གཞོན་ནུ་དར་ན་རྒྱལ་ཁབ་དར། གཞོན་ནུ་སྟོབས་དང་ལྡན་ན་རྒྱལ་ཁབ་སྟོབས་དང་ལྡན། ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི་ལོ་ཞིག་རེད། འདས་ཟིན་པའི་ལོ་ཟླར་ཕྱིར་མིག་ལྟ་སྐབས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གོང་འཕེལ་ཆེན་པོ་བྱུང་བ་དང་། མ་འོངས་པར་རྒྱང་ལྟ་བྱེད་སྐབས། བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་རབས་ཚན་རྩལ་མཉམ་འདྲེས་བྱུང་བ་དང་། བོད་ཀྱི་རིག་གནས་ལ་གལ་ཆེའི་འཕེལ་རྒྱས་ཀྱི་གོ་སྐབས་ཐོབ་པའི་དུས་སུ་སླེབས་ཡོད།
མངགས་བཅོལ་ཟབ་མོ་དང་བརྩེ་བ་ཟབ་མོའི་འགོ་ནས་ལྷ་ས་གྲོང་ཁྱེར་དུ། ཟླ་8ཚེས་13ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ། བོད་ལྗོངས་འཕེལ་རྒྱས་རོགས་སྐྱོར་ཐེབས་རྩ་ཚོགས་པའི་ལས་འཛིན་དཔོན་བཅས་ཡིན་པའི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ལྷ་སར་གདན་ཞུས་ལྟར་སྐབས་དང་པོའི་བོད་ལྗོངས་གཞོན་ནུར་མཛེས་སྟོབས་འཇོན་ནུས་སྤྲོད་པའི་ཚོགས་ཆེན་ལ་ཞུགས་པ་དང་། གཞོན་ནུ་གྲོགས་པོ་ཚོར་བརྩེ་བ་ཟབ་མོའི་དཀའ་སློབ་གནང་བ་རེད།
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས། “རིག་གནས་ཀྱིས་རྒྱལ་ཁབ་དང་མི་རིགས་ཞིག་གི་བླ་སྲོག་མཚོན་པ་དང་། ཀྲུང་ཧྭའི་རིག་གནས་ནི་ཀྲུང་ཧྭ་མི་རིགས་མུ་མཐུད་འཕེལ་རྒྱས་འགྲོ་བའི་བསམ་པའི་ཁྱིམ་གཞིས་དང་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན། མཛེས་སྟོབས་འཇོན་ནུས་སྤྲོད་པ་ནི་བོད་ལྗོངས་འཕེལ་རྒྱས་རོགས་སྐྱོར་ཐེབས་རྩ་ཚོགས་པ་དང། གཞོན་ནུའི་རིག་གནས་གསར་གཏོད་ཀྱི་ཆེད་སྤྱོད་ཐེབས་རྩས་བོད་ལྗོངས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་རིག་གནས་རྒྱུན་འཛིན་ཐད་སྲུང་སྐྱོབ། འཕེལ་རྒྱས་དང་དར་སྤེལ་གཏོང་ཆེད་བཙུགས་པའི་སྤེལ་རེས་ལས་སྟེགས་ཤིག་རེད།”ཅེས་གསུངས་པ་རེད།
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས། “ང་ཚོས་བྱ་སྤྱོད་སྤེལ་མཁན་ཞིག་བྱེད་པ་ལས་ལྟས་ནས་སྡོད་མཁན་ཞིག་མི་བྱེད་པར་སྔར་ལས་མང་བའི་གཞོན་ནུ་དང་སྔར་ལས་མང་བའི་སྟོབས་ཤུགས་སྐུལ་འདེད་བཏང་ནས། བོད་ཀྱི་རིག་གནས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་བྱ་གཞག་ནང་ཞུགས་ཏེ། མིག་རྒྱང་རིང་པོ་དང་། རྒྱུ་མང་གི་བསམ་གཞིག་དང་ཡར་བརྩོན་གྱི་བློ་སྟོབས་ཐོག་ནས་བོད་ཀྱི་རིག་གནས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་རྒྱན་འཛིན་འཕེལ་རྒྱས་ཀྱི་གནམ་ས་གསར་པ་ཞིག་གཏོད་དགོས་པ་དང་། དོན་དངོས་ཀྱི་བྱ་སྤྱོད་དང་བློ་རིག་གི་ཐོག་ནས་གསར་གཏོད་ཀྱི་མེ་ཏོག་བཞད་པ་བྱེད་དགོས་"ཞེས་གསུངས་པ་རེད།
དུས་ཡུན་ཉིན་2ཀྱི་ཚོགས་ཆེན་ལ་གླེང་སྟེགས་གཙོ་བོ་དང་ཡན་ལག་གླེང་སྟེགས་བཅས་སྡེ་ཚན་གཉིས་ལ་དབྱེ་ཡོད་པ་དང་། བརྗོད་དོན་གཙོ་བོ་"མཛེས་སྟོབས་འཇོན་ནུས་སྤྲོད་པ་"དང་འབྲེལ་ནས་མཛེས་སྡུག་ལྡན་པའི་འཚོ་བས་ལམ་སྣེ་འཁྲིད་པ་སྟེ། གཞོན་ནུའི་གཏམ་བཤད་དང་། གཞོན་ནུའི་ཤུགས་རྐྱེན་འགྲེམས་སྟོན་སོགས་རྣམ་པ་རིགས་འདྲ་མིན་སྣ་ཚོགས་བརྒྱུད་ནས། གཞོན་ནུའི་སྐད་སྒྲ་ཉན་ཞིང་། གཞོན་ནུའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ། རིག་གནས་ཀྱི་རང་ཡིད་རང་ཆེས་དང་རིན་ཐང་ལ་ངོས་འཛིན་གཅིག་མཐུན་ཡོད་པའི་བོད་ལྗོངས་ཀྱི་བྱ་སྤྱོད་སྤེལ་མཁན་གཞོན་ནུའི་སྟོབས་ཤུགས་འཚོལ་ཞིབ་དང་། སྦྲེལ་མཐུད། སྐུལ་སྤེལ་བཅས་བཏང་ནས། ཐུན་མོང་ཐོག་བོད་ལྗོངས་ཀྱི་ཤེས་ལྡན་མི་སྣའི་རྒྱན་མཐུད་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུ་ཡིན་པ་རེད།