སི་ཁྲོན་གྱིས་རྔ་པའི་གེགས་ཁུལ་དུ་ཞིང་ལས་ཐོན་རྫས་སོས་པ་སྐྱེལ་འདྲེན་དང་སློབ་གྲྭར་ལོག་མཁན་དགེ་སློབ་ཚོར་ཐོགས་མེད་བགྲོད་ལམ་བཏོད་པ།
རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-30
ཤིན་ཧྭ་གསར་འགྱུར་ཁང་དུ་ཟླ་8ཚེས་27ཉིན་གློག་འཕྲིན་འབྱོར་གསལ། དབུན་ཁྲོན་གྱི“8·20”གྱི་དྲག་ཆར་ཆེན་པོ་བབས་པའི་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཚབས་ཆེན་ཁྲོད། སི་ཁྲོན་རྔ་པ་ཀྲོའུ་ཡི་ཏུའུ་དབུན་མྱུར་བགྲོད་གཞུང་ལམ་ད་བར་ཕྱོགས་གཉིས་ཀ་བཀག་ཡོད། ཚེས་26ཉིན། སི་ཁྲོན་གྱིས་མཐུན་སྦྱོར་ཚོགས་འདུ་འཚོགས་ནས་ཏུའུ་དབུན་མྱུར་བགྲོད་གཞུང་ལམ་གྱི་ཐོགས་མེད་བགྲོད་ལམ་ཤར་གཏོང་བྱེད་རྒྱུའི་ཐག་བཅད་ནས་དེ་གར་ལུས་པའི་ཞིང་ལས་ཐོན་རྫས་སོས་པ་འཕྲལ་སྡོམ་སྐྱེལ་འདྲེན་དང་དེ་གར་ལུས་པའི་དགེ་སློབ་སློབ་གྲྭར་ཕྱིར་ལོག་ཐུབ་པའི་འགན་ལེན་བྱས་པ་རེད།
གསར་འགོད་པར་སི་ཁྲོན་འགྲིམ་འགྲུལ་མ་འཇོག་ཚོགས་པ་ནས་ཤེས་རྟོགས་བྱུང་གསལ། ཚེས་25ཉིན། རྔ་པ་གེགས་ཁུལ་གྱི་སྔོ་ཚལ་དང་ཤིང་འབྲས་ཕྱིར་ཚོང་ལ་རོགས་རམ་བྱ་ཆེད། འབྲེལ་ཡོད་ཕྱོགས་ཀྱིས་ཏུའུ་དབུན་མྱུར་བགྲོད་གཞུང་ལམ་གྱི་ཐོགས་མེད་བགྲོད་ལམ་ཤར་གཏོང་གི་སྔོན་ཇུས་བཟོས་པ་དང་ཆབས་ཅིག་ལག་བསྟར་བྱེད་འགོ་ཚུགས་པ་རེད།
ཚེས་26ཉིན་འཚོགས་པའི་མཐུན་སྦྱོར་ཚོགས་འདུའི་ཐོག་གཤམ་གསལ་གྱི་བསམ་འཆར་ཁག་ལ་གྲོས་མཐུན་བྱུང་བ་སྟེ། འཕྲལ་སྡོམ་སྐྱེལ་འདྲེན་འགན་ལེན་དུས་ཚོད་གནས་སྐབས་ཟླ་གཅིག(2019ལོའི་ཟླ་8ཚེས་26ནས་ཟླ་9ཚེས་26ཉིན་བར)གཏན་འཁེལ་བྱས་པ་དང་། འགྲོ་ལམ་ཨར་རྒྱག་གི་ལས་རྣམ་ལ་གཞིགས་ནས་དུས་ཚོད་ལེགས་སྒྲིག་བྱེད་རྒྱུ། ཐོགས་མེད་བགྲོད་ལམ་གཏན་འབེབས་དུས་ཚོད་ནང་ཤར་གཏོང་བྱེད་པ་སྟེ། ཀྲོའུ་ནས་ཕྱིར་སྐྱོད་པའི་དུས་ཚོད(ཆུ་ཚོད་12ནས་14བར་དང་། ཆུ་ཚོད་18ནས་20བར)ཡིན་པ་དང། ཀྲོའུ་ལ་ལོག་པའི་དུས་ཚོད(ཆུ་ཚོད་4པ་ནས་7དང་སྐར་མ་30བར)རེད།