ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཞའོ་ཡིའུ་ཚའེ་དང་། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི། རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཕིང་ཀྲི་དབྱིང་། ཁུལ་ཨུའི་རྒྱུན་ཨུ།ཁུལ་དཔོན་གཞོན་པ་ལི་ཤིན་ཝུན། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བློ་བཟང་ཆོས་འཕེལ། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དབྱང་ཀྲི་ཀུའེ། ཁུལ་དཔོན་གཞོན་པ་ཧོ་ཁང་ལིན་བཅས་བྱེད་སྒོར་ཞུགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོའི་ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་སྐབས་གཉིས་པའི་སྙན་ངག་འགྲན་བསྡུར་ལས་བརྩམས་ཆོས599བསྡུ་བའི་ནང་གཟབ་ནན་དང་གཞུང་དྲང་གིས་དཔྱད་འདེམས་བྱས་པར་བརྒྱུད་བྱ་དགའ་རིམ་པ་དང་པོ་དང་གཉིས་པ།གསུམ་པ་བཅས་དང་། དེ་བཞིན་ཕུལ་བྱུང་བྱ་དགའ་ཐོབ་པའི་བོད་རྒྱ་ཡིག་རིགས་གཉིས་ཀྱི་བརྩམས་ཆོས38དཔྱད་འདེམས་བྱས་པ་རེད།
འགོ་ཚུགས་མཛད་སྒོའི་ཐོག་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི། རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཕིང་ཀྲི་དབྱིང་དང་། ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་སྐལ་བཟང་འགྱུར་མེད། ལི་ཐང་རྫོང་ཨུའི་ཧྲུའུ་ཅི་དགེ་ལེགས་རྡོ་རྗེ་བཅས་ཀྱིས་སྐབས་གཉིས་པའི་ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་གྱི་རྩོམ་ཡིག་འགྲན་བསྡུར་སྐབས་གཉིས་པར་བྱ་དགའ་ཐོབ་པའི་བོད་རྒྱ་ཡིག་རིགས་གཉིས་ཀྱི་བྱ་དགའ་ཐོབ་པའི་འཐུས་མིར་བྱ་དགའ་སྤྲད་པ་རེད།