གཅིག ལས་གཞིའི་ཡོང་ཁུངས།
一、项目来源
རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་རྒྱུ་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་ཁག་ཐེག་དང་འབྲོག་ཁུལ་ཕྱུགས་འཕེལ་དང་འབྲོག་ལས་འཕེལ་རྒྱས། འབྲོག་དམངས་ཡོང་སྒོ་འཕར་སྣོན་བཅས་ལ་དགེ་ཕན་བླ་ལྷག་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྐྱེ་ཁམས་ཁོར་ཡུག་ལ་འཛུགས་སྐྲུན་དང་སྲུང་སྐྱོབ་བྱེད་རྒྱུ་འདིར་མཐོང་ཆེན་གནང་བཞིན་ཡོད་པ་མ་ཟད། ད་དུང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་དང་སྐྱེ་ཁམས་དཔལ་ཡོན་ཅན་འཛུགས་སྐྲུ་བྱེད་རྒྱུ་དེ་རྒྱལ་ཁབ་ཀྱི་གཞི་རྩའི་རྒྱལ་ཇུས་ཤིག་ཏུ་བརྩིས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ཆེན་པའོ་བཞིའི་གྲས་སུ་བཞག་ཡོད ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ལ་སྲུང་སྐྱོབ་དང་། འབྲོག་ལས་ཐོན་རྫས་ཚོང་རར་འགྲེམ་
རྒྱུ་ཁག་ཐེག་ཡོང་བ་དང་། འབྲོག་ཁུལ་དང་མི་རིགས་ས་ཁུལ་ལ་མཆོང་བརྒལ་ལྟ་བུའི་འཕེལ་རྒྱས་ཡོང་ཐུབ་པ་དང་། ཡུན་རིང་བདེ་འཇགས། འབྲོག་ཁུལ་གྱི་འབྲོག་དམངས་ལ་འདྲ་མཉམ་དུ་འབྱོར་འབྲིང་མངོན་འགྱུར་ཡོང་བ་བཅས་ཀྱི་ཆེད་དུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་2011ལོ་ནས་བཟུང་རྒྱལ་ཡོངས་ཀྱི་རྩྭ་ཐང་ཅན་གྱི་ཞིང་ཆེན་ས་ཁུལ་གཙོ་བོ་8དུ་ཁྱོན་ཡོངས་ནས་རྩྭ་ཐང་སྐྱེ་
ཁམས་སྲུང་སྐྱོབ་ཀྱི་གསབ་སྣོན་བྱ་དངུལ་གྱི་སྒྲིག་གཞི་འཛུགས་རྒྱུ་ཐག་བཅད་བྱས།གཉིས། གསབ་སྣོན་བྱ་དངུལ་སྒྲིག་གཞི་ལག་ལེན་དོན་འཁྱོལ་བྱེད་པའི་དགེ་ཕན་གཙོ་བོ།
二、贯彻落实补奖机制的重大意义
རང་བྱུང་རྩྭ་ཐང་ནི་ནང་ལོགས་ས་ཆའི་སྐྱེ་ཁམས་མ་ལག་གི་གཙོ་སྙིང་དུ་གྱུར་ཡོད་པ་མ་ཟད། རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱི་ཚེ་གང་གི་འཚོ་བ་རོལ་ས་ཡིན་ཞིང་། ཁྲོན་ནུབ་འབྲོག་ཁུལ་གྱི་གྲུབ་ཆ་གཙོ་བོ་ཞིག་དང་། འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་ཡི་འབྱུང་ཁུངས་ཤིག་ཀྱང་ཡིན་པས་སྐྱེ་ཁམས་ས་གནས་ཆེས་གལ་འགངས་ཆེ་བ་ཞིག་ཡིན།དཀར་མཛེས་ཁུལ་གྱི་རྩྭ་ཐང་སྐྱེ་ཁམས་སྲུང་
སྐྱོབ་ཀྱི་གསབ་སྣོན་བྱ་དངུལ་གྱི་སྒྲིག་གཞི་སྲིད་ཇུས་དོན་འཁྱོལ་བྱེད་པ་དེས་ཏང་དང་རྒྱལ་ཁབ་ཀྱིས་འབྲོག་ཁུལ་དང་འབྲོག་ལས། འབྲོག་དམངས་ལ་བཅིངས་བའི་བརྩེ་སེམས་དང་ཐུགས་ཁུར་མཚོན་ཡོད། དཀར་མཛེས་ཁུལ་གྱི་རྫོང་སོ་སོ་དང་། རྫོང་རིམ་པའི་འབྲེལ་ཡོད་སྡེ་ཁགརྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱིས་གསབ་དངུལ་སྲིད་ཇུས་ལག་བསྟར་བྱས་པ་འདིའི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན། མྱུར་ཕན་རང་བཞིན་ལ་ངོས་ཟིན་ཟབ་མོ་ཡོད་དགོས་པ་མ་ཟད། ལག་བསྟར་སྐུལ་སྤེལ་དེ་ཡུན་རིང་ཅན་དང་། རྙོག་འཛིང་ཅན། དཀའ་ཁག་ཅན་ཡིན་པ་གསལ་པོར་ཤེས་དགོས་ལ་གོམ་གང་མདུན་སྤོས་ཀྱིས་འགན་ཁུར་འདུ་ཤེས་དང་མྱུར་གལ་འདུ་ཤེས།བཀའ་བསྒྲུབ་འདུ་ཤེས་མཐོར་རུ་བཏང་ནས་དོན་དངོས་ནས་བསམ་བློ་དང་བྱ་སྤྱོད་རྒྱལ་ཁབ་དང་ཞིང་ཆེན།ཁུལ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་ཏུ་གཅིག་འགྱུར་ཡོང་དགོས། གསབ་དངུལ་སྲིད་ཇུས་ལག་བསྟར་བྱེད་རྒྱུ་དེ་ཞིབ་ཚགས་ཀྱིས་རྩ་འཛུགས་དང་འཐུས་ཚང་གིས་བཀོད་བསྒྲིགས། བརྟན་འཇགས་ཀྱིས་སྐུལ་འདེད་བྱས་ཏེ་རང་ཁུལ་གྱི་སྐྱེ་ཁམས་ཕྱུག་འབྲོག་ལས་ཀྱི་འབྱོར་ལྡན་ཁུལ་བསྐྲུན་པའི་གལ་ཆེའི་ལོ་རྒྱུས་ཀྱི་ལས་འགན་དེར་སྐུལ་སྤེལ་ཐུབ་པའི་ནུས་པ་ཐོན་དགོས་ཤིང་། གལ་ཆེའི་དོན་ཚན་དང་ལས་དོན་གྱི་གཙོ་སྙིང་དུ་བརྩིས་ཏེ་ཧུར་ཐག་གིས་ལྷོད་མེད་ཆད་མེད་ཀྱིས་བསྒྲུབས་ཏེ་འབྲས་བུ་འབུས་ཐུབ་པ་བྱ་དགོས་ལ། རང་ཁུལ་གྱི་རྩྭ་ཐང་སྐྱེ་ཁམས་གསབ་དངུལ་ཡུན་གནས་སྒྲིག་གཞི་དང་སྲིད་ཇུས་མ་ལག་དང་འཚམ་པ་ཞིག་དངོས་སུ་འཛུགས་དགོས།སྲིད་ཇུས་ལག་བསྟར་བྱས་རྗེས། རང་ཁུལ་གྱི་རྩྭ་ཐང་སྐྱེ་དངོས་ག་ལེ་སླར་གསོ་ཐུབ་ལ་རྩྭ་ཐང་སྐྱེ་ཁམས་ཁོར་ཡུག་ལེགས་བསྒྱུར་བྱ་ཐུབ། འབྲོག་མང་བསོགས་འདུག་ལ་ཚོད་འཛིན་ཀྱང་ཐུབ་པ་རེད། རྩྭ་ཐང་ཐོན་སྐྱེད་ནུས་པའང་ཇེ་མཐོར་འགྲོ་སྲིད། དེ་ནས་བཟུང་རྩྭ་ཐང་སྐྱེ་ཁམས་ག་ལེ་སླར་གསོ་ཐུབ་ཅིང་རྩྭ་ཐང་ཕྱུགས་འབྲོག་ལས་རྒྱུན་ཆགས་འཕེལ་རྒྱས་ལ་སྐུལ་འདེད་གྱི་ནུས་པ་ཐོན་ཐུབ། དུས་མཐུན་དུ་རྩྭ་ཐང་གསབ་སྣོན་བྱ་དངུལ་གྱི་སྒྲིག་གཞི་འཛུགས་པ་དེས་འབྲོག་དམངས་ཀྱི་ཡོང་སྒོ་འཕར་སྣོན་ཐུབ་པ་མ་ཟད། འབྲོག་ལས་འཕེལ་རྒྱས་དང་འབྲོག་ཁུལ་འབྱོར་ཕྱུག་སྐུལ་འདེད་བྱེད་ཐུབ་པ་ནས་བཟུང་འབྲོག་ཁུལ་འཕེལ་རྒྱས་ཡར་སྐུལ་གྱི་ནུས་པ་ཐོན་ཐུབ་ཅིང་གྲོང་ཚོ་དང་ཡུལ་ཁུལ་འདྲ་མཉམ་འཕེལ་རྒྱས་ཡོང་བར་ནུས་པ་ཐོན་ཐུབ།གསུམ། གསབ་དངུལ་སྒྲིག་གཞི་ལག་ལེན་དོན་འཁྱོལ་ལ་འབྲོག་དུད་ཀྱིས་ཁུར་དགོས་པའི་འགན་འཁྲི།
三、贯彻落实补奖机制牧户需要承担的责任
རང་ཁུལ་གྱི་རྩྭ་ཐང་སྐྱེ་ཁམས་གསབ་དངུལ་སྒྲིག་གཞི་དེ་ལག་ལེན་དོན་འཁྱོལ་ཆེས་ལེགས་པོ་ཡོང་ཕྱིར་དང་འབྲོག་འགོག་དང་རྩྭ་ཕྱུགས་འདྲ་མཉམ་དོན་འཁྱོལ་ཁག་ཐེག་ཡོང་ཆེད། འབྲོག་དུད་ཀྱིས་གཤམ་གསལ་ལྟར་འབྲེལ་གཏོགས་ཀྱི་འོས་
འགན་དང་འབྲེལ་ཡོད་འགན་འཁྲི་བསྒྲུབ་དགོས།འབྲོག་འགོག་གི་རེ་བ་ལྟར་དང་ཕྱུགས་ཉུང་བར་བཏང་མེད་མཁན་བྱུང་ན་སྡེ་བ་དང་ཁྱིམ་ཚང་གི་གསབ་དངུལ་ཡོད་ཚད་འབྲོག་འགོག་གི་ཚད་གཞི་རུ་མ་ཐོན་བར་དུ་འཐེན་ཉར་བྱ་རྒྱུ་ཡིན།
1. འབྲོག་འགོག་འགན་འཁྲི་དོན་འཁྱོལ་བྱས་ཏེ་འབྲོག་འགོག་འབྲས་བུ་ཁག་ཐེག་བྱ་དགོས། འབྲོག་འགོག་དུད་ཁྱིམ་སོ་སོས་འཆར་གཏན་ལྟར་འབྲོག་འགོག་ས་ཁུལ་དུ་ལོ་ལྟར་བདག་སྐྱོང་འབྲོག་འགོག་བྱེད་དགོས་ཤིང་། འབྲོག་འགོག་དུས་ཡུན་ལོ་5ཡིན།འབྲོག་འགོག་དུས་ཡུན་ནང་། འབྲོག་འགོག་རྩྭ་ས་རུ་ཕྱུགས་འཚོ་སྐྱོང་བྱེད་མི་ཆོག
2. འབྲོག་འགོག་ས་ཁུལ་བགོས་གཏན་བྱེད་རྒྱུ།རྒྱལ་ཁབ་དང་ཞིང་ཆེན། རང་སྐྱོང་ཁུལ་འབྲོག་འགོག་བགོས་གཏན་གྱི་གཞི་རྩའི་ཚད་གཞི་ལྟར་དུ་འབྲོག་སྐྱུར་རྩྭ་འདེབས་ཀྱི་བཟོ་སྐྲུན་བཙུགས་ཏེ་རྩྭ་ར་བསྐོར་ཚར་བ་ལ་དེའི་རྒྱ་ཁྱོན་དང་ཕྱོགས་བཞིའི་ཚད་ཐིག་གཞལ་ཏེ་རྩྭ་ར་ཅན་ཐད་ཀར་འབྲོག་འགོག་ས་ཁུལ་དུ་བགོས་ཤིང་། རྩྭ་ར་མེད་སར་ཆེད་དམིགས་ཀྱིས་འབྲོག་
འགོག་གསལ་བརྡ་སོགས་འཛུགས་དགོས།
3. འབྲོག་འགོག་ལྟ་སྲུང་འགན་འཁྲི་དོན་འཁྱོལ་བྱ་དགོས། སུས་འབྲོག་བཀག་ན། སུས་བདག་ཏུ་གཉེར་དགོས། དེ་ལ་ཕན་པ་འབྱུང་ཞེས་པའི་རྩ་དོན་ལྟར་དུ་འབྲོག་འགོག་ལྟ་སྲུང་གི་དོ་དམ་འགན་འཁྲི་དེ་ཡུལ་ཚོ་ནས་སྡེ་བ་། ཁྱིམ་ཚང་ཁག་དུ་རིམ་པ་བཞིན་དོན་འཁྱོལ་བྱས་ཏེ་འགན་འཁྲིའི་ཡི་གེ་འབྲི་དགོས།ནུས་ཤུགས་ཡོད་དགུས་བྱེད་ཐབས་སྣ་ཚོགས་སྤེལ་ཏེ།འབྲོག་འགོག་ལྟ་སྐུལ་དོ་དམ་ཧུར་ཐག་གིས་བསྒྲུབ་ནས་འབྲོག་འགོག་འབྲས་བུ་ཁག་ཐེག་ཡོང་དགོས།
4. འབྲོག་འགོག་སྒྲིག་ལམ་ནན་ཏན་ཡོང་དགོས། ནན་ཏན་གྱིས་《སི་ཁྲོན་ཞིང་ཆེན་རྩྭ་ཐང་འབྲོག་འགོག་དོ་དམ་ཐབས་བཀོད།》ལག་ལེན་བསྟར་ནས་བཙན་ཤུགས་ཀྱིས་འབྲོག་འགོག་དོ་དམ་ལག་ལེན་བསྟར་དགོས། འབྲོག་འགོག་དུས་ཡུན་ནང་རང་བསམ་གྱིས་འབྲོག་འགོག་ལ་གཏོར་བརླག་བྱས་ནས་རང་འདོད་ཀྱིས་ཕྱུགས་གཏོང་བ། འབྲོག་རྐུ་བ། རྩྭ་ར་སོགས་ལགཏོར་བརླག་བྱེད་མཁན་བྱུང་ན་ཁྲིམས་ལྟར་ཐག་གཅོད་བྱ་དགོས། གནས་ཚུལ་ཆེ་ཆུང་ལ་གཞལ་ཏེ། ཚད་མི་འདྲ་བ་ནས་ལོ་དེའི་འབྲོག་འགོག་གསབ་དངུལ་འཐེན་འཕྲི་བྱ་རྒྱུ་ཡིན།
5. འབྲོག་འགོག་ལྟ་སྐུལ་ལ་ཤུགས་སྣོན་བྱ་དགོས།འབྲོག་འགོག་སྒྲིག་ལམ་གྱི་ལག་ལེན་དང་ལྟ་སྐུལ་སྡེ་ལུགས་དམངས་སྲོལ་ནང་དུ་བཞག་ནས། རང་རྟོགས་འདུ་ཤེས་ལེགས་བསྒྱུར་གྱིས་ཚོ་བ་སྡེ་ཁག་བྱས་ཏེ་སྡེ་བ་རིམ་པའི་རྩྭ་སྐྱོང་བ་འཇོག་དགོས། སྡེ་དམངས་ཀྱིས་ལྟ་སྐུལ་དོ་དམ་དང་། རྫོང་དང་ཡུལ་ཚོ་མྱུལ་ཞིབ་ལྟ་རྟོག་བྱ་རྒྱུ། ལས་རིགས་སྡེ་ཁག་གིས་ལྟ་སྐུལ་ལྟ་སྐྱོང་གི་འབྲེལ་སྒུལ་སྒྲིག་གཞི་འཛུགས་དགོས། ལོ་རེར་ལོ་དེའི་འབྲོག་འགོག་བཤེར་ཞིབ་དང་དུས་རྒྱུས་རྟོག་ཞིབ་ཀྱི་མཇུག་འབྲས་བསྡུར་ནས་འབྲོག་འགོག་གསབ་དངུལ་སྤྲོད་རྒྱུ་ཡིན།
བཞི། ཁ་གསབ་ཚད་གཞི།
四、补贴标准
1. རྩྭ་ཐང་འབྲོག་འགོག་རོགས་གསབ། རྩྭ་ཐང་འབོག་གླ་དང་འབྲོག་འགོག་འོས་འགན་བསྒྲུབ་པའི་འབྲོག་དུད་ལ་རྒྱལ་ཁབ་ཀྱིས་དམངས་རེ་ལ་སྒོར་6གི་རོགས་དངུལ་སྤྲོད་རྒྱུ་རེད།
2. རྩྭ་ཕྱུགས་མཉམ་པའི་བྱ་དགའ། རྩྭ་ཐང་འབོག་གླ་དང་རྩྭ་ཕྱུགས་མཉམ་པའི་འོས་འགན་བསྒྲུབ་པའི་འབྲོག་དུད་ལ་རྒྱལ་ཁབ་ཀྱིས་མུའུ་རེ་ལ་སྒོར་1.5ཡི་བྱ་དངུལ་སྤྲོད་རྒྱུ་རེད།
3. འབྲོག་དམངས་ཐོན་སྐྱེད་རྒྱུ་ཆའི་ཕྱོགས་བསྡུས་རོགས་དངུལ། 2009ལོའི་ལོ་མཇུག་ནས་བསྡོམས་རྩིས་བྱས་པའི་རྩྭ་ཐང་འབོག་གླ་དང་རྩྭ་ཐང་འབྲོག་འགོག་ལག་བསྟར་བྱས་ཤིང་རྩྭ་ཕྱུགས་མཉམ་པ།མིག་སྔར་ད་དུང་རྩྭ་ཐང་ཕྱུགས་འབྲོག་ལས་ཐོན་སྐྱེད་གཉེར་བཞིན་པའི་འབྲོག་ཁྱིམ་ངོ་མ་ལ་རྒྱལ་ཁབ་ཀྱི་དུད་ཁྱིམ་རེ་ལ་སྒོར་500ཡི་རོགས་དངུལ་སྤྲད་རྒྱུ་རེད། །