན་རྫས་རྐྱང་པ་བརྔོས་བའམ་བརྔོས་རྫས་བྱེ་ཞིབ་སོགས་བླུག་ནས་བརྔོས་པ་ལ་ཟེར་སྟེ།  བརྔོས་རྫས་ཡོད་མེད་ལ་བརྟེན་ནས་སྨན་རྐྱང་བརྔོས་པ་དང་བརྔོས་རྫས་སྦྱོར་ནས་བརྔོས་པ་གཉིས་དུ་དབྱེ་ཆོག ཡང་སྨན་རྐྱང་བརྔོས་པ་ལ་རྩི་ཧྲོག་ཙམ་བརྔོས་པ་དང་།  འཚིག་པ་བརྔོས་པ།  སོལ་བ་ཙམ་བརྔོས་པ་གསུམ་དུ་དབྱེ་བ།  བརྔོས་རྫས་སྦྱོར་ནས་བརྔོས་པ་ལ་གྲོ་ལྤགས་དང་།  འབྲས།  ས།  བྱེ་ཞིབ།  མགྲོན་ཐལ།  ཧ་ཤིག་ཐལ་བས་བརྔོས་པ་བཅས་དབྱེ་བ་དྲུག་ཏུ་འབྱེད་པ།  རྩི་ཧྲོག་བརྔོས་པ་ལ་སྲོལ་རྒྱུད་དུ་འབྲས་བུ་སྨན་རྣམས་ངེས་པར་བརྔོས་ཞེས་བཤད་ཚུལ་ཡོད་པས་བྱི་བཟུང་དང་སྲོ་མ་ནག་པོ།  ཐལ་ཀ་རྡོ་རྗེ།  གཡེར་མ།  ཡུངས་ཀར།  ཀ་ཀོ་ལ།  ཏིལ་ནག གཟེ་མ།  གོ་ཡུ་སོགས་རྗེན་ཐོན་ཙམ་བརྔོས་ནས་སྨན་སྦྱོར་ཅི་རིགས་སུ་སྤྱོད་དགོས།  གོ་ཡུ་འཚིག་པའམ་བརྔོས་སྲོལ་ཡོད་པས་དང་ག་འབྱེད་ཞིང་ཁ་ཟས་འཇུ་བའི་ནུས་པ་སྐྱེད།  བཙོད་དང་།  སྒ་སྐྱ།  སེ་འབྲུ་ལྤགས་རྣམས་སོལ་བ་ཙམ་བརྔོས་པས་ཕྱི་མདོག་ནག་ལ་ནང་མདོག་སྨུག་པོ་བྱེད།  གཙོ་བོ་ཁྲག་དང་བཤལ་བ་གཅོད་པའི་ནུས་པ་སྐྱེད།  ཛཱ་ཏི་གྲོ་ལྤགས་བརྔོས་རྫས་སུ་སྦྱར་ནས་བརྔོས་པས་ཛཱ་ཏི་སྤྱི་རྒྱ་༡༠༠་ལ་གྲོ་ལྤགས་སྤྱི་རྒྱ་༤༠་དགོས།  མདོག་ཁམ་སྨུག་ཙམ་དུ་བརྔོས།   བྱང་པ་འབྲས་གྱི་བརྔོས་རྫས་སྦྱར་ནས་བརྔོས་དགོས་པས།  མགོ་དང་རྐང་ལགགཤོག་སྒྲོ་འདོར།  སྨན་རྫས་སྤྱི་རྒྱ་༡༠༠་ལ་འབྲས་སྤྱི་རྒྱ་༢༠་སྦྱོར།     གཙོ་བོ་དྲི་མ་གཅོད་ཅིང་དུག་ཤེད་ཆུང་དུ་གཏོང་།  ཀླུ་བདུད་རྡོ་རྗེ་རྩ་བ་དུག་འདོན་བྱེད་ལུགས་གཅིག་ལ་འབྲས་གྱི་བརྔོས་སྲོལ་ཡོད་པས་གཙོ་བོ་མཆེར་ནད་སེལ་ཞིང་བཤལ་བ་གཅོད་པའི་ནུས་པ་སྐྱེད།  ས་ཡི་བརྔོས་ཐབས་སུ་འབྲེལ་ཡོད་སྨན་རྫས་མེད་པས་འདིར་མ་བཀོད།  ལྡུམ་བུ་རེ་རལ་དང་ཀོ་བྱི་ལ་སྤུས་ལེགས་གད་གཙང་བྱས་ཐོག་ལྕགས་སླང་ནང་སྲིད་པའི་བྱེ་ཞིབ་ཚ་པོ་བཟོས་པའི་དབུས་སུ་རྗེན་ཐོན་ཙམ་བརྔོས་ནས་སྨན་སྦྱོར་ཅི་རིགས་སུ་སྤྱོད་པ།  སྲིན་བུ་པད་མ་ཧ་ཤིག་ཐལ་བ་ནང་དུ་བརྔོ།  

གསུམ། སྨན་ཁུ་ནང་དུ་སྦངས་ནས་བརྔོ་བ་ནི་ཐོག་མར་སྨན་རྫས་རུལ་སྐྱོན་གང་ཡང་མེད་པའི་སྤུས་ལེགས་གད་གཙང་བྱས་རྗེས་ཆེ་ཆུང་དབྱེ་བ་འབྱེད་ནས་ལྕགས་སླང་ནང་དུ་སྨན་གྱི་ཁུ་བས་སྦངས་ནས་བརྔོས་པ་ལ་ཟེར་ཏེ།  ཁུ་བ་ལ་དབྱེ་ན་ཆང་དང་།  སྐྱུར་ཁུ།  ལན་ཚྭ་དང་སྒ་སྐྱའི་ཁུ་བ།  སྦྲང་རྩི།  སྣུམ་བཅས་དྲུག་ཡོད།  ལྕགས་སྦྲུལ།  ལྕུམ་རྩ།  ལྕ་བ།  མྱང་རྩི་སྤྲས་སོགས་སྨན་རྫས་སྤྱི་རྒྱ་༡༠༠་ལ་ཆང་བཟང་སྤྱི་རྒྱ༡༠ནས་༢༠བར་གྱི་ནང་དུ་ཡོན་ཙམ་སྦངས་ནས་ཁུ་བ་རང་ཐིམ་བར་བརྔོས་ཐོག་བསྐམས་ནས་སྨན་སྦྱོར་བྱས་ཆོག གཙོ་བོ་རྩ་ཁ་ཕྱེ་ཞིང་སྨན་ནུས་སྟོད་དུ་ཁྲིད།  ་དྲི་མ་བཅོས་ཞིང་སྨན་ནུས་སྒྱུར།  སྐྱུར་ཁུ་ནང་དུ་སྦངས་ནས་བརྔོས་བའི་སྨན་རྫས་ནི་སུ་མི་སེར་པོ།  གུ་གུལ།   དཔའ་བོ་དཀར་པོ།  (柴胡) ་སྨན་རྫས་སྤྱི་རྒྱ་༡༠༠་ལ་སྐྱུར་ཁུ་སྤྱི་རྒྱ༡༠ནས་༢༠བར་གྱི་ནང་དུ་ཡོན་ཙམ་སྦངས་ནས་ཁུ་བ་རང་ཐིམ་བར་བརྔོས་ཐོག་བསྐམས་ནས་སྨན་སྦྱོར་བྱས་ཆོག གཙོ་བོ་མཆིན་ནད་སེལ་དང་རྩ་ཁ་ཕྱེ།  གཟེར་ཟུག་འཇོམས་བའི་ནུས་པ་སྐྱེད།  སྨན་དུག་སེལ་ཞིང་བྲོ་བ་བཅོས།  ལ་ལ་ཕུད།  ཐ་རམ།  ཤུ་མོ་ཟ་རྣམས་ནི་སྨན་རྒྱ་མ་བརྒྱ་ལ་ལན་ཚྭ་རྒྱ་མ་དོ་ཡི་ཁུ་བ་ནང་སྦངས་ནས་ཁུ་བ་རང་ཐིམ་བར་བརྔོས་ཐོག་བསྐམས་ནས་སྨན་སྦྱོར་བྱས་ཆོགགཙོ་བོ་མཁལ་ནུས་གསོ་ཞིང་སྨན་ནུས་སྨད་དུ་ཁྲིད།  ཀ་ཀོ་ལ་དང་སྨྱུག་རྩི་གཉིས་སྨན་རྒྱ་མ་བརྒྱ་ལ་སྒ་སྐྱ་རྒྱ་མ་བཅུའི་ཁུ་བ་ནང་སྦངས་ནས་ཁུ་བ་རང་ཐིམ་བར་བརྔོས་ཐོག་བསྐམས་ནས་སྨན་སྦྱོར་བྱས་ཆོག་པས་གཙོ་བོ་སྐྱུག་མེར་ལངས་པ་སེལ།  མཚེ་ལྡུམ་དང་ཤིང་མངར་གཉིས་སྨན་རྒྱ་མ་བརྒྱ་ལ་སྦྲང་རྩི་རྒྱ་མ་ཉེར་ལྔའི་ཁུ་བ་ནང་སྦངས་ནས་ཁུ་བ་རང་ཐིམ་བར་བརྔོས་ཐོག་བསྐམས་ནས་སྨན་སྦྱོར་བྱས་ཆོག་པས་གཙོ་བོ་ལུས་ཟུངས་གསོ་ཞིང་ལུ་བ་གཅོད་པའི་ནུས་པ་སྐྱེད།  གླ་ཆེན་ཆིག་ཐུབ་དང་རྩངས་པ་གཉིས་སྣུམ་བྱུགས་ནས་བརྔོས་དགོས་པས་གཙོ་བོ་ཟུངས་སྟོབས་གསོ་བའི་ནུས་པ་སྐྱེད།  

བཞི། བསྲེག་པ་ནི་ཐོག་མ་སྨན་རྫས་རྣམས་ཆེ་ཆུ་མཐེབ་མོ་ཙམ་བརྡུངས་རྗེས།  བསྲེག་སྣོད་དུ་བླུག་ནས་སོལ་མེས་ཚོས་པར་བསྲེག་པའི་ཐབས་ཏེ།  ཧར་བསྲེག་དང་ངར་སྐྱེད་བསྲེག་ཐབས།  ནུས་བསྲེག་བཅས་གསུམ་དུ་དབྱེ།  འགྲོན་བུ་སྨུག་པོའམ་ཆེ་བ།  ཉ་ཕྱིས།  ད་ཚུར།  གངས་ཐིགས།  ཅོང་ཞི།  ཚ་ལ།  འབྲུག་རུས།  པ་ཏྲ་རྣམས་ཧར་བསྲེག་བྱེད་པ།  རང་བྱུང་གི་ཟངས།  ཁབ་ལེན།  སྨུག་པོ་སྦལ་རྒྱབ་གསུམ་སོལ་མེས་ཚོས་པར་བསྲེག་རྗེས་སྨན་རྫས་རྒྱ་མ་བརྒྱ་ལ་སྐྱུར་ཁུ་རྒྱ་མ་སུམ་ཅུ་ཙམ་གྱི་ནང་དུ་བཙོ་ནས་སླར་ཡང་སོལ་མེས་བསྲེགས་དེ་འདྲ་ལེན་མང་བཙོ་ནས་སྐྱུར་ཁུ་ཡོངས་རྫོགས་སྨན་དུ་ཐིམ་དེ་བསྐམས་ནས་སྨན་དུ་སྤྱོད་ཆོགཏི་ཚ་སྔོན་པོ་ཆུའི་ནང་དུ་ངར་སྐྱེད་དགོས་པས་མ་ཚོས་པ་ཏིལ་འབྲུ་ཙམ་ཡང་དུག་ཡིན་པས་གཏོང་མི་རུང་།  ཁུ་བ་དེ་ཉིད་དར་ཚགས་ལེགས་པར་བྱས་ནས་སྣོད་ཡངས་ནང་བླུགས།  དྭངས་བསིང་ཕྱེ་བའི་ཁ་ཆུ་ཕྱིར་འཕོ།  སྣོད་ཞབས་ཀྱི་གར་ལ་སྐྱོ་མ་དེ་བསྐམས་ནས་སྨན་དུ་སྤྱོད་རྒྱུ།  

ལྔ། བཙོ་བ་ནི་བསེ་ཡབ་དང་དཔའ་བོ་ཆེན་མོ(天麻)སོགས་ཆུ་གཙང་གྱི་རླངས་པ་ནང་དུ་ཚོས་པ་བཙོ་ནས་གཏུབ་རྗེས་བསྐམས་ནས་སྨན་དུ་སྤྱོད་རྒྱུ།  ར་མཉེ་ཆང་གི་རླངས་པའི་ནང་དུ་ཚོས་པ་བཙོ་ནས་གཏུབ་རྗེས་བསྐམས་ནས་སྨན་དུ་སྤྱོད་ཆོག བོང་ང་གད་གཙང་བྱས་རྗེས་ཆུ་གཙང་ནང་དུ་ཆུ་ཚོད་༤་ནས་༧་བར་སྦངས་རྗེས་རླངས་པའམ་ཆུ་གཙང་དུ་ཆུ་ཚོད་དྲུག་ཙམ་བཙོ་ནས་ཁ་ལྕེ་ཅུང་ཙམ་སྦྲིད་ཐོག་བསྐམས་ནས་སྨན་དུ་སྤྱོད་རྒྱུ།  མུ་ཟི་སེར་པོ(硫黄)མུ་ཏིག་གཉིས་ཏོའུ་ཧྥུ(豆腐)ནང་དུ་ཆུ་ཚོད་གཉིས་ཙམ་བཙོ་རྗེས་ཆུ་གཙང་གི་བཀྲུ་ནས་སྨན་དུ་སྤྱོད་པ།  དྭ་གཡུང་དུག་འདོན་ལ་སྨན་རྒྱ་མ་༡༠༠་ལ་ཤིང་མངར་རྒྱ་མ་༡༥་དང་རྡོ་ཐལ་རྒྱ་མ་༡༠་གྱི་ཁུ་བ་ནང་དུ་སྦངས་ནས་ཉིན་རེ་ཐེངས་གཉིས་རེ་བསྲེས་དཀྲུགས་བྱེད།  རོ་མྱག་ཚེ་ཅུང་སྦྲིད་ཡོད་དུས་ཆུ་གཙང་བཀྲུ་ནས་བསྐམས་རྗེས་སྨན་དུ་སྤྱོད།  ལུགས་གཅིག་ལ་སྨན་རྒྱ་༡༠༠་ལ་ཚུར་དཀར་རྒྱ་མ་༢༠་གྱི་ཁུ་བ་ནང་དུ་སྦངས་ནས་རོ་མྱག་ཚེ་ཅུང་སྦྲིད་ཡོད་དུས་ཆུ་གཙང་བཀྲུ་ནས་བསྐམས་རྗེས་སྨན་དུ་སྤྱོད་པ་དང་།  སྨན་རྒྱ་༡༠༠་ལ་སྒ་སྐྱ་རྒྱ་མ་༢༥་དང་ཚུར་དཀར་རྒྱ་མ་༡༢་ཙམ་གྱི་ནང་དུ་སྦངས་ནས་བཀྲུ་བསྐམས་བྱེད་རྗེས་སྨན་དུ་སྤྱོད་ཆོགདྭ་བ་ཆུ་གཙང་ནང་དུ་ཡང་ཡང་སྦངས་རྗེས་དྭ་བ་རྒྱ་མ་༡༠༠་ལ་ཚུར་དཀར་རྒྱ་མ་༢་གཏབ་ནས་ཉིན་གཅིན་སྦངས།  རྗེས་སུ་སྒ་སྐྱ་དང་ཚུར་དཀར་གཉིས་རྒྱ་མ་༡༢རེ་ནང་དུ་བཙོ།  རོ་མྱགས་ཚེ་ལྕེ་ཅུང་ཙམ་སྦྲིད་དུས་བཀྲུ་བསྐམས་བྱེད་རྗེས་སྨན་དུ་སྤྱོད་པ།  

དྲུག  གཞན་ཛཱ་ཏི་གྲོ་ལྤགས་དང་གྲོ་ཕྱེ།  ཤོག་བུ།  ཧ་ཤིག་ཐལ་ནང་དུ་བཏུམས་ནས་བག་ཙམ་བསྲེག་སྲོལ་ཡོད་པས་ཛཱ་ཏི་རྒྱ་མ་༡༠༠་ལ་གྲོ་ལྤགས་རྒྱ་མ་༤༠ཡང་ན་གྲོ་ཕྱེ་རྒྱ་མ་༥༠།  ཧ་ཤིག་ཐལ་བ་རྒྱ་མ་༥༠་ནང་བསྲེག་དགོས་པས།  གཙོ་བོ་དུག་འདོན་བྱེད་རྗེས་ཛཱ་ཏི་ནང་དུ་སྣུམ་ཉུང་དུ་འགྲོ་བས་བཤལ་བ་གཅོད་ཅིང་ཕོ་མཆེར་གྲང་བ་སེལ་བའི་ནུས་པ་སྐྱེད།  ཨ་རུ་ར་གྲོ་ལྤགས་དང་ཡང་ན་གྲོ་ཕྱེ་ནང་དུ་བཏུམས་ནས་བག་ཙམ་བསྲེག་སྲོལ་ཡོད།  སྨན་རྒྱ་༡༠༠་ལ་གྲོ་ལྤགས་རྒྱ་མ་༣༠་དང་གྲོ་ཕྱེ་རྒྱ་མ་༥༠ནང་དུ་བསྲེག  གཙོ་བོ་ཡུན་རིང་བཤལ་བའི་རྒྱུ་རྒན་ནད་དང་ཁྲག་བཤལ་བ་ལ་ཕན།  རུ་རྟ་དང་མ་ནུ་གཉིས་ཤོག་བུ་ནང་དུ་བཏུགས་ནས་སྲོ་སྐམ་བྱེད་རྗེས་ཤོག་བུ་དོར་ནས་སྨན་དུ་སྤྱོད་རྒྱུ།  དུག་འདོན་བྱེད་རྗེས་ཤོག་བུ་སྣུམ་ལེན་འགྲོ་པས་རྒྱུ་མ་གཟེར་ཟུག་ལངས་ཞིང་བཤལ་བའི་ནུས་པ་སྐྱེད།  མཛེ་ཚྭ་དུག་འདོན་ལ་རང་བྱུང་མཛེ་ཚྭ་ཆུ་གཙང་བླུག་ནས་མ་ཞུ་བར་དུ་བཙོ།  ས་རྡོ་ཡོད་ཚད་དར་ཚགས་སུ་དྲངས་ནས་དྭངས་ཁུ་གྲང་དུ་བཞག རྗེས་སུ་མཛེ་ཚྭ་རྒྱ་མ་༡༠༠་ལ་ལ་ཕུག་རྒྱ་མ་༢༠་ཚད་གཏུབ་ནས་སྐོལ་བའི་ཁུ་བ་ནང་དུ་མཛེ་ཚྭ་དྭངས་ཁུ་བསྲེད་ནས་ཅུང་ཙམ་བཙོ།  དེ་རྗེས་ཚགས་སུ་དྲངས་ནས་དྭངས་ཁུ་གྲང་དུ་བཞག་པའི་ཐོག་ཏུ་སོབ་ཅིང་སྙི་བའི་དཀར་དྭངས་ཤེལ་རྡོ་འདྲ་བ་རྣམས་སྣོད་དུ་ཁ་དམ་པོ་བརྒྱབ་ནས་སྐམ་སར་ཉར་ཚགས་བྱེད་ནས་སྨན་དུ་སྤྱོད་རྒྱུ།  མཛེ་ཚྭ་དུག་འདོན་མ་བྱས་གོང་སྙིགས་རོ་མང་བས་ཁོང་དུ་གཏོང་མི་རུང་།  ལ་ཕུག་གྱི་དུག་འདོན་བྱེད་རྗེས་རོ་ལན་ཚ་དང་བསིལ་བའི་རང་བཞིན་སྙོམས་པ་བྱེད་པས་ཁ་ཟས་མི་འཇུ་བ་དང།  ཁོག་པ་སྦོས་བརྒྱངས་བྱེད་པ།  བཤང་བ་འགགས་པ་སེལ་བའི་ནུས་པ་སྐྱེད།  ཡ་བཀྵ་ར་ནི་མཛེ་ཚྭ་དང་རྒྱུ་གཅིག་པས་འདི་སྣོད་གཙང་གྱི་ནང་དུ་ཉུང་ཙང་བླུགས་ནས་མཁའ་རླུང་ནང་ཡུན་དུ་བཞག་ན་ཆུ་མེད་པའི་ཕྱེ་མ་དཀར་པོར་འགྱུར་བ།  མྱངས་ན་རོ་ཁ་ཞིང་ལན་ཚ་ལ་བསིལ་ཉམས་ཅན་ཁར་འཇུ་བ་བཅས་ལེན་ནས་སྨན་དུ་སྤྱོད་ཆོག དེ་ཡང་རྒྱ་ཚྭ་ཡི་དུག་འདོན་ལག་ལེན་ནི།  ལུས་ཀྱི་ཕྱི་ལ་སྤྱོད་དུས་དུག་འདོན་ལས་སྣོན་རིགས་བྱ་མི་དགོས་ཀྱང་།  ཁོང་དུ་གཏོང་དུས་ཆུ་ཁོལ་ནང་དུ་ཞུ་ནས་དར་ཚགས་སུ་དྲངས།  རྒྱ་ཚྭ་རྒྱ་མ་༡༠༠་ནང་དུ་སྐྱུར་ཁུ་རྒྱ་མ་༥༠་ཚད་དུ་སྨན་རྫས་གཉིས་ཀ་ཏོ་རའི་ནང་དུ་བླུགས།  ཀ་ཏོ་ར་དེ་སྣོད་གཞན་གྱི་ནང་དུ་བཞག་ནས་བཙོ།  ཁུ་བ་ཐོག་ཏུ་ཐོན་པའི་དཀར་དྭངས་ཤེལ་རྡོ་འདྲ་བ་རྣམས་སྣོད་དུ་ཁ་དམ་པོ་བརྒྱབ་ནས་སྐམ་སར་ཉར་ཚགས་བྱེད་ནས་སྨན་དུ་སྤྱོད་རྒྱུ།  རྒྱ་ཚྭ་དུག་ཅུང་ཡོད་པས་སྐྱུར་ཁུའི་དུག་འདོན་བྱེད་རྗེས་ངན་ཁྲག་སེལ་བའི་ནུས་པ་སྐྱེད་ནས་ཀྲུང་ལུགས་དུ་འབྲས་སྐྲན་ནད་ལ་སྤྱོད་པ་མང་།  ཅོག་ལ་མའམ་མཚལ།  མུ་ཏིག ཧ་ཤིག ལྡོང་རོས་སོགས་དུག་འདོན་ལག་ལེན་གཅིག་པས་སོ་སོར་ཧྲོབ་བརྡུངས་སྲན་མ་ཙམ་བྱས་ཐོག་རྡོ་གཏུན་ནང་དུ་ཆུ་གཙང་བླུགས་ནས་ཞིབ་མོ་འདུལ།  མཚལ་ལ་ཁབ་ལེན་སྤྱད་ནས་དེའི་ནང་དུ་འདྲེས་པའི་ལྕགས་ཕྱེ་སོགས་འདྲས་ལྷག་གཙང་མ་བླངས།  དེ་ནས་ཆུ་མང་ཙམ་བླུགས་ནས་ལེགས་པ་དཀྲུག སྟེང་གི་སྨན་ཁུ་སྣོད་གཞན་ཞིང་དུ་ལེན།  སྨན་ཧྲོབ་རྣམས་ཡང་ལེགས་པ་འདུལ།  ཡང་བསྐྱར་གོང་གི་ལས་སྣོན་བྱས་ནས་ཞིབ་མོ་མ་འགྲུབ་བར་དུ་འདུལ།  རྗེས་མ་སྨན་ཁུ་རྣམས་མཉམ་དུ་བསྲེས་རྗེས་ཆུ་མང་ཙམ་བླུགས་ནས་ཞག་གཅིག་འཇོག དེ་ནས་སྟེང་ཆུ་རྣམས་ཕྱི་དོར་ནས་ཕྱེ་མ་སླར་རྡོ་གཏུན་ནང་དུ་འདུལ་རྗེས་བསིལ་སྐམ་བྱེད་ནས་སྨན་སྦྱོར་གང་དང་གང་དུ་སྤྱོད་ཆོག དོ་སྣང་བྱེད་དགོས་པར་མཚལ་དང་ལྡོང་རོས་གཉིས་ཀྱི་དུག་འདོན་ལས་སྣོན་ལ་ལྕགས་ཆས་ལ་འཛེམ་པ།  ལྡོང་རོས་(二硫化二砷.As2S2)དབྱང་རླུང་ཡོད་པའི་གནས་ཚུལ་འོག་དྲོད་གཏོང་ནས་དུག་འདོན་ལས་སྣོན་བྱེད་མི་རུང་།  འདིར་མཚལ་གྱི་དུག་འདོན་ཞིབ་འཇུག་ཅུང་ཙམ་བརྗོད་པས་མཚལ་གྱི་གྲུབ་ཆ་གཙོ་བོ་ལིའུ་ཧྭ་ཀུང་HgS(硫化汞)ཡིན་པ་དང་།  དུག་ཡོད་པ་ནི་དངུལ་ཆུ་འདྲེས་ཚད་ཆེ་བས།  འདིར་དངུལ་ཆུ་ལ་ཞུ་རུང་བའི་རང་བཞིན་ཡོད་པས(游离汞和可溶性汞盐)ཞིབ་མོ་འདུལ་ནས་ཆུ་གཙང་གི་ཡང་ཡང་དག་པ་བཀྲུས་བཤལ་བྱས་རྗེས་དངུལ་ཆུ་དེ་ཆུ་ནང་དུ་ཞུ་ཐུབ།   གོང་མ་གྲུབ་ཆ་གཙོ་བོ་དེ་ཆུ་ནང་དུ་ཞུ་མི་ཐུབ་པས་ནུས་པ་ལ་གནོད་པ་མེད།  

བོད་རྒྱ་གསོ་རིག་གཉིས་ཀྱི་སྦྱོར་བ་སྨན་འདིར་ཞིབ་འཇུག་དང་གཤིབ་བསྡུར་བྱེད་པའི་ཁྲོད་དེ་གཉིས་བར་འདྲ་མི་འདྲ་མང་ཏུ་བྱུང་ལ།  དེ་ལས་རིག་པ་འགའ་ཞིག་རང་གཞན་གཉིས་ཀྱིས་ཕན་ཚུན་བསྡུ་ལེན་བྱས་ནས་སྔར་ཡོད་ཇེ་ལེགས་དང་མེད་པ་ཁ་གསབ་བྱེད་ཐུབ་ན་རང་གཞན་གཉིས་ཀྱི་གསོ་བ་རིག་པ་ཇེ་ཕྱུག་ཏུ་འགྲོ་བར་གདོན་མི་ཟ་ལ།  ཡང་སྤང་རྩི་དོ་བོ་དང་བ་རུ་ར།  སྐྱུ་རུ་ར།  འོལ་མོ་སེ།  སྟར་བུ།  རྟ་ལྤགས།  ཧོང་ལེན་རྣམས་ཀྲུང་གོ་སྨན་མཛོད་ཆེན་མོ་ནང་དུ་བོད་ཀྱི་སྨན་རྒྱུ་ཡིན་ཞེས་འཇུག་ཡོད་པས་མུ་མཐུན་དུ་དེ་ལྟར་བུ་བོད་ཀྱི་གསོ་རིག་རིག་གཞུང་གཞི་བྱེད་ནས་དེང་རབས་ཚན་རྩལ་གྱི་རྨང་གཞིའི་ཞིབ་འཇུག་མང་ཙམ་བྱེད་ན། དཔེ་དབྱར་རྩྭ་དགུན་འབུ་དང་བྱ་རྒོད་སུག་པ།  སྲོ་ལོ་དམར་པོ་ལྟར་རྒྱལ་ཡོངས་ལ་ཁྱབ་ཞིང་རང་གཞན་གཉིས་ལ་ཕན་ཐོག་ཡོང་བ་སྨོན།  ད་ལྟར་འདིར་བརྗོད་པ་ནི་རྒྱ་མཚོ་ནང་གི་ཆུ་ཐིགས་ཙམ་ཡིན་པས་རྗེས་རབས་པ་རྣམས་ཀྱི་ཕྱོགས་འདི་ལ་མུ་འཐུད་དུ་ཞིབ་འཇུག་བྱེད་རྒྱུ་ནི་ཤིན་ཏུ་དགོས་གལ་ཆེ་སྙམ།  དེ་ཡང་རང་ཉིད་ཀྱི་རྨང་གཞི་ཞན་པ་དང་ཉམས་མྱོང་དབུལ་བས་འདིར་ཚིག་དོན་ནོར་བ་དང་འགལ་འཁྲུལ་སོགས་ཀྱི་ཆ་མང་དག་མཆིས་པས་མཁས་དབང་རྣམས་ནས་དགོངས་འཆར་ལྷུག་པོར་སྩོལ་གནང་ཞུ། བོད་རྒྱ་གསོ་རིག་གཉིས་ཀྱི་སྦྱོར་བ་སྨན་འདིར་ཞིབ་འཇུག་དང་གཤིབ་བསྡུར་བྱེད་པའི་ཁྲོད་དེ་གཉིས་བར་འདྲ་མི་འདྲ་མང་ཏུ་བྱུང་ལ།  དེ་ལས་རིག་པ་འགའ་ཞིག་རང་གཞན་གཉིས་ཀྱིས་ཕན་ཚུན་བསྡུ་ལེན་བྱས་ནས་སྔར་ཡོད་ཇེ་ལེགས་དང་མེད་པ་ཁ་གསབ་བྱེད་ཐུབ་ན་རང་གཞན་གཉིས་ཀྱི་གསོ་བ་རིག་པ་ཇེ་ཕྱུག་ཏུ་འགྲོ་བར་གདོན་མི་ཟ་ལ།  དེ་ཡང་ཀྲུང་གོ་སྨན་མཛོད་ཆེན་མོ་ནང་དུ་སྤང་རྩི་དོ་བོ་དང་བ་རུ་ར།  སྐྱུ་རུ་ར།  འོལ་མོ་སེ།  སྟར་བུ།  རྟ་ལྤགས།  ཧོང་ལེན་བཅས་བོད་སྨན་སྨན་རྫས་རྐྱང་བ་འགའ་ལས་མེད། དེ་བས་རང་ཅག་གིས་བོད་ཀྱི་གསོ་རིག་གཞུང་ལུགས་གཞི་བྱས་ནས་དེང་རབས་ཚན་རྩལ་དང་ཟུང་འབྲེལ་སྒོས། དཔེར་ན། དབྱར་རྩྭ་དགུན་འབུ་དང་བྱ་རྒོད་སུག་པ།  སྲོ་ལོ་དམར་པོ་སོགས་རྒྱལ་ཡོངས་ལ་ཁྱབ་ཞིང་རང་གཞན་གཉིས་ལ་ཕན་ཐོག་ཡོང་བ་ཞིག་བྱ་རྒྱུ་ནི་ཤིན་ཏུ་ལས་ཀྱང་གལ་ཆེའོ།།  དེ་ལྟར་འདིར་བརྗོད་པ་ནི་རྒྱ་མཚོ་ནང་གི་ཆུ་ཐིགས་ཙམ་ཡིན་པས་དཔྱོད་ལྡན་གསོ་རིག་ལ་འཇུག་མཁན་རྣམས་ཀྱིས་ཕྱོགས་འདི་ལ་མུ་འཐུད་དུ་ཞིབ་འཇུག་བྱེད་པར་འཚལ། དེ་ཡང་རང་ཉིད་ཀྱི་རྨང་གཞི་ཞན་པ་དང་ཉམས་མྱོང་དབུལ་བས་འདིར་ཚིག་དོན་ནོར་བ་དང་འགལ་འཁྲུལ་སོགས་ཀྱི་ཆ་མང་དག་མཆིས་པས་མཁས་དབང་རྣམས་ནས་དགོངས་འཆར་ལྷུག་པོར་སྩོལ་གནང་ཞུ།   །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1