གེ་སར་རྟ་རྒྱུག་དུས་ཆེན་ཁྲོད་ཀྱི་ནག་ཆུའི་ཁྱད་ཆོས།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 08-21



  པར་འདི་ནི་ནག་ཆུའི་ཁྱད་ཆོས་ཞིང་ཕྱུགས་ཐོན་རྫས་བཤམས་ཚོང་ཁྲོམ་རར་ཕུབ་པའི་རས་གུར་ཡིན།
      ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། མཛེས་ཤིང་སྡུག་པའི་བྱང་ཐང་གིས་ལོ་རེར་ཐེངས་གཅིག་རོལ་བའི་“བྱང་ཐང་ཆབ་ཆེན་གེ་སར་རྟ་རྒྱུག་གི་སྒྱུ་རྩལ་དུས་ཆེན”བསུས་བྱུང་། འདི་ནི་བྱང་ཐང་གི་ཆེས་སྤྲོ་སྐྱིད་ལྡན་པའི་དུས་ཆེན་ཞིག་ཡིན། འབྲོག་པ་ཚོས་གཟབ་མཆོར་སྤྲས་ནས་ནག་ཆུའི་རྟ་རྒྱུག་ར་བར་ཕེབས་ཤིང་། ལོ་རེར་ཐེངས་གཅིག་རོལ་བའི་དུས་ཆེན་གྱི་དགའ་སྟོན་འདི་ཉིད་སྤྲོ་བས་བསུས། རྟ་རྒྱུག་ར་བར་སྐར་ཚོགས་བཞིན་བཀྲ་ཞིང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གུར་ཆེན་གུར་ཆུང་གིས་ཁེངས་འདུག 2019ལོའི་བྱང་ཐང་ཆབ་ཆེན་གེ་སར་རྟ་རྒྱུག་གི་སྒྱུ་རྩལ་དུས་ཆེན་དངོས་སུ་འགོ་བརྩམས། 
  
  པར་འདི་ནི་ནག་ཆུའི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་བཤམས་ཚོང་ཁྲོམ་རར་ཡོད་པའི་གེ་སར་སྒྲུང་པའི་འཁྲབ་སྟོན་རེད།
  
  པར་འདི་ནི་ནག་ཆུའི་ཁྱད་ཆོས་ཅན་གྱི་ཞིང་ཕྱུགས་ཐོན་རྫས་བཤམས་ཚོང་ཁྲོམ་ར་ཡིན། 
      ནག་ཆུ་ནི་བོད་ལྗོངས་བྱང་ཕྱོགས་ཀྱི་མཐའ་ཡས་པའི་རྩྭ་ཐང་ཡིན། རྟ་རྒྱུག་ལ་བལྟ་བ་དང་། གེ་སར་སྒྲུང་ལ་ཉན་པ། ནག་ཆུའི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་བཤམས་འཚོང་གི་ཁྲོམ་རར་ཉུལ་བ་ནི་ཟླ་བརྒྱད་པའི་འབྲོག་པ་ཚོའི་འཚོ་བའི་ཆ་ཤས་ཤིག་ཏུ་ཆགས་པ་མ་ཟད། འབྲོག་པ་ཚོས་དབུལ་ཐར་ཕྱུག་འགྱུར་དང་འབྱོར་འབྲིང་སྤྱི་ཚོགས་སུ་ཁ་ཕྱོགས་པའི་རྣམ་པ་ཞིག་ཡིན།
  
  པར་འདི་ནི་ནག་ཆུའི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་བཤམས་ཚོང་ཁྲོམ་ར་ཡིན།
      གསར་འགོད་པས་ནག་ཆུའི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་བཤམས་ཚོང་ཁྲོམ་ར་ནས་ནག་ཆུ་གྲོང་ཁྱེར་རྫོང་(ཁུལ)་བཅུ་གཉིས་ནས་ཡོང་པའི་མཉམ་ལས་ཁང་དང་། ཁེ་ལས་དང་ཞིང་ཕྱུགས་ལག་ཤེས་བཟོ་ལས་ཀྱི་གསར་འབྱེད་དང་རིགས་མཐུན་ཁེ་ལས་ཀྱི་ཐོན་རྫས་འགྲེམ་སྟོན་སྔོག་འདོན་གནང་པ་སོགས་མཐོང་། དེའང་སྐམས་ཤ་དང་། ཆུར་བ། ལུག་བལ། མར། རྩམ་པ། དབྱར་རྩྭ་དགུན་འབུ། རྩྭ་པིས་མོ། བོད་ལྭ། བོད་ཞྭ་སོགས་ཞིང་ཕྱུགས་ཐོན་རྫས་དང་། བོད་སྨན་དང་ལག་ཤེས་ཐོན་རྫས་སོགས་བགྲང་གིས་མི་ལངས་པ་དང་རིགས་སྣ་ཕུན་སུམ་ཚོགས་པ་ཡོད།
  
  པར་འདི་ནི་ནག་ཆུའི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་བཤམས་ཚོང་ཁྲོམ་ར་རེད།
      ཐེངས་འདིའི་བཤམས་ཚོང་གི་དགོངས་དོན་ནི་ཁྲོམ་རའི་སྣེ་ཁྲིད་དང་། སྲིད་གཞུང་གི་ཞབས་ཞུ། སྲིད་ཇུས་ཀྱི་རོགས་སྐྱོར། རོང་འབྲོག་མང་ཚོགས་ཟབ་ཞུགས་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ལས་སྣོན་ཐོན་རྫས་སྤུས་ལེགས་ཡོང་བར་འབད་པ་དང་། འབྲོག་ལས་ཐོན་ལས་ཀྱི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་དམིགས་ཡུལ་དུ་བཟུང་ཡོད། དབུལ་ཕོངས་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དང་། དབུལ་ཐར་ཕྱུག་འགྱུར། ཕྱོགས་ཡོངས་འབྱོར་འབྲིང་དུ་འགྱུར་བར་གང་ནུས་ངང་རོགས་རམ་བྱ་རྒྱུ་དེ་རེད།
  
  པར་འདི་ནི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་བཤམས་ཚོང་ཁྲོམ་ར་རེད།
      ཞོགས་པ་སྔ་མོ་ནས། གཞོན་ནུ་ཚེ་དབང་གིས་གསེར་ཉི་ཁུལ་ཉི་མ་ཞང་མཉམ་ལས་ཁང་གི་ཞིང་ལས་ཐོན་རྫས་འཁྱེར་ནས་བཤམ་ཚོང་ཁྲོམ་རར་ཡོང་། ཁྲོམ་རའི་ཚོང་བཤམས་ས་ཚང་མ་ནི་སྲིད་གཞུང་གིས་བརྩིགས་པ་ཡིན། ཁོང་གིས་ཐོན་རྫས་གྲ་དག་པའི་ངང་བཤམས་པ་དང་། སྐུ་མགྲོན་ཕེབས་པར་རེ་སྒུག་བྱས་ནས་བསྡད། ཚེ་དབང་གིས་བཤད་རྒྱུར། “སྲིད་གཞུང་གིས་ཚོང་བཤམས་ས་བརྩིགས་ནས་ང་ཚོའི་མཉམ་ལས་ཁང་གི་ཚོང་ལམ་ཡག་པོར་བཏང་བར་བཀའ་དྲིན་ཤིན་ཏུ་ཆེ།”ཞེས་བཤད། 
  
  པར་འདི་ནི་ནག་ཆུའི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་བཤམས་ཚོང་ཁྲོམ་ར་རེད། 
      ནག་ཆུ་གྲོང་ཁྱེར་གསེར་ཉི་ཁུལ་བོན་མདའ་ཤང་རོང་འབྲོག་མང་ཚོགས་ཀྱི་ཆེད་ལས་མཉམ་ལས་ཁང་གིས་ཐོན་སྐྱེད་གནང་བའི་བོད་ལུགས་ངོ་སྦྱར་ནི་ཁྲོམ་རར་བཀྲམ་པ་ནས་དགའ་བསུ་ཆེན་པོ་ཐོབ། མཉམ་ལས་ཁང་གིས་ཐོན་སྐྱེད་བྱེད་པའི་ཁྱད་ཆོས་ལྡན་པའི་ཐོན་རྫས་མང་པོས་སྔ་གཞུག་ཏུ་རོང་འབྲོག་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི5རེག་པ་དང་། དེ་དང་མཉམ་དུ། དབུལ་ཕོངས་ཅན་ལ་རོགས་སྐྱོར་གྱི་ལས་ཀ་འབད་འབུངས་ངང་བསྒྲུབས་པ་དང་། དཀའ་ཁག་ཅན་གྱི་མང་ཚོགས་ལ་སེམས་ཁུར་བྱས་ནས་དབུལ་ཐར་ཕྱུག་འགྱུར་ཐད་ལ་བྱས་རྗེས་མི་དམན་པ་བཞག་ཡོད།
  
  པར་འདི་ནི་ཚེ་དབང་ལགས་ཡིན།
      ཚེ་དབང་གིས་བསྟན་དོན། མཉམ་ལས་ཁང་གིས་རྩ་འཛུགས་གཅིག་བསྐྲུན་པ་དང་། ཐོན་ལས་རིགས་གཅིག་འཕེལ་རྒྱས་སུ་བཏང་བ། ཡུལ་གཅིག་གི་དཔལ་འབྱོར་རྒྱས་པ། ཕྱོགས་གཅིག་གི་མང་ཚོགས་ཕྱུག་འགྱུར་གྱི་དམིགས་ཡུལ་དམ་པོར་བཅིང་ནས་དབུལ་ཕོངས་ཁྱིམ་ཚང་གི་ཡོང་འབབ་ཇེ་མང་དང་། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་ཡོང་བར་བྱེད་ཐབས་གསར་པ་ཕྱེ་ཡོད་ཟེར།
  
  པར་འདི་ནི་ནག་ཆུའི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་བཤམས་ཚོང་ཁྲོམ་རར་ཕེབས་པའི་སློབ་ཆེན་ལས་གཏོད་པ་རེད།
      ནག་ཆུ་གྲོང་ཁྱེར་སོག་རྫོང་གི་ཐོན་རྫས་བཤམས་ཚོང་ཡུལ་དུ། གསར་འགོད་པས་ལོ་ན་གཞོན་པའི་སློབ་ཆེན་སློབ་མའི་ལས་གཏོད་པ་སྐོར་ཞིག་མཐོང་། ཁོང་ཚོས་གསར་དུ་གཏོད་པའི“སྐྲ་ལོ་སྨིན”ཞེས་པའི་ཁྱད་ཆོས་ལྡན་པའི་བོད་སྨན་སྐྲ་འཁྲུ་རྫས་ཀྱིས་ལྟད་མོ་བ་མང་པོའི་མིག་དབང་འཕྲོག 
  
  པར་འདི་ནི་ནག་ཆུའི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་བཤམས་ཚོང་ཁྲོམ་ར་ཡིན།
      རིག་འཛིན་མཁའ་འགྲོ་དང་ཆོས་དབྱིངས་ཤེས་རབ། བསྟན་སྲུང་འབྲུག་གྲགས་ནི་2018ལོར་མཐར་ཕྱིན་པའི་སློབ་ཆེན་སློབ་མ་ཡིན། ཁོང་ཚོས་ནང་ལོགས་སུ་སློབ་གཉེར་གནང་པ་དང་། མཐར་ཕྱིན་རྗེས་ཕ་ཡུལ་དུ་ལོག་ནས་ལས་གཏོད་པའི་གྲས་སུ་ཞུགས་ཏེ་ཕ་ཡུལ་འཛུགས་སྐྲུན་ལ་རང་ཉིད་ཀྱི་ནུས་པ་གང་ཡོད་བཏོན། ཁོང་ཚོས་སྲིད་གཞུང་གི་སྲིད་ཇུས་བཟང་པོ་བེད་སྤྱད་ནས་མཉམ་དུ་སྒོར་ཁྲི80ཡི་དངུལ་བུན་མ་རྩར་བཞག མཐར་ཕྱིན་མ་ཐག་བོད་ལུགས་བོད་སྨན་སྐྲ་འཁྲུ་རྫས་ཀྱི་ལས་ཀར་ཧུར་ཐག་ངང་ཞུགས་པ་རེད། 
  
  པར་འདི་ནི་ནག་ཆུའི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་བཤམས་ཚོང་ཁྲོམ་ར་རེད།
      ལས་གཏོད་ཀྱི་ལམ་དུ་ཞུགས་མ་ཐག་དཀའ་ཁག་རིགས་མང་པོ་ཞིག་དང་འཕྲད། གཞོན་ནུ་ཁོང་གསུམ་གྱིས་འབྲེལ་ཡོད་སྡེ་ཁག་གི་རོགས་སྐྱོར་འོག་ལས་གཏོད་ཀྱི་རིགས་ལམ་ཇེ་གསལ་དང་འཁོར་རྒྱུགས་དོ་དམ་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ལྡན་པར་གྱུར་པས་ཚོང་ལས་ཉིན་རེར་ཇེ་བཟང་དུ་ཕྱིན་པ་རེད།
  
  པར་འདི་ནི་ནག་ཆུའི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་བཤམ་ཚོང་ཁྲོམ་ར་རེད། 
      ཁོང་ཚོས་ཐོན་སྐྱེད་བྱེད་པའི་སྐྲ་འཁྲུ་རྫས་དང་སྐྲ་སྲུང་རྫས་ནི་སྲོལ་རྒྱུན་བོད་སྨན་གྱི་རྫས་སྦྱོར་བེད་སྤྱད་པ་དང་། བོད་ཀྱི་གསོ་བ་རིག་པ་གྲགས་ཅན་བསྟན་སྲུང་གྲགས་པས་མེས་པོ་ནས་བརྒྱུད་པའི་རྫས་སྦྱོར་ལ་གཞིག་ནས་འགྲུབ། སྐྲ་སྐྱེས་པ་དང་སྐྲ་ལྷུང་བ་སོགས་ཕན་ནུས་མང་པོ་ལྡན་པའི་ཐོན་རྫས་ཁྱད་པར་བ་ཞིག་རེད། 
  
  པར་འདི་ནི་ནག་ཆུའི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་བཤམས་ཚོང་ཁྲོམ་ར་ནས་ཐོན་རྫས་བཤམས་བཞིན་པའི་རྣམ་པ་རེད།
      བསྟན་སྲུང་འབྲུག་གྲགས་ཀྱིས་བཤད་རྒྱུར། “ཐོན་རྫས་ཁྲོམ་རར་བཀྲམ་མ་ཐག་ཕྱོགས་སོ་སོ་ནས་ཉོ་འདོད་པའི་ཡི་གེ་འབྱོར། ང་ཚོས་ལོ་ཕྱེད་ཙམ་གྱི་དུས་ཚོད་བེད་སྤྱད་ནས་མ་རྩ་མང་ཆེ་ཤོས་ཕྱིར་བླངས། ད་ལྟ་ལས་གཏོད་དངུལ་བུན་སྒོར་ཁྲི་20མ་གཏོགས་ཕྱིར་སྤྲད་ཚར། ད་ལོ་དངུལ་བུན་ཚང་མ་ཕྱིར་སྤྲོད་ཐུབ་པར་ང་ལ་ཡིད་ཆེས་ཡོད།”ཅེས་ཟེར།
  པར་འདི་ནི་ནག་ཆུའི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་བཤམས་ཚོང་ཁྲོམ་ར། 
      ནག་ཆུ་གྲོང་ཁྱེར་འབྲི་རུའི་ཐོན་རྫས་བཤམས་སྟོན་སར་ཕྱིན་ཚེ། སྲོལ་རྒྱུན་གྱི་དབྱིབས་དང་བཟོ་རྩལ་ཞིབ་ཚགས་ལྡན་པའི་སྲོལ་རྒྱུན་གྱི་རྫ་ཆས་ཀྱིས་ཡིད་དབང་འཕྲོག གསར་འགོད་པས་ཡུལ་དངོས་སུ་སྲོལ་རྒྱུན་རྫ་ཆས་དང་ཉིན་རྒྱུན་འཚོ་བར་སྤྱོད་སྒོ་ཆེ་བའི་རྫ་མ། དེ་མ་ཟད། དབྱིབས་ཅུང་ཙམ་ལེགས་བསྒྱུར་བཏང་པའི་རྫ་བཟོ་ཐོན་རྫས་གསར་པ་མང་པོ་མཆིས། དཔེར་ན་ཆང་རྫ་དང་གླིང་བུ་སོགས་སྣ་ཁ་20ལྷག་ཡོད། 
  པར་འདི་ནི་དཀོན་མཆོག་འཕེལ་རྒྱས་ཡིན།
      དཀོན་མཆོག་འཕེལ་རྒྱས་ནི་ལག་ཤེས་འདིའི་རྒྱུད་འཛིན་པ་རབས་བདུན་པ་ཡིན། ཁོང་ཚང་ནི་མི་རབས་ནས་མི་རབས་བར་དུ་རྫ་བཟོའི་ལག་རྩལ་གཉེར་ནས་ཡོད། ཁོང་གིས་བཤད་རྒྱུར། “ཐོན་རྫས་འདི་ཚང་མ་ནི་ལག་ཤེས་ཁོ་ནས་བཟོས་པ་ཡིན། རང་ཡུལ་ནས་རྒྱུ་ཆ་འཚོལ་པ་དང་རང་ཡུལ་ནས་བཟོ་སྐྲུན་བྱས་པས་ལག་ཤེས་བཟོ་ལས་དག་མ་ཡིན།”ཞེས་ཟེར།

  པར་འདི་ནི་ནག་ཆུའི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་བཤམས་ཚོང་ཁྲོམ་ར་ནས་ཐོན་རྫས་བཤམས་བཞིན་པའི་རྣམ་པ་རེད།
      ད་ལྟ་དཀོན་མཆོག་འཕེལ་རྒྱས་ཀྱིས་གྲོང་ཚོའི་མང་ཚོགས་ཀྱི་སྣེ་ཁྲིད་ནས་མཉམ་དུ་རྫ་ཆས་ཐོན་རྫས་བཟོ་བ་དང་། ཁོང་ཚོས་གྲོང་ཚོ་རིམ་པའི་ཆེད་ལས་ཀྱི་མཉམ་ལས་ཁང་བཙུགས། ད་དུང་སྡེ་དམངས་མངགས་ནས་ཡུན་ནན་སོགས་ས་ཆར་ཡུལ་དངོས་བརྟག་དཔྱད་དང་སློབ་སྦྱོང་ཕྱིན་ནས་བཟོ་རྩལ་འཐུས་ཚང་དུ་གཏོང་པ་དང་། ཚང་མ་མཉམ་དུ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པ་དང་དབུལ་ཐར་ཕྱུག་འགྱུར་ཐད་དུ་བྱས།
  པར་འདི་ནི་དཀོན་སྐྱིད་ཡིན།
      དཀོན་སྐྱིད་ནི་ཞིང་པ་དཀྱུས་མ་ཞིག་ཡིན། ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་གི་ཚོང་བཤམས་ས་ནས་ཁོ་མོས་རང་གིས་སྡེ་བའི་བུད་མེད་ཚོའི་སྣེ་ཁྲིད་ནས་བོད་ལུགས་ལག་ཤེས་ཐོན་རྫས་བཟོས་ཤིང་ཡུལ་ཕྱོགས་སོ་སོར་ཚོང་ལམ་བྲིན་པའི་གཏམ་རྒྱུད་བཤད་པས། མི་ཚང་མའི་བསྟོད་བསྔགས་ཚད་མེད་ཐོབ། 
  པར་འདི་ནི་ནག་ཆུའི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་བཤམས་ཚོང་ཁྲོམ་རར་ཐོན་རྫས་བཤམས་བཞིན་པའི་རྣམ་པ་རེད།
      དཀོན་སྐྱིད་ནི་ཉི་མ་རྫོང་སྒྲུང་གྲོང་ཚོའི་བུད་མེད་ཀྲུའུ་རིན་ཡིན་པ་མ་ཟད། གྲོང་ཚོ་རིམ་པའི་མཉམ་ལས་ཁང་གི་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་ཡིན། ཁོ་མོས་བུད་མེད་ཚོ་ཁྲིད་དེ་བོད་ལུགས་ལག་ཤེས་གསོ་སྦྱོང་འཛིན་གྲྭར་ཞུགས་ནས་བོད་ལུགས་ཀྱི་སྲོལ་རྒྱུན་ལག་ཤེས་ཐོན་རྫས་བཟོ་བར་སློབ་སྦྱོང་བྱས། བཟོས་པའི་འགེལ་གདན་དང་པང་གདན་སོགས་ཀྱི་ཚོང་ལམ་ཧ་ཅང་བྲིན། སྲིད་གཞུང་གི་རོགས་སྐྱོར་འོག་ཏུ་རྫོང་དང་ཞང་། སྡེ་བ་སོ་སོར་རང་ཉིད་ཀྱི་ཚོང་ཁང་ཡོད་ཅིང་། ཐོན་རྫས་བཤམས་ཚོང་རིགས་མང་པོར་ཞུགས་པས་ཁྲོམ་ར་སྔར་ལས་ཡངས་པར་གྱུར། དབུལ་ཕོངས་བུད་མེད་ཀྱི་ལས་ཞུགས་གནད་དོན་ཐག་བཅད་པ་དང་སྡེ་བའི་བུད་མེད་དག་མཉམ་ལས་ཁང་དུ་ཞུགས་པ་ནས་བཟུང་ལོ་རེར་ཡོང་འབབ་སྒོར་2000ནས་4000བར་ཡོད། 
 
  པར་འདི་ནི་ནག་ཆུའི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་བཤམས་ཚོང་ཁྲོམ་ར་ནས་ཐོན་རྫས་བཤམས་བཞིན་པའི་རྣམ་པ་རེད།
      མ་འོངས་པའི་འཆར་གཞི་གླེང་སྐབས། དཀོན་སྐྱིད་ཀྱིས་ཅུང་ངོ་ཚ་བའི་ངང་བཤད་རྒྱུར། “སྔར་ལས་མང་བའི་བུད་མེད་འདིར་ཞུགས་ནས་སྔ་མོ་ནས་དབུལ་ཐར་ཕྱུག་འགྱུར་ཡོང་བར་འབད་པ་བྱ་རྒྱུའི་རེ་བ་ཡོད།”ཞེས་ཟེར།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1