བདེ་སྐྱིད་འཚོ་བའི་ལེའུ།
བྲག་འགོ་རྫོང་ཤྭ་ར་ཐང་སྡེ་པའི་གཉེན་སྟོན་མཛད་སྒོ། 炉霍县虾拉沱村藏式婚礼
འཛུམ་མདངས། 喜悦
ཁྱུང་མཆུའི་གེ་སར་ཟློས་གར། 红原格萨尔藏戏
ཆ་འཕྲིན་འཕེལ་རྒྱས་ཀྱི་ལེའུ།
ཀི་རྒྱག་པ་ནི་བོད་ཀྱི་སྲོལ་རྒྱུན་གྱི་ཆ་འཕྲིན་བརྒྱུད་སྒྲོག་བྱེད་སྟབས་ཤིག་ཡིན་ཀྱང་། ད་ལྟ་རང་རེའི་རྒྱལ་ཁབ་ཀྱི་ཆ་འཕྲིན་ལག་རྩལ་མུ་མཐུད་དུ་འཕེལ་རྒྱས་ཕྱིན་པ་དང་ལྷན་དུ། བོད་ཁུལ་མང་ཚོགས་ཀྱིས་དུས་རབས་ཀྱི་འགྲོས་དང་བསྟུན་ནས་ཁ་པར་དང་གློག་ཀླད་སོགས་སྤྱོད་བཞིན་ཡོད་ལ། སི་ཁྲོན་བོད་ཁུལ་གྱི་ས་ཁོངས་ཧ་ལམ་སྤྱི་ལེ་གྲུ་བཞི་མ་ཁྲི་24.98ལ་ཆ་འཕྲིན་དྲ་བ་ཡོངས་ཁེབས་མངོན་འགྱུར་བྱུང་ཡོད།
གཟབ་ཉན།
倾听
དགའ་སྤྲོའི་ཉམས།
同乐
འགྲིམ་འགྲུལ་འགྱུར་ལྡོག་གི་ལེའུ།
སྲོལ་རྒྱུན་གྱི་ཁལ་མ་ནས་ད་ལྟའི་འཕྲུལ་རྟ་དང་རླངས་འཁོར་སོགས་ཀྱི་བར། སི་ཁྲོན་བོད་ཁུལ་གྱི་མང་ཚོགས་རྣམས་ཀྱི་འགྲིམ་འགྲུལ་ཡོ་བྱད་དུས་རབས་དང་མཐུན་ཞིང་འཕེལ་རྒྱས་ཀྱི་འགྲོས་ཚད་ཤིན་ཏུ་མྱུར་ལ། འབྲོག་ཁུལ་དུ་འཕྲུལ་རྟ་ནི་རྫི་རྟ་རུ་གྱུར་ཡོད།
འཕྲུལ་རྟ་ནི་ཞིང་འབྲོག་མང་ཚོགས་ཀྱི་ཆེས་སྟབས་བདེ་བའི་འགྲིམ་འགྲུལ་ཡོ་བྱད་དུ་གྱུར།
摩托车成为农牧民群众出行最便利的交通工具
བོད་ཁུལ་མི་སེར་གྱི་སྒེར་འཁོར།
藏区百姓开上私家车
སི་ཁྲོན་བོད་ཁུལ་གྱི་གློག་ཤུགས་མཉམ་འབྲེལ་དྲ་བའི་ལས་གྲྭ་ཐད་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད་དེ། མཐོ་སྒང་གི་ཁྱིམ་གཞིས་སུ་མར་མེའི་མཆོད་ཀོང་ལས་ཀྱང་འོད་སྣང་ཆེ་བའི་གློག་གི་སྒྲོན་མེ་སྐར་ཚོགས་ལྟར་བཀར་ཡོད་ལ། དེས་འདས་སོང་གི་མུན་ནག་རྩ་ནས་སེལ་ཏེ། དེང་རབས་ཀྱི་འོད་སྣང་ཁྱིམ་གཞིས་སོ་སོར་ལ་དྲངས་ཡོད།
དཀར་མཛེས་ཉི་གློག་སྒྲིག་ཆས་ས་ཚིགས།
甘孜火古龙光伏电站
དཀར་མཛེས་རྫོང་གི་འབྲོག་པའི་ཁྱིམ་ཚང་ཞིག་གིས་སྦྲ་གུར་གསར་པའི་ནང་དུ་འཁྱེར་བདེའི་བརྙན་འཕྲིན་ལ་ལྟ་བཞིན་པ།
甘孜县牧民在新型帐篷中收看移动电视
ཉེ་བའི་ལོ་འགའི་རིང་། སི་ཁྲོན་བོད་ཁུལ་གྱིས་ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆ་ལ་བརྟེན་ནས། ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་དང་སྐྱེ་ཁམས་ཞིང་ལས་འཕེལ་རྒྱས་བཏང་ཡོད། “རྟེན་གཞི་འཛུགས་པ་དང་། ཐོན་ལས་གསོ་བ། ཐོན་རྫས་འདྲེན་པ། ཚོང་རྟགས་གཏོད་པ་”བཅས་ཀྱི་ཐད་འབད་བརྩོན་ཆེན་པོ་བྱས་ཏེ་སྣོད་བཅུད་ཞིང་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་དང་། ཆེད་ལས་མཉམ་ལས་ཁང་ཁག་གཅིག་བཙུགས་ནས་ཞིང་ལས་ཐོན་རྫས་ཀྱི་རིན་ཐང་མཐོ་རུ་གཏོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད།
བྲག་འགོ་རྫོང་ཤྭ་ར་ཐང་གི་ཞིང་པས་བརྔ་སྡུད་འཕྲུལ་འཁོར་སྤྱོད་བཞིན་པ། 炉霍虾拉沱农民用上收割机
ལོ་ལེགས། 丰收
བོད་རིགས་ས་ཁུལ་གྱི་འབྲོག་པ་ཚོ་སྔོན་མར་དུས་ཚིགས་བཞི་ལ་སྦྲ་གུར་དུ་འཚོ་ཞིང་། དུས་དང་རྣམ་པ་ཀུན་ཏུ་རྟ་ནོར་ལུག་གསུམ་གྱི་རྗེས་འདེད་དེ་འཚོ་བ་སྐྱེལ་དགོས་སྟབས་དཀའ་ངལ་ཤིན་ཏུ་ཆེ། ཉེ་བའི་ལོ་ཤས་རིང་། ཏང་དང་སྲིད་གཞུང་གིས་ཐུགས་ཁུར་དང་རོགས་རམ་འོག །འབྲོག་པ་ཚོས་ཆར་དང་ཉི་འོད་འགོག་ཐུབ་པའི་གུར་གསར་པ་སྤྱོད་པར་མ་ཟད། ད་དུང་ཉི་ནུས་གློག་སྒྲོན་གྱི་སྒྲིག་ཆས་དང་ལྕགས་ཐབ། འོ་དཀྲུག་འཕྲུལ་ཆས་སོགས་སྤྱོད་བཞིན་ཡོད་ལ། དེང་རབས་ཀྱི་ལུགས་དང་མཐུན་པའི་འབྲོག་པའི་ཐོན་རྫས་དུ་མ་ཞིག་འཛམ་གླིང་གི་ཚོང་ར་རུ་བསྐྱོད་དང་སྐྱོད་བཞིན་མཆིས།
ཁྱུང་མཆུའི་འབྲོག་པས་འོ་མ་འཚོང་བཞིན་པ།
红原牧民排队销售鲜奶
དབྱར་གྱི་རང་མདངས།
夏日高原
ཐུམ་འབུའི་ནད་དང་གློ་གཅོང་གི་ནད་སོགས་ནི་བོད་ཁུལ་མང་ཚོགས་ཀྱི་ཚེ་སྲོག་འཕྲོག་པའི་གཤེད་མ་གཏུམ་ཤོས་ཤིག་ཡིན་ཀྱང་། དེང་སྐབས་དེ་ལ་ཚོད་འཛིན་དང་སྨན་བཅོས་ནུས་ལྡན་བྱེད་བཞིན་ཡོད། སི་ཁྲོན་བོད་ཁུལ་གྱི་སྨན་བཅོས་འགན་ལེན་བྱ་གཞག་ལ་འཕེལ་རྒྱས་གསར་པ་བྱུང་ཡོད་དེ། ཡིག་ཚགས་དང་བྱང་བུ་བཟོས་པའི་མི་འབོར་དབུལ་པོ་100%འགན་བཅོལ་ནང་ཞུགས་ཤིང་། སྨན་བཅོས་རྣམ་གྲངས་གང་མང་ཞིག་རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་གྱི་རྩིས་ཞུའི་ཁྱབ་ཁོངས་ནང་བཅུག་པས། བོད་རིགས་ས་ཁུལ་གྱི་མང་ཚོགས་དེ་བས་མང་བར་ཕན་པ་སྐྲུན་བཞིན་ཡོད།
བོད་སྨན་དགོན་པར་སྐྱེལ་བའི་བྱེད་སྒོ།
送藏医药进寺庙
སྨན་བཅོས་གཞི་རིམ་དུ་སྐྱོད་པའི་བྱེད་སྒོ།
结对认亲送卫生下乡
བོད་རིགས་ས་ཁུལ་དུ་རང་བྱུང་ཁོར་ཡུག་སོགས་ཀྱིས་རྐྱེན་གྱིས་སློབ་གསོ་ཡར་རྒྱས་ཡོང་བར་བཀག་འགོག་ཚབས་ཆེན་ཐེབས་ཡོད། སློབ་གསོ་ཉམས་ཞན་ལས་ཤེས་ལྡན་མི་སྣ་མི་འདང་བ་དང་། ཤེས་ལྡན་མི་སྣ་མི་འདང་བ་ལས་དཔལ་འབྱོར་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པ། རང་རེའི་ཞིང་ཆེན་གྱིས་དུས་ཡུན་རིང་པོའི་ནང་མ་དངུལ་འབོར་ཆེན་བཏང་སྟེ་བོད་རིགས་ས་ཁུལ་གྱི་སློབ་གྲྭའི་ཆ་རྐྱེན་ཇེ་ལེགས་སུ་བཏང་ཡོད་ལ། “9+3”གྱི་སློབ་གསོའི་འཆར་གཞི་སོགས་མུ་མཐུད་དུ་སྤེལ་བས། དེང་དུས་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་མྱུར་བགྲོད་ལམ་བུའི་ཐོག་མགྱོགས་མྱུར་སྒོས་སྐྱོད་བཞིན་ཡོད།
དེང་རབས་ཅན་གྱི་སློབ་ཁྲིད་སྒྲིག་ཆས་ད་ལྟ་མི་རིགས་ས་ཁུལ་དུ་ཁྱབ་གདལ་ཕྱིན་པ།
现代化教学设备如今在民族地区得到了普及
ཉེ་བའི་ལོ་ཤས་རིང་། བོད་རིགས་ས་ཁུལ་གྱི་ཞིང་འབྲོག་མང་ཚོགས་རྣམས་སྡོད་ཁང་ཡག་པོའི་ནང་འདུག་ཐུབ་ཆེད། སི་ཁྲོན་བོད་ཁུལ་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་“གཅིག་གྱུར་འཆར་འགོད་དང་། མང་ཚོགས་རང་མོས། དྲང་གཞག་ཡོངས་བསྒྲགས། ལག་བསྟར་དོན་འཁྱོལ་”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། འགོ་ཁྲིད་ཤུགས་སྣོན་དང་འོས་འགན་གསལ་སྟོན། བྱ་ཐབས་ཞིབ་ཚགས་བཏང་ནས་བོད་རིགས་ས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་། 2019ལོར་དཀར་མཛེས་ཁུལ་དང་རྔ་བ་ཁུལ་གྱིས་ནན་ཏན་སྒོས་“གཙོ་གནད་བྱ་ཡུལ་རིགས་བཞི་”ལྟར་སྡོད་ཁང་གསར་པ་འཛུགས་སྐྲུན་བྱ་ཡུལ་ལ་ཞིབ་བསྡུར་བྱས། རྔ་བ་ཁུལ་གྱིས་ལོ་ཧྲིལ་པོའི་ནང་ཚོད་རྩིས་བྱས་ན་ཁ་གསབ་མ་དངུལ་སྒོར་ཁྲི་5559སྤྲོད་པ་དང་། ཁང་པ་གསར་པ་1853འཛུགས་སྐྲུན་ལེགས་གྲུབ་བྱུང་ཡོད་ལ། དཀར་མཛེས་ཁུལ་གྱིས་ལོ་ཧྲིལ་པོའི་ནང་ཚོད་རྩིས་བྱས་ན་ཁ་གསབ་མ་དངུལ་སྒོར་ཁྲི་19800སྤྲོད་པ་དང་། ཁང་པ་གསར་པ་6600འཛུགས་སྐྲུན་ལེགས་གྲུབ་བྱུང་ཡོད།
རྟའུ་ཡི་འཚོ་བ་གསར་པའི་བདེ་སྐྱིད་ཀྱི་ཁྱིམ་གཞིས།
道孚民居
རྔ་བ་རྫོང་གཅའ་རོ་ཡུལ་ཚོའི་གྲོང་སྡེ་གསར་པ།
阿坝县贾罗乡牧民新村
གྲོང་ཁྱེར་འཕོ་འགྱུར་གྱི་ལེའུ།ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུའི་བརྗིད་ཆགས་དམིགས་ཡུལ་མངོན་འགྱུར་ཡོང་ཆེད། རྒྱལ་ཡོངས་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་སྲིད་ཇུས་ལ་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད། སི་ཁྲོན་ནུབ་རྒྱུད་ཀྱི་མཐོ་སྒང་དུ་གནས་པའི་སི་ཁྲོན་བོད་ཁུལ་གྱིས་ཀྱང་ཏང་དང་རྒྱལ་ཁབ་ཀྱི་བོད་སྐྱོར་འཆར་གཞི་དང་། གཟིགས་སྐྱོང་སྲིད་ཇུས་ཀྱི་ཐུགས་ཁུར་དང་རོགས་རམ་འོག་དུས་རབས་འཕེལ་རྒྱས་ཀྱི་རྗེས་སུ་བསྙེགས་ཤིང་། 2012ལོར་སི་ཁྲོན་གྱིས་ཁ་གཏད་བོད་སྐྱོར་ལས་དོན་སྤེལ་ཚུན། སྡོད་ཁང་བདེ་འཇགས་དང་འགན་བབ་སློབ་གསོ། གཞི་རྩའི་སྨན་བཅོས་སོགས་གཙོ་གནད་ཁྱབ་ཁོངས་འབུར་དུ་ཐོན་པ་རྣམས་ལ་རོགས་སྐྱོར་བྱས་ནས། སི་ཁྲོན་བོད་ཁུལ་གྱི་རྫོང་(གྲོང་ཁྱེར་)32ཀྱི་རྣམ་པ་གསར་པར་བསྒྱུར་བ་དང་། ས་གནས་སོ་སོ་རུ་མཐོ་སྒང་གི་མུ་ཏིག་གྲོང་ཁྱེར་ཚར་དུ་མངར་ཞིང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གནས་སྤོའི་ལེའུ་གསར་པ་སི་ཁྲོན་ནུབ་རྒྱུད་ཀྱི་མཐོ་སྒང་དུ་བྲིས།
རྔ་བ་རྫོང་གི་རྣམ་པ་གསར་པ།
空中看阿坝县城
གསེར་རྟ་རྫོང་གི་རྣམ་པ་གསར་པ།
今日色达
དཀྱེལ་ཆེ་ཞིང་གུ་ཡངས་པའི་ཆོས་ལུགས་ལ་ད་གཟོད་གསོན་ཤུགས་ལྡན་པ་དང་། སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་སྟབས་དང་འགྲོགས་ནས་ཡུན་རིང་དུ་གནས་ཐུབ། ཏང་དང་སྲིད་གཞུང་གི་ཡང་དག་པའི་དབུ་ཁྲིད་འོག །ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འོ་ཆུ་འདྲེས་པ་ལྟར་གནས་ཤིང་། བོད་རིགས་མང་ཚོགས་ཀྱི་འབད་འབུངས་དང་ཧུར་ཐག་གིས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་གསར་པ་ཞིག་སྐྲུན་བཞིན་ཡོད།
དགོན་པའི་ནང་དུ་སློབ་གསོའི་བྱེད་སྒོ་སྤེལ་བ།
入寺宣讲
ཆོས་ཕྱོགས་ཀྱི་དུས་ཆེན།
晒佛节
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། དྭངས་གཙང་གི་ཆུ་བོ་དང་སྔོ་ལྗང་གི་རི་བོ་ནི་གསེར་རི་དངུལ་རི་ལས་ཀྱང་ལྷག་ལ། སྣོད་བཅུད་ཁོར་ཡུག་བཟང་པོ་ནི་ཆེས་འདྲ་མཉམ་གྱི་སྤྱི་པའི་ཐོན་རྫས་ཤིག་དང་ཀུན་ཕན་གྱི་དམངས་འཚོའི་བདེ་སྐྱིད་ཅིག་རེད་ཅེས་གསུངས་མྱོང་། སི་ཁྲོན་བོད་ཁུལ་ལ་ཐུན་མོང་མ་ཡིན་པའི་སྣོད་བཅུད་ཐོན་ཁུངས་བཟང་པོ་ཡོད་པ་དང་། གནའ་ནས་བཟུང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་རིག་གནས་ཀྱང་གཏིང་ཟབ་པོར་ལྡན། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དེ་ཐོག་མཐའ་བར་གསུམ་དུ་བརྒྱུད་རིམ་ལྡན་པའི་འཕེལ་རྒྱས་ཁྲོད་ཁྱབ་པར་མ་ཟད། རྒྱུན་མཐུད་འཕེལ་རྒྱས་དར་སྤེལ་དང་རྒྱུན་འཛིན་བྱེད་བཞིན་ཡོད།
མཁར་གསར་མཚེའུ།
卡萨湖
འདབ་པའི་ཉི་སྟེང་།
稻城亚丁