དྲག་ཆར་བབས་ནས་ཝུན་ཁྲོན་གྱི་ལམ་ཆད་པ།

ཚུལ་ཁིྲིམས་རྡོ་རྗེ། རྩོམ་སྒྲིག་པ།ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 08-21




                    ཟླ་8པའི་ཚེས་20ཉིན་གྱི་སྔ་མོའི་འཕྲིན་གསར་ཏེ། རྔ་བ་ཁུལ་ཝུན་ཁྲོན་རྫོང་གི་ཁོངས་སུ་དྲག་ཆར་བབས་པས། རི་ཉུལ་དང་། འདམ་ཞུད་སོགས་བྱས་ཏེ། མིག་སྔར་རྒྱལ་ལམ་དང་ཞིང་ལམ། ཁྲེང་ཏུའུ་དང་ཝུན་ཁྲོན་བར་གྱི་མྱུར་བགྲོད་གཞུང་ལམ་བཅས་སུ་ལམ་ཞིག་སྟེ། འཁོར་རིགས་འགྲོ་མི་ཐུབ་པར་གྱུར་འདུག་ལ། མི་རྨས་སྐྱོན་སོགས་ཀྱི་དོན་དག་གང་ཡང་ད་སྔར་འབྱོར་མེད། ཁུལ་སྤྱི་བདེ་ཅུས་ཀྱིས་ཝུན་ཁྲོན་དང་། ལི་རྫོང་། མོའོ་རྫོང་བཅས་ཀྱི་སྤྱི་བདེ་ཅུས་ཀྱི་ཉེན་རྟོག་པ་ཡོངས་བཀོད་འདོམས་བྱས་པར་མ་ཟད། ཁུལ་དང་རྫོང་རིམ་པའི་ཉེན་རྟོག་པ་200གྲ་སྒྲིག་གིས་བཀོད་འདོམས་ལ་སྒུག་ཏུ་བཅུག་ཡོད།   

འགྲིམ་འགྲུལ་དོ་དམ་ལས་ཁུངས་ཀྱིས་ལམ་ཞིག་པའི་གནས་ཚུལ་ཕྱོགས་སྡོམ་བྱས་པ་གཤམ་གསལ་ལྟར།

         ཞིང་ཆེན་རིམ་པའི་གཞུང་ལམ་303གྱི་ 52KM+400mམཚམས་སུ།(ཝོ་ལུང་གྲོང་རྡལ་གྱི་ཀུའེ་ཡན་ཝོ་ཡི་མཚམས། )རི་ཉུལ་འདུག 
         ཞིང་ཆེན་རིམ་པའི་གཞུང་ལམ་303གྱི་32KM+100mམཚམས་སུ།(ཝོ་ལུང་གྲོང་རྡལ་ཅན་ཀྲུའུ་ཕུག་ལམ་གྱི་མཚམས། )གད་པ་ཞིག་ཅིང་། རྡོ་འགྲིལ་འདུག
         རྒྱལ་ཁབ་རིམ་པའི་གཞུང་ལམ་213གྱི་2093KM+900Mམཚམས་སུ།(ཆིང་ཕོ་སྡེ་བའི་ཆིང་ཕོ་གནའ་དགོན་གྱི་མཚམས། )ཟླ་8པའི་ཚེས་20ཉིན་གྱི་དུས་ཚོད་03:40པར་ཡང་བསྐྱར་རི་ཉུལ་གཞི་རྒྱ་ཆེན་པོ་བྱུང་འདུག 
         རྒྱལ་ཁབ་རིམ་པའི་གཞུང་ལམ་317གྱི་144KM+200Mམཚམས་སུ།(ཞ་ཀྲོང་སྡེ་བའི་མཚམས།)འདམ་རུད་བྱུང་འདུག་ལ།  ཧྲུའེ་མའོ་ཡི་གཙང་གསུམ་ལམ་བར་དུའང་འདམ་རུད་བྱུང་འདུག
         རྒྱལ་ཁབ་རིམ་པའི་གཞུང་ལམ་213དེ་འདམ་རུད་ཀྱིས་ཡོངས་སུ་བཀག་འདུག་ལ། མིག་སྔར། གོང་དུ་བཀོད་པའི་གཞུང་ལམ་རྣམས་སུ་འགྲོ་འོང་གཉིས་པོ་མི་ཐུབ་པར་གྱུར་ཡོད་ལ། དེ་མིན། མྱུར་བགྲོད་གཞུང་ལམ་G4217མེན་ཁྲི་ཆའང་ཧྥེང་མཚམས་ཀྱི་གཞུང་ལམ་ཡང་ཆད་འདུག་གོ །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1