ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་གིས་གཞུང་ཞབས་པའི་བཅའ་ཁྲིམས་ལག་བསྟར་བྱས་ཏེ་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་གཞུང་ཞབས་པའི་དཔུང་ཁག་འཛུགས་སྐྱོང་སྐོར་གྱི་བསམ་འཆར་པར་འགྲེམས་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་ལྗོངས་དྲ་བ། སྤེལ་དུས། 07-31



              ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་གིས་གཞུང་ཞབས་པའི་བཅའ་ཁྲིམས་ལག་བསྟར་བྱས་ཏེ་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་གཞུང་ཞབས་པའི་དཔུང་ཁག་འཛུགས་སྐྱོང་སྐོར་གྱི་བསམ་འཆར་པར་འགྲེམས་བྱས་པ་མ་ཟད་བརྡ་ཐོ་བཏང་ནས་རིམ་ཁག་ཏང་ཨུད་དང་དེའི་རྩ་འཛུགས་སྡེ་ཁག་གིས་གསར་དུ་བཟོ་བཅོས་བྱས་པའི་གཞུང་ཞབས་པའི་བཅའ་ཁྲིམས་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལ་བརྩིས་ཏེ། གསར་དུ་བཟོ་བཅོས་བྱས་པའི་གཞུང་ཞབས་པའི་བཅའ་ཁྲིམས་ལག་བསྟར་དང་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་གཞུང་ཞབས་པའི་དཔུང་ཁག་འཛུགས་སྐྱོང་གཉིས་ཟུང་སྦྲེལ་བྱེད་དགོས་པ་དང་། དད་སེམས་ལ་འགྱུར་བ་མེད་པ་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། དངོས་དོན་གཉེར་བ། འགན་འཁུར་ཕོད་པ། གཞུང་དྲང་སྤྱོད་གཙང་བཅས་ཀྱི་གཞུང་ཞབས་པའི་དཔུང་ཁག་གཅིག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
              བསམ་འཆར་ནང་། དོ་དམ་ནན་པོ་བྱ་རྒྱུ་རྒྱུན་འཁྱོངས་དང་། སྤྱོད་ཚུལ་སྦྱོང་བརྡར་ནན་པོ་བྱེད་པ། རྒྱུན་ལྡན་གྱི་དོ་དམ་ལྟ་སྐུལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། གཞུང་ཞབས་པའི་ཕྱོགས་ཡོངས་ཀྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་བྱ་རྒྱུར་ཤུགས་སྣོན་རྒྱག་པ། འགན་མི་འཁུར་བ་དང་། ལས་ཀ་མི་སྒྲུབ་པ། ལས་ཀ་གང་བྱུང་བྱེད་པ་སོགས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ། རྒྱུགས་ལེན་སྐོང་བསྡུ་དང་། སྦྱོང་བརྡར། ཞིབ་དཔྱད། འགན་གནས་ལས་རིམ་གྱི་བསྐོ་འཐེན་འཕར་ཆག བྱ་དགའ་ཆད་གཅོད། ལྟ་སྐུལ་དོ་དམ་སོགས་ཀྱི་ལས་དོན་ཁྲིམས་ལུགས་ཁྲིམས་སྲོལ་ལྟར་ནན་པོ་སྒྲུབ་དགོས། ཡང་དག་པའི་སྐུལ་ལྕག་ལ་ཤུགས་སྣོན་གྱིས་གཞུང་ཞབས་པའི་དཔུང་ཁག་གི་གསོན་ཤུགས་འཕེལ་བ་བྱེད་པ་དང་། གཞི་རིམ་གྱི་སྟོན་ཕྱོགས་འབུར་དུ་ཐོན་པ་དང་དེར་མཐོང་ཆེན་བྱས་ཏེ། གཞི་རིམ་གྱི་གཞུང་ཞབས་པའི་ཁུར་པོ་ཡང་དུ་ཏན་ཏིག་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1