༄༅། །ལུས་ཟུངས་དང་སྟོབས་གསོ་བའི་ཟས་རིགས།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།གཅན་ཚའི་དྲ་བ། སྤེལ་དུས། 10-21


          དང་པོ། ཁང་བྱིའུ། (麻雀 )ཁང་བྱིའུ་ཡི་ཤ་དང་། ཁྲག ཀླད་ཞོ། རུས་རྐང་། སྒོ་ང་སོགས་གནའ་མིས་སྨན་དུ་བྱེད། ཁང་བྱིའུ་ཡི་ཤ་མངར་ཞིང་རང་བཞིན་དྲོད་ཆེ་བ། དུག་མེད་པ་ཡིན། དེ་ལ་མཁལ་སྟོབས་གསོ་བ་དང་། ཁམས་ཀྱི་དྭངས་མ་འཕེལ་བ། ལུས་ཟུངས་གསོ་བ་སོགས་ཀྱི་བྱེད་ནུས་ལྡན། མཁལ་དྲོད་ཉམས་པ་དང་རོ་ཙ་ཉམས་པ། སྐེད་པ་ན་ཞིང་ཤུགས་མེད་པ། གཅིན་པ་མང་བ་སོགས་ཀྱི་ནད་རྟགས་ཡོད་པའི་མི་དར་མ་དང་རྒན་པ་དག་གིས་བྱིའུ་ཤ་དང་བྱིའུ་ཤའི་འབྲས་ཐུག་ལ་བསྟེན་ན་བཟང་། དེ་ཡང་ཧོར་ཟླ་བཅུ་བ་ནས་ལོ་མགོ་ཚེས་དུས་བར་གྱི་ཁང་བྱིའུ་ཡི་ཤ་ནི་ཆེས་ལེགས་ཤོས་ཡིན།

གཉིས་པ། ཀེའུ། (韭菜 )ཁ་ཚ་ཞིང་རང་བཞིན་དྲོད་ཆེ་བ། བྱེད་ནུས་ནི་ཁོག་པར་དྲོད་སྐྱེད་ཅིང་འོག་རླུང་ཐུར་དུ་ཟགས་པ། སྐྲངས་སྦོས་སེལ་བ། མཁལ་སྟོབས་གསོ་བ། གཅིན་པར་ཕན་པ་བཅས་སོ།  དེ་ཡང་བྲང་ཁོག་ན་བ་དང་སྐྱུགས་པ། སྐྱུགས་མེར་ལངས་པ། མཁལ་སྟོབས་ཉམས་པ། སྐེད་པ་འཁྱག་ཅིང་ན་བ། འགྱེལ་རྡབ་རྨས་སྐྱོན་བྱུང་བ། གྲོད་པ་བཤལ་བ་སོགས་ལ་ཕན། 

གསུམ་པ། ཁྱི་ཤ། ཁྱི་ཤའི་ནང་ཁྱིའི་སྤུ་མདོག་སེར་པོ་ནི་མཆོག་དང་ནག་པོ་དང་དཀར་པོ་ནི་ཕལ་བ་ཡིན། ཀྲུང་ལུགས་གསོ་རིག་ལྟར་ན། ཁྱི་ཤ་ལ་ཟུངས་བཅུད་གསོ་བ་དང་། མཚེར་བ་དང་མཁལ་མའི་སྟོབས་གསོ་བ། གྲང་འཇོམས་དྲོད་སྐྱེད་བཅས་ཀྱི་བྱེད་ནུས་ལྡན། 

ཁྱི་ཤའི་འབྲས་ཐུག་གིས་མི་རྒན་པའི་ལུས་སྟོབས་ཟད་ཅིང་ཟུངས་བཅུད་ཉམས་པ། འཚོ་བཅུད་ཞན་པ། གྲང་ཆེ་ལ་རྐང་ལག་འཁྱག་པ་སོགས་ཀྱི་ནད་རྟགས་ལ་ཕན། 

 བཞི་བ། ཐང་འབྲས། (松子 )ཐང་འབྲས་ནི་སྲོལ་རྒྱུན་གྱི་ལུས་ཟུངས་སྐྱེད་བྱེད་ཀྱི་ཟས་རིགས་སུ་ངོས་འཛིན་ཞིང་། ཐང་ཤིང་གི་ས་བོན་ནི་རོ་མངར་ཞིང་ཞིམ་པ་ཡིན། དེའི་ནང་ཚི་ལིའི་སྣུམ་བརྒྱ་ཆའི་བདུན་ཅུ་དོན་ལྔ་ཙམ་ཟིན་ལ། གྲུབ་ཆ་གཙོ་བོ་ནི་ཡུག་སོན་ཧྥང་(油酸肪 )དང་ཡཱ་ཡུག་སོན་ཀྲི(亚油酸脂 )། དེ་བཞིན་དུ་སྤྲི་དཀར་དང་མངར་ཆའི་རིགས། ལིན། ཀའེ། འཚོ་བཅུད E སོགས་ལས་གྲུབ་ཡོད་པ་ཡིན། དེ་ལ་ལུས་ཟུངས་སྤྱད་པའི་ནུས་པ་ལྡན་པ་ཡིན།  དམངས་ཁྲོད་དུ་ཁྱི་ཤ་སྤྱད་དེ་མི་དར་མ་དང་རྒན་པའི་ལུས་སྟོབས་ཟད་ཅིང་རྒས་སྔ་བ། མགོ་ཡོམ་འཁོར་ཞིང་མིག་གི་ནུས་པ་ཞན་པ། གློ་ཚ་ཆེ་བ་དང་གློ་ལུ་བྱེད་པ། གཅིན་འགག་གཅོང་ནད་སོགས་གསོ་བར་བྱེད། གཞན་ཡང་འདམ་ཉ་དང་སྦྲུལ་ཤ བྱི་རྣ། སྒ་སྐྱ་རློན་པ། སྒོག་པ། ཞོག་ཁོག་གི་ཁུ་བ། སྟར་བུ། ཉུང་མ། དར་སྲིན་ཁམས་དམར། ཉ་སོག སྦྲང་རྩི། ལུག་མཁལ་སོགས་ཀྱིས་ལུས་ཟུངས་དང་རོ་ཙ་འཕེལ་བར་བྱེད། །

«ཞིང་གྲོང་ཁྱིམ་ཚང་གི་འཚོ་བཅུད་དང་འཕྲོད་བསྟེན»ཞེས་པའི་དུས་དེབ་ལས་བཤུས།


རྩོམ་ཡིག་སྔོན་མ།
༄༅། །ལྷ་གསོལ་འམ་བསང་གསོལ།
རྩོམ་ཡིག་རྗེས་མ།
༄༅། །གབ་ཚིག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1