ཡུལ་སྐོར་གྱི་མཁར་གྲོང་སྟེ་བསྐྱར་དུ་བསྐྲུན་པའི་རིག་གནས་ཀྱི་བླ་སྲོག
旅游之城 铸就城市品牌
མཐོ་སྒང་གི་ཉི་འོད་འོག་གེ་སར་མཁར་གྲོང་དང་གྲོང་བརྒྱའི་ཐོན་ལས་རྟེན་གཞི། སེང་འབྲུག་སྟག་རྩེ་ཕོ་བྲང་སོགས་རྔམ་བརྗིད་ངང་ཡུལ་གྲུ་འདིའི་རྒྱན་དུ་མངོན་འདུག
གེ་སར་མཁར་གྲོང་ལ་བརྩེ་བ་ཟབ་མོ་མཆིས་པའི་དཀར་མཛེས་རྫོང་ཨུའི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཅན་གོ་ཡིས་ལས་གཞི་འདིར་རྔུལ་ཁྲག་མང་པོ་བཏོན་ཞིང་། ཁོང་གེ་སར་མཁར་གྲོང་གིས་དཀར་མཛེས་ལ་ཐེབས་སྲིད་པའི་ཤུགས་རྐྱེན་དང་དེའི་རིན་ཐང་ཐད་ལའང་རྒྱུས་མངའ་ཟབ་མོ་ལྡན་ངེས། ལོ་ངོ་སྟོང་ཕྲག་ལྷག་གི་རིང་ལ་ཡུལ་གྲུ་འདིར་གེ་སར་སྙན་སྒྲུང་གི་རྒྱུན་ཆད་མྱོང་མེད་ལ། གེ་སར་གྱི་གཏམ་རྒྱུད་དེ་དག་ནི་མཐོ་སྒང་གི་ཡུལ་གྲུ་འདིར་ཐོར་པའི་མུ་ཏིག་གི་རྡོག་པ་རེ་རེ་བཞིན་ཡུལ་མི་ཀུན་གྱི་སེམས་ངོགས་སུ་འོད་དུ་འཚེར་ཞིང་། རིན་ཐང་གཞལ་དུ་མེད་པའི་སྲོལ་རྒྱུན་ཞིག་གནས་འདིར་ངང་གིས་གྲུབ། དཀར་མཛེས་རྫོང་དུ་གཡུ་ཡི་མཎྜལ་སྤུངས་འདྲའི་སྤང་ལྗོངས་སྔོན་མོ་ཡོད་པར་མ་ཟད། གེ་སར་རིག་གནས་ཀྱི་གཏེར་མཛོད་ཀྱང་གནས་འདིར་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པ་སྟེ། བྲག་རི་གཡང་མཁར་ནི་རྒྱ་ཚ་ཞལ་དཀར་གྱིས་གེ་སར་རྒྱལ་པོར་རོགས་རམ་བྱས་ཏེ་དགྲ་འདུལ་གཉེན་སྐྱོང་གི་མཛད་འཕྲིན་སྐྱོང་བའི་གནས་རི་ཡིན་པ་དང་། གཞན་ད་དུང་སེང་ལྕམ་འབྲུག་མོའི་རང་བྱུང་སྐུ་བརྙན་དང་གེ་སར་རྒྱལ་པོའི་ཞབས་རྗེས། ཀྲབ་རྨོག་དང་རལ་གྲི་བཅས་ཀྱི་གནའ་རྗེས། གཏེར་ནས་དྲངས་པའི་གནའ་དཔེ་བཅས་ཡོད་པ་དང་། རོང་པ་ཚ་རུ་གནས་རི་དམ་ལ་བཏགས་པ་དང་དམག་རྟ་བཅོལ་བ། འབྲུག་མོ་དང་གེ་སར་རྒྱལ་པོའི་མ་ཡུམ་གཉིས་ཀྱིས་དམག་རྟ་བཟུང་པའི་རྗེས་ཤུལ་རྣམས་དུས་ད་ལྟའི་བར་མ་ཉམས་པར་གནས། གཙང་ཟླ་ལ་གནས་རི་ནི་གེ་སར་རྒྱལ་པོས་ཧོར་གྱི་ས་བབ་ལ་གཟིགས་སྐབས་གྲུབ་པའི་དབུ་བརྙན་དང་གེ་སར་རྒྱལ་པོའི་ཕོ་བྲང་གི་གནའ་ཤུལ་ཡིན་པར་གྲགས། གེ་སར་གྱི་རྗེས་ཤུལ་དང་གནའ་རྫས། ལོ་རྒྱུས། དམངས་སྲོལ། གཏམ་དཔེ། གེ་སར་རྒྱལ་པོའི་དཔའ་བོའི་སྣང་བརྙན་དག་གྲ་མ་ཉམས་ཤིང་གྲུ་མ་ཆག་པར་གནས་འདིར་རྒྱུན་འཛིན་བྱས་ཡོད་ལ། རིག་གནས་ཤུལ་བཞག་དེ་དག་ལས་དཀར་མཛེས་མི་དམངས་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་དང་ཉམས་པ་མེད་པའི་བློ་སྤོབས་མཚོན།
གེ་སར་མཁར་གྲོང་སྟེ་གྲོང་ཁྱེར་གྱི་རྣམ་ཤེས།
文化之城 打造城市之翼
དཀར་མཛེས་རྫོང་ནི་ཤ་བྷ་ལའི་རྒྱལ་སྤྱིའི་ཡུལ་སྐོར་ལྟེ་གནས་དང་ཁམས་བྱང་ཡུལ་སྐོར་ལྟེ་གནས། ཁམས་པའི་རིག་གནས་སྐྱེ་ཁམས་ཡུལ་སྐོར་ཁུལ། ཁམས་པའི་རིག་གནས་ཡུལ་སྐོར་བར་ཁྱམས། སི་ཁྲོན་གསར་བརྗེའི་ཡུལ་སྐོར་ཁུལ་གྱི་དཀྱིལ་སྙིང་ས་ཁུལ་དུ་གནས་པས་ས་བབ་ཀྱི་ཐད་ནས་དགེ་མཚན་བླ་ན་མེད་པ་མཆིས་ཤིང་། ཀུན་གྱིས་རི་ཆུས་མུ་ཁྱུད་དུ་བསྐོར་བའི་ཁམས་བྱང་གི་ལྟེ་གནས་ཞེས་བསྟོད་པའི་མེ་ཏོག་གཏོར་བཞིན་ཡོད། རྫོང་ཁོངས་སུ་གེ་སར་གྱི་གནའ་ཤུལ་དང་གཏམ་རྒྱུད། སྐུ་བརྙན། བརྐོས་རིས། ཞབས་བྲོ། འཆམ་སོགས་ཀྱིས་གཙོས་པའི་རིག་གནས་ཕུན་སུམ་ཚོགས་པས་གེ་སར་རིག་གནས་ཀྱི་གཏེར་མཛོད་ཆེན་པོ་ཞིག་ཏུ་ངོས་འཛིན། དབུལ་སེལ་འགག་སྒྲོལ་དང་རྒྱལ་ཁབ་རིམ་པའི་ཁོངས་ཡོངས་ཡུལ་སྐོར་དཔེ་སྟོན་ཁུལ་སོགས་ཀྱི་སྲིད་ཇུས་རྒྱབ་སྐྱོར་ཐོབ་པར་བརྟེན། དཀར་མཛེས་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་དུས་བབ་དང་བསྟུན་ནས་བློ་སྤོབས་ཆེན་པོས་ཐོན་ལས་སྙོམས་སྒྲིག་ལ་ཧུར་བརྩོན་དང་། དཀར་མཛེས་ཁུལ་གྱི་བྱང་ཕྱོགས་གེ་སར་རིག་གནས་ཡུལ་སྐོར་རྒྱུད་ཀྱི་འཛུགས་སྐྲུན་ལ་དམ་པོར་དམིགས་ཤིང་། དཀར་མཛེས་གནམ་ཐང་དང་བདེ་མྱུར་གཞུང་ལམ་གྱི་དགེ་མཚན་ལ་བརྟེན་ནས་གེ་སར་རིག་གནས་དང་གསར་བརྗེའི་རིག་གནས། དམངས་སྲོལ་རིག་གནས་བཅས་འདེགས་གཞི་བྱས་ཏེ། དཔུང་གཤིབ་དྲོད་ལེན་གྱི་ཚུལ་དུ་2017ལོའི་ཟླ་10བར་རྫོང་ཡོངས་ཀྱི་དབུལ་ཕོངས་སྡེ་བ་128དང་འབྲེལ་བའི“འབྲེལ་གནས”ཀྱི་ཐུན་མོང་དཔལ་འབྱོར་དངོས་གཞི་སྟེ་གེ་སར་མཁར་གྲོང་དང་གྲོང་བརྒྱའི་ཐོན་ལས་རྟེན་གཞི་བསྐྲུན་འགོ་ཚུགས།
དཀར་མཛེས་རྫོང་གི་གེ་སར་མཁར་གྲོང་དང་གྲོང་བརྒྱའི་ཐོན་ལས་རྟེན་གཞིའི་འཆར་གཞིས་རིག་གནས་ནི་བླ་སྲོག་ཡིན་པ་དང་སྐྱེ་ཁམས་གཙོ་བོར་འཛིན་པ། མཐུན་སྦྱོར་མཉམ་འདྲེས་ཀྱི་འཆར་འགོད་ལྟ་བ་རྒྱུན་འཛིན་བྱས་ཐོག ཡུལ་དངོས་འཆར་འགོད་ཀྱི་ཐབས་ལམ་བརྒྱུད་དེ་ཐོན་ལས་དང་གྲོང་ཁྱེར། མི་བཅས་མཐུན་སྦྱོར་ཡོང་བ་དང་། རིག་གནས་མྱོང་རོལ་དང་ངལ་གསོ། གུང་གསེང་བཅས་ཀྱི་བརྗོད་དོན་ལ་དམིགས་ཏེ། རིག་གནས་དང་ཁམས་གསོ། ཉོ་ཚོང་། གུང་གསེང་ལ་རོལ་བ། ཚོང་དོན་སོགས་གཞི་གཅིག་ཅན་གྱི་མྱོང་རོལ་རང་བཞིན་གྱི་གེ་སར་རིག་གནས་ཀྱི་མཁར་གྲོང་ཞིག་བསྐྲུན། ལས་གཞི་འདི་ལེགས་པར་གྲུབ་རྗེས། བོད་ཀྱི་རིག་གནས་དང་དེང་རབས་དཔལ་ཡོན་གཉིས་མཉམ་དུ་འདྲེས་པའི་ཡུལ་སྐོར་མཛེས་ལྗོངས་ཤིག་དང་། གྲོང་ཁྱེར་དང་གྲོང་རྡལ་གཅིག་འདོམས་ཀྱི་ཐོན་གསུམ་མཉམ་སྦྲེལ་གྱི་སྒེའུ་ཁུང་ཞིག་དང་གསང་བས་ཕྱུག་པའི་རིག་གནས་མྱོང་རོལ་ཁུལ། འཕེལ་སྟོབས་མཚོན་པའི་ཡུལ་སྐོར་ཐོན་ལས་ཁུལ། སྒུལ་ཤུགས་ཀྱིས་ཁེངས་པའི་རིག་གནས་གསར་གཏོད་ཁུལ། གསོན་ཤུགས་ཀྱིས་བརྟས་པའི་སྡོད་གནས་ཁུལ། ཁམས་པའི་ཁོངས་ཡོངས་ཡུལ་སྐོར་གྱི་མིག་ཟུང་དང་སྡུད་འགྲེམ་བྱེད་གནས་ཤིག་ཏུ་འགྱུར་ངེས།”རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གྱིས་དེ་ལྟར་གསུངས།
གེ་སར་མཁར་གྲོང་གི་འདེགས་གཞི་འདི་ལ་བརྟེན་ནས་ལོ་ངོ་སྟོང་ཕྲག་ལྷག་ལ་རྒྱུན་འཛིན་བྱས་པའི་གེ་སར་རིག་གནས་ལ་གསོན་ཤུགས་རྒྱས་སྲིད་པ་དང་།
དབུལ་ཕོངས་མང་ཚོགས་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ། རིག་གནས་ཡུལ་སྐོར་གྱི་ཐོན་ལས་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ཐུབ་ངེས།
ཐོན་ལས་ཀྱི་མཁར་གྲོང་སྟེ་འབྱོར་འབྲིང་གི་ལམ་དུ་བསྐྱོད་པའི་རྨང་རྟེན།
产业之城 筑牢奔康之基
ངས་ལས་དཀར་མཛེས་རྫོང་གི་འཕོ་འགྱུར་ལ་ལྟ་བ་།
རྒྱལ་ཡོངས་གེ་སར་ལས་ཀའི་གཞུང་ལས་ཁང་གི་ཀྲུའུ་རེན་ནོར་བུ་དབང་ལྡན་༼གཡོན་གསུམ་པ་༽ལ་དཀར་མཛེས་རྫོང་ཨུའི་ཧྲུའུ་ཅི་ལེ་ཅན་ཕིང་༼གཡས་གཉིས་པ་༽གིས་གེ་སར་མཁར་གྲོང་ངོ་སྤྲོད་བྱེད་བཞིན་པ།
全国格办主任诺布旺丹(左三)在甘孜县委书记雷建平(右二)的陪同下视察格萨尔王城
དྭངས་གཙང་གི་མཁའ་དབུགས་དང་དྲོད་འཇམ་གྱི་ཉི་འོད། མཁའ་དབྱིངས་ན་རྩེན་པའི་སྤྲིན་དཀར་སོགས་ནི་མཛེས་སྡུག་ལྟ་ན་སྡུག་པའི་རི་མོ་དང་འདྲ་བར་ལྷུན་གྱིས་གྲུབ་ཅིང་། སེང་འབྲུག་སྟག་རྩེ་ཕོ་བྲང་གི་བཟོ་བཀོད་ཡོངས་ཆུ་ཚན་ནང་རྔམ་བརྗིད་ངང་མངོན་འདུག དཀར་མཛེས་རྫོང་འཁྱག་ལུང་ཤང་རུ་ཁག་དྲུག་པའི་སྡེ་པ་དང་པོའི་ཀྲི་པུའུ་ཧྲུའུ་ཅི་རྫོང་ཐོག་ཏུ་གཞུང་དོན་དུ་འགྲོ་བའི་གོ་སྐབས་དང་བསྟུན་ནས་གེ་སར་མཁར་གྲོང་གི་ཆུ་ཚན་དང་ཉེ་བར་བཅར་ནས་རྐང་པ་བཀྲུ་ཞོར་མཛེས་ལྗོངས་ལ་མྱོང་རོལ་བྱས། ཁོས་“ཁྱོད་ཀྱིས་ལྟོས་དང་། ང་གཏམ་རྒྱུད་ཁྲོད་ཀྱི་ཡུལ་ལྗོངས་དེ་ན་ཡོད་པ་རེད་དམ། མཛེས་སྡུག་ཡིད་དུ་འོང་བའི་བཟོ་བཀོད་དང་། རྩྭ་ལྗང་དང་མེ་ཏོག །ཆུ་ཚན། ད་དུང་གངས་རི་དག་ཅི་འདྲའི་མཛེས་པ་ལ་ཨང་། འབྲོག་པ་ཞིག་གིས་ཀྱང་དཀར་མཛེས་རྫོང་ནས་འདི་ལྟ་བུའི་ཉམས་དགའ་བའི་མཛེས་ལྗོངས་ལོངས་སུ་སྤྱོད་ཐུབ་པར་གྱུར་པ་རེད། ང་ཕྱིར་སོང་ནས་སྡེ་མི་དག་ལ་བཤད་དགོས། ང་ཚོའི་དབུལ་སེལ་ཕྱུག་འགྱུར་ལ་རེ་བ་ཡོད་འདུག”ཅེས་བཤད།
ལུང་ཆིང་གིས་བཤད་རྒྱུར། འཁྱགས་ལུང་ཤང་ནི་དཀར་མཛེས་ཁུལ་གྱི་ཉག་ཆུའི་འབབ་ཡུལ་གྱི་ཤིན་ཏུ་དབུལ་བའི་ཤང་དང་གྲོང་རྡལ་24གྲས་ཀྱི་གཅིག་ཡིན། དབུལ་ཕོངས་ཀྱི་ཚད་ཟབ་ཅིང་དབུལ་ཕོངས་ཀྱི་དཀའ་གནད་ཤིན་ཏུ་ཆེ། རུ་ཁག་དྲུག་པའི་སྡེ་བ་དང་པོ་ནི་འབྲོག་ཁུལ་དུ་གཏོགས་ཤིང་སྡེ་བ་ཡོངས་ལ་དུད་ཁྱིམ་93ཡོད་པ་ལས་དུད་ཁྱིམ་27དབུལ་ཁྱིམ་ཡིན་པ་རེད། 2017ལོར་སྡེ་བ་དེས་ནོར་གནག་གསོ་སྤེལ་ཆེད་གཉེར་མཉམ་ལས་ཁང་བཙུགས་ཤིང་། སྡེ་བས་གཅིག་བསྡུས་སྒོས་ཉོས་པ་དང་མང་ཚོགས་ཀྱིས་མ་རྐང་བཞག་པ་བརྒྱུད་ནོར་གནག་175ཡོད་པར་གྱུར། མཉམ་ལས་ཁང་གི་ནོར་གནག་གི་གཟན་གསོ་ནི་སྡེ་བ་དེའི་དབུལ་ཁྱིམ་བཞིས་འགན་དུ་ཁུར་ཞིང་ནོར་ལྷས་ནི་རྫོང་ཞིང་ཕྱུགས་སྡེ་ཁག་གིས་རྒྱབ་སྐྱོར་བྱས་ཏེ་བསྐྲུན་པ་ཡིན། མཉམ་ལས་ཁང་གི་འཆར་འགོད་གཞིར་བྱས་ཏེ་ལོ་རེའི་ནོར་གནག་བཤས་གཏོང་གི་ཚད་16%ལས་མི་དམའ་ཞིང་། 2018ལོར་མཉམ་ལས་ཁང་གིས་ནོར་གནག་21བཙོང་ཞིང་ཁྱོན་བསྡོམས་སྒོར་99600ཐོབ་པ་དང་། སྡེ་བས་གཅིག་བསྡུས་ཀྱིས་མར་བཙོང་ནས་སྒོར་17000ཐོབ། 2018ལོར་སྡེ་བ་དེས་ཐུན་མོང་ཐོན་ལས་བཞི་གཉེར་ཞིང་ཐུན་མོང་ཡོང་སྒོ་སྒོར་160200ཐོབ་པ་དང་། སྡེ་བ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར་372གོང་དུ་འཕར། ད་ལོར་སྡེ་བ་དེས་གེ་སར་མཁར་གྲོང་གི་ཚོང་ཁང་བདེ་བླག་ངང་གཞན་ལ་བོགས་མར་གཏོང་ཐུབ་པ་བྱུང་ཞིང་། ལོ་རེའི་གླ་ཡོན་སྒོར་89000ཡོད་པ་དང་ལོ་དྲུག་གི་གན་རྒྱ་བཞག་པ་རེད། སྡེ་བ་དེར་ད་ལོར་ཐུན་མོང་དཔལ་འབྱོར་ཡོང་སྒོ་ཁག་5ཡོད་པ་དང་། སྔོན་དཔག་བྱས་པ་ལྟར་ན་སྒོར་ཁྲི་24.9བརྒལ་སྲིད་པ་དང་། མི་རེའི་ཆ་སྙོམས་ཀྱི་ཐུན་མོང་དཔལ་འབྱོར་གྱི་ཁེ་ཕན་སྒོར་579ལ་སླེབས་ངེས།
དཔའ་ཐུལ་སུམ་ཅུའི་ཁང་ཚན་128ཀྱི་འཛུགས་སྐྲུན་ནི་སྲིད་གཞུང་གིས་གཙོ་ཁྲིད་བྱས་ཤིང་། དབུལ་ཕོངས་སྡེ་བས་འཛུགས་སྐྲུན་གཙོ་གཞིའི་འགན་ཁུར་ནས་“དོན་གཅིག་གྲོས་གཅིག”དང་“དམངས་གཉེར་གཞུང་རོགས”ཀྱི་བྱེད་ཐབས་སྤྱད་དེ་དབུལ་ཕོངས་སྡེ་བས“གཅིག་འདོམས་རང་གཉེར”གྱི་བྱེད་ཐབས་ཀྱིས་ཁང་ཚན་གཅིག་གི་འཛུགས་སྐྲུན་ལ་འགན་ཁུར་ཞིང་། བཟོ་སྐྲུན་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་300ནས་གྲུ་བཞི་མ་450རེ་ཡོད། ཁང་ཚན་དག་ལེགས་པར་གྲུབ་རྗེས་བཟའ་བཏུང་གཡོ་སྐོལ་དང་རོལ་རྩེད་ངལ་གསོ། མགྲོན་ཁང་། ཁྱད་ལྡན་ཐོན་རྫས་འགྲེམ་ཚོང་བཅས་ཀྱི་ལས་གཉེར་གཙོ་བོར་བཟུང་ནས་བཟའ་བཏུང་དང་འགྲོ་འདུག ཡུལ་སྐོར། རོལ་རྩེད། ཉོ་སྒྲུབ་བཅས་གཞི་གཅིག་ཏུ་འདུས་པའི་ཁྱད་ཆོས་ལྡན་པའི་བོད་ཀྱི་རིག་གནས་མྱོང་རོལ་བྱེད་སའི་མཁར་གྲོང་ཆགས་པ་བརྒྱུད། ཕྱོགས་གཅིག་ནས་དབུལ་ཕོངས་སྡེ་བའི་སྡེ་མིའི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་ཐུབ་པ་དང་། ཕྱོགས་གཞན་ཞིག་ནས་དབུལ་ཕོངས་སྡེ་བའི་ཐོན་ལས་འཕེལ་རྒྱས་དང་རྒྱུན་མཐུད་ཡོང་འཕར་གྱི་གནད་དོན་ཡང་ཐག་གཅོད་བྱེད་ཐུབ་ངེས། བཟོ་སྐྲུན་རྐྱང་བའི་འགྱུར་མེད་གཏན་འཇགས་རྒྱུ་ནོར་དབང་ཡིག་གི་ས་ཞིང་བདག་དབང་གཅིག་བསྡུས་སྒོས་རྫོང་རྒྱལ་དབང་རྒྱུ་ནོར་ཀུང་སི་ལ་ཐོ་བཀོད་བྱས་ཡོད་པ་དང་། ས་ཐོག་བཟོ་བཀོད་ཀྱི་བདག་དབང་འབྲེལ་ཡོད་སྡེ་བར་ཐོ་བཀོད་བྱས་ཡོད། ལས་གཞི་དེ་ནི་དཀར་མཛེས་རྫོང་གི་དབུལ་ཕོངས་སྡེ་བ་129ཡི་དབུལ་ཕོངས་མང་ཚོགས་15708ཡི་དབུལ་སེལ་འགག་སྒྲོལ་གྱི་སྲོག་ཤིང་ཐོན་ལས་ཀྱི་འདེགས་གཞི་ཡིན་པའི་ངོས་ནས་དབུལ་ཕོངས་སྡེ་བའི་ཐོན་ལས་ཚོགས་པས་དཔུབ་གཤིབ་དྲོད་ལེན་གྱིས་དབུལ་ཕོངས་སྡེ་བའི་ཐོན་ལས་འཕེལ་རྒྱས་ཀྱི་དཀའ་ཐག་ཐག་གཅོད་བྱས་པར་བརྟེན། དབུལ་སེལ་འགག་སྒྲོལ་ལ་སྐུལ་འདེད་བཏང་ནས་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་འགན་སྲུང་བྱེད་ཐུབ། རྨང་གཞིའི་སྒྲིག་བཀོད་དང་ཆ་འགྲིག་ལས་གཞི་ནི་ཡོངས་བསྒྲགས་འགུགས་ལེན་གྱི་འཛུགས་སྐྲུན་རྣམ་པ་ལྟར་འཛུགས་སྐྲུན་བྱས་པ་ཡིན། །