སྤང་ལྗོངས་དང་ཆུ་ཕྲན་ཁྲོད་དུ་ནོར་ལུག་བག་ཡངས་ངང་རྒྱུ། སྔོ་ལྗང་གི་རི་ཀླུང་ཁྲོད་དུ་བེ་ཤའི་དྲི་ཞིམ་ཕྱོགས་བཞིར་ཁྱབ། ཟླ་7ཚེས་23ཉིན། འཛམ་གླིང་གི་སེམས་ཀྱི་ཉི་ཟླ་“བེ་ཤའི་ཕ་ཡུལ” གྱི་བེ་ཤ་འཐུ་པའི་དུས་ཆེན་དང་བེ་ཤ་ཡུལ་སྐོར་ལམ་ཐིག་གི་ཐོན་རྫས་ཡོངས་བསྒྲགས་ཚོགས་འདུ་སྐབས་དང་པོ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྐད་ཚག་ཤང་དུ་འཚོགས་ཤིང་། རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་ཚོང་པ་90ལྷག་ཙམ་གྱིས་བེ་ཤ་འཐུ་བའི་སྤྲོ་སྣང་ཉམས་སུ་མྱངས།
ད་ཐེངས་ཀྱི་བྱེད་སྒོ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་དང་། བདེ་ཆེན་ཁུལ་རིག་གནས་ཡུལ་སྐོར་ཅུས། སེམས་ཀྱི་ཉི་ཟླ་གྲོང་ཨུད་དྲིལ་བསྒྲགས་པུའུ། སྐད་ཚག་ཤང་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལེགས་ཚང་རིག་གནས་ཐོན་ལས་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་དང་བདེ་ཆེན་ཁུལ་ཕྱི་ཕྱོགས་དཔལ་འབྱོར་ཚོང་དོན་ཚད་ཡོད་སྤྱི་གཉེར་ཁང་བཅས་ཀྱིས་གཉེར་འགན་འཁུར་བ་ཞིག་རེད། དེའི་དམིགས་ཡུལ་ནི་གློག་རྡུལ་ཚོང་དོན་བརྒྱུད་སེམས་ཀྱི་ཉི་ཟླའི་བེ་ཤའི་སྤུས་རྟགས་བཏོད་དེ་མི་སེར་གྱི་ཡོང་འབབ་མཐོ་རུ་གཏོང་བ་དང་གྲོང་གསེབ་ཀྱི་ཡུལ་སྐོར་དར་རྒྱས་གཏོང་ཆེད་ཡིན་པ་རེད།
ཤེས་རྟོགས་བྱུང་བ་ལྟར་ན། 2018ལོའི་ཟླ་7པར་བདེ་ཆེན་ཁུལ་གྱིས་སེམས་ཀྱི་ཉི་ཟླ་ནས་འབའ་ལྷག་དཀར་རྫོང་། དེ་ནས་སྤམ་རྩེ་རགས་གླང་རྒྱུགས་གྲོང་ཚོ་བར་དང་། སེམས་ཀྱི་ཉི་ཟླ་ནས་ཐ་ཁྲིན་གྲོང་རྡལ་བར། སེམས་ཀྱི་ཉི་ཟླ་ནས་ཉི་ཤར་བདེ་སྐྱིད་གྲོང་ཚོ་བར། སེམས་ཀྱི་ཉི་ཟླ་ནས་སྐད་ཚག་བར། སེམས་ཀྱི་ཉི་ཟླ་ནས་མྱིག་ཟུར་བར། སེམས་ཀྱི་ཉི་ཟླ་ནས་སྨན་རི་གངས་རི་(མིང་ཡུང་)བར་རང་འཁོར་བཏང་སྟེ་འགྲོ་ཡུལ་སྐོར་ལམ་ཐིག་རྩེ་གྲ་6བཏོད་པས། ཡུལ་སྐོར་བས་བདེ་ཆེན་གྱི་སེམས་ཀྱི་ཉི་ཟླའི་བེ་ཤ་ཉམས་སུ་མྱོང་ཐུབ་པ་བྱུང་ཡོད།