ཧི་མ་ལ་ཡའི་ལྷོ་རྒྱུད་དུ་གནས་པའི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་ནི་བལ་ཡུལ་གྱི་མཐའ་མཚམས་དང་སྤྱི་ལེ་23.5ཡི་བར་ཐག་ལས་མེད་ཅིང་། དེ་ནི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་བོད་ལྗོངས་དང་བལ་ཡུལ་དབར་འགྲོ་འོང་བྱེད་པའི་ལམ་བུ་གལ་ཆེན་ཞིག་རེད། རྒྱ་མཚོའི་ངོས་ལས་མཐོ་ཚད་ཁྱད་པར་ཆེན་པོ་ཡོད་པས། སྐྱིད་གྲོང་ལ་སྐྱེས་ཁམས་ཁོར་ཡུག་དམིགས་བསལ་ཅན་ཞིག་གྲུབ་ཡོད། གནས་དེར་མཚེའུ་མང་ཞིང་རི་མཐོ་གངས་རི་མང་ལ། གདོད་མའི་ནགས་ཚལ་སྟུག་ཅིང་། རང་བྱུང་ཁམས་ཀྱི་ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག་པས། “ཇོ་མོ་གླང་མའི་”རྒྱབ་ཀྱི་མེ་ཏོག་ལྡུམ་ར་ཞེས་འབོད་སྲོལ་ཡོད།