ཟླ་8ཚེས་22ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མཁའ་དམག་གི་རྟེན་གཞི་ཞིག་ཏུ་གཟིགས་ཞིབ་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་རྟེན་གཞིའི་དམག་འཐབ་བཀོད་འདོམས་ལྟེ་གནས་སུ་གཟིགས་ཞིབ་གནང་ནས་དམག་གྲབས་སྡོད་བྱ་དང་སྦྱོང་བརྡར་གནས་ཚུལ་མཁྱེན་རྟོགས་གནང་བཞིན་ཡོད་པ།
ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་མཚམས་སུ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནི་དུས་ལ་བབ་པ་དང་དོན་སྙིང་གལ་ཆེན་ལྡན་ཡོད། ཏང་ཀྲུང་དབྱང་གི་ཆོད་སེམས་དང་འདོད་འདུན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་བརྗོད་དོན་གཙོ་བོའི་སློབ་གསོར་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོབ་པ་བྱེད་དགོས། བརྗོད་དོན་གཙོ་བོའི་སློབ་གསོར་དངོས་ཕན་ཐོབ་རྒྱུར་སྣང་ཆེན་བྱས་ཏེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སོགས་རྣམ་པ་འདྲ་མིན་སྣ་ཚོགས་ཁྱད་བསད་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་དོན་དངོས་ལ་དམ་པོར་དམིགས་ནས་གནད་དོན་བཤེར་སྟོན་དང་གནད་དོན་དམར་དམར་རྗེན་རྗེན་དུ་ཐག་གཅོད་བྱེད་དགོས།
ཚེས་22ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མཁའ་དམག་རྟེན་གཞི་ཞིག་ཏུ་གཟིགས་ཞིབ་གནང་བ་རེད། ཁོང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་དུས་རབས་གསར་པའི་དམག་དོན་འཐབ་ཇུས་ཀྱི་མཛད་ཕྱོགས་ལག་ལེན་གཏིང་ཟབ་བསྟར་ཏེ་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་རྒྱལ་ཁ་ལེན་ནུས་ཆེ་རུ་བཏང་སྟེ་གྲུབ་འབྲས་གཟེངས་སུ་ཐོན་པའི་ངང་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་དགོས་པའི་ནན་བཤད་གནང་བ་རེད།
སྤྱི་ཟླ་བརྒྱད་པའི་ཀན་སུའུ་ས་གཞི་ཆེ་མོར་གནམ་གཤིས་དྲོ་གྲང་སྙོམས་ཤིང་གང་སར་གསོན་ཤུགས་ཀྱིས་ཁེངས་ཡོད་པ་རེད། སྔ་དྲོའི་ཆུ་ཚོད་བཅུ་པར་ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་མཁའ་དམག་རྟེན་གཞི་ཞིག་ལ་ཕེབས་པ་དང་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་ཀན་སུའུ་རུ་བཅའ་སྡོད་དཔུང་སྡེའི་ཧྲེ་ཤོག་གཞོན་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་དང་ཐོན་རིམ་པའི་ཚན་པའི་འགན་འཁུར་བ་གཙོ་བོ་རྣམས་ལ་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་ཆབས་ཅིག་ཚང་མ་དང་དྲན་རྟེན་སྐུ་པར་ཡང་བསྐྱོན་གནང་བ་རེད།
དམག་འཐབ་བཀོད་འདོམས་ལྟེ་གནས་ནང་དཔོན་དམག་རྣམས་ཀྱིས་བྲེལ་འཚུབ་ཆེ་ལ་གོ་རིམ་ལྡན་པའི་ངང་ལས་ཀ་བྱེད་བཞིན་ཡོད་པ་རེད། ཞི་ཅིན་ཕིང་དེ་གར་ཕེབས་ནས་ལས་རེས་སྡོད་གནས་ལ་གཟིགས་པ་དང་འབྲེལ་ཡོད་ངོ་སྤྲོད་གསན་པ་དང་སྦྲགས་དམག་གྲབས་སྡོད་བྱ་དང་སྦྱོང་བརྡར་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།
ཞི་ཅིན་ཕིང་གིས་བརྙན་ལམ་བརྒྱུད་རྟེན་གཞིའི་འབྲེལ་ཡོད་དཔུང་སྡེར་གཟིགས་པ་རེད། ལེ་ཏ་ས་ཚིགས་ཤིག་ས་བབ་སྨི་3600ལྷག་ཙམ་གྱི་ས་མཐོར་གནས་པ་དང་རྒྱུན་དུ་ནས་དམག་གྲབས་ཀྱི་སྡོད་བྱའི་ལས་འགན་འཁུར་བཞིན་ཡོད། ཞི་ཅིན་ཕིང་གིས་དཔོན་དམག་ཚོའི་ལས་ཀ་དང་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་ནས་ཁོང་ཚོར་སྲོལ་རྒྱུན་དར་སྤེལ་དང་རང་བཞིན་རྒྱུན་འཛིན་བྱས་ཏེ་བྱང་ཚད་ལེགས་གཏོང་དང་འགན་སྒྲུབ་རྣམ་དག་བྱ་རྒྱུའི་ལྕག་སྐུལ་བཏང་གནང་བ་རེད། སྐྱེལ་འདྲེན་འཚོལ་སྐྱོབ་ཐོན་ཞིག་གིས་དམག་གྲབས་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ་དང་དུས་མཚུངས་བསྟུད་མར་ལོ་30ལྷག་ཙམ་རིང་གནམ་གྲུས་སོན་གཏོར་ནས་ནགས་གསོ་བའི་ལས་འགན་བསྒྲུབས་ཀྱི་ཡོད། ཞི་ཅིན་ཕིང་གིས་ཁོང་ཚོར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ནས་ཁོང་ཚོར་མི་དམངས་དམག་དཔུང་གི་གཞི་རྩའི་དམིགས་ཡུལ་བློ་ལ་བརྟན་པོར་འཆང་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ལ་མུ་མཐུད་རྒྱབ་སྐྱོར་བྱས་ཏེ་ཏང་དང་མི་དམངས་ཀྱིས་སྤྲད་པའི་འགན་འཁྲི་དང་ལས་འགན་ལེགས་གྲུབ་ཡག་པོ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
དེ་རྗེས་ཞི་ཅིན་ཕིང་གིས་རྟེན་གཞིའི་ལས་དོན་སྙན་སེང་གསན་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་མཚམས་སུ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནི་དུས་ལ་བབ་པ་དང་དོན་སྙིང་གལ་ཆེན་ལྡན་ཡོད། ཏང་ཀྲུང་དབྱང་གི་ཆོད་སེམས་དང་འདོད་འདུན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་བརྗོད་དོན་གཙོ་བོའི་སློབ་གསོར་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོབ་པའི་འགན་ལེན་བྱེད་དགོས། བརྗོད་དོན་གཙོ་བོའི་སློབ་གསོར་དངོས་ཕན་ཐོབ་རྒྱུར་སྣང་ཆེན་བྱས་ཏེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སོགས་རྣམ་པ་འདྲ་མིན་སྣ་ཚོགས་ཁྱད་བསད་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་དོན་དངོས་ལ་དམ་པོར་དམིགས་ནས་གནད་དོན་བཤེར་སྟོན་དང་གནད་དོན་དམར་དམར་རྗེན་རྗེན་དུ་ཐག་གཅོད་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས་འགན་འཁྲི་འཁུར་ཕོད་པ་དང་དངོས་འཛིན་དངོས་གྲབས། རྒྱུན་གྲབས་ལྷོད་མེད་བཅས་ལ་ཤུགས་སྣོན་བརྒྱབ་ནས་གནས་ཚུལ་ཐོན་འཕྲལ་ཐོན་ཐུབ་པ་དང་རྒྱལ་ཁ་ལེན་ཐུབ་པའི་འགན་ལེན་བྱེད་དགོས། དངོས་འཐབ་དངོས་སྦྱོང་དང་མཉམ་འཐབ་མཉམ་སྦྱོང་མཐའ་འཁྱོངས་བྱས་ཏེ་འགྲན་རྒོལ་རང་བཞིན་དང་། དམིགས་སའི་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཀྱི་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་ནས་སྦྱོང་བརྡར་གྱི་སྤུས་ཚད་དང་ཆུ་ཚད་གོང་མཐོར་གཏོང་བ་བཅས་བྱེད་དགོས། དམག་འཐབ་ལ་བརྟེན་ནས་འཛུགས་སྐྲུན་ལ་སྣེ་ཁྲིད་དང་སྦྱོང་བརྡར་ལ་བརྟེན་ནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་བྱས་ཏེ་དམག་འཐབ་ཀྱི་སྟོབས་ཤུགས་དང་འགན་ལེན་སྟོབས་ཤུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་ཕྱོགས་ཡོངས་ནས་དམག་དཔུང་ནན་པོས་སྐྱོང་རྒྱུར་དམ་འཛིན་ནན་པོ་བྱས་ཏེ་རྒྱུན་གཏན་རང་བཞིན་གྱི་བསམ་བློའི་ལས་དོན་དང་རྒྱུན་གཏན་རང་བཞིན་གྱི་དོ་དམ་ལས་དོན་ཡག་པོ་སྒྲུབ་སྟེ་དཔུང་སྡེ་ཚད་མཐོའི་གཅིག་སྡུད་གཅིག་གྱུར་དང་སྤྱོད་གཙང་སྲ་བརྟན་ཡོང་བའི་འགན་ལེན་དང་དཔུང་སྡེ་བདེ་འཇགས་དང་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། དོ་དམ་ནན་པོ་དང་བྱམས་སྐྱོང་ཆེན་པོ་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་དོ་ནན་ངང་དམག་སྣེ་ཁྲིད་པ་དང་བརྩེ་བ་ཟབ་མོས་དམག་སྣེ་ཁྲིད་དེ་དཔུང་སྡེའི་གོང་བུ་འགྲིལ་ཤུགས་དང་དམག་འཐབ་ནུས་པ་ཆེ་རུ་གཏོང་དགོས། ལས་ཀའི་གཙོ་གནད་དེ་གཞི་རིམ་དུ་འཇོག་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་བ། གཞི་རིམ་འཛུགས་སྐྱོང་ཕྱོགས་ཡོངས་ནས་ཡར་རྒྱས་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་ཐུབ་པ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རིམ་པ་ཁག་གིས་ལྷག་བསམ་རྣམ་དག་ངང་དཔོན་དམག་ཚོའི་སེམས་ཁྲལ་དང་དཀའ་གནད་སེལ་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་རྒྱ་ཆེའི་དཔོན་དམག་ཚོའི་སེམས་ནུས་གཅིག་ཏུ་འགྲིལ་ནས་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་འཕེལ་རྒྱུར་སྐུལ་མ་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།