ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུའི་རིང་། ཁྲོན་བོད་གཞུང་ལམ་ནས་འགོ་བརྩམས་ཏེ་དེང་དུས་སི་ཁྲོན་བོད་ཁུལ་གྱི་འགྲིམ་འགྲུལ་ལ་གནམ་ས་བླ་འོག་བསྒྱུར་བའི་འཕོ་འགྱུར་བྱུང་སྟེ། སི་ཁྲོན་བོད་ཁུལ་གྱི་ས་གསུམ་གཅིག་ཏུ་སྦྲེལ་བའི་འགྲིམ་འགྲུལ་དྲ་བ་མགྱོགས་མྱུར་ངང་འགྲུབ་ལ་ཉེ། སྤྱི་ལོ་2017ལོའི་ཟླ་9པའི་ཚེས་26ཉིན། ཁྲོ་ལ་རི་བོའི་ཕུག་ལམ་ལས་དངོས་སུ་རླངས་འཁོར་ཤར་གཏོང་བྱས་ཤིང་། ལོ་ངོ་དུ་མའི་འགྲིམ་འགྲུལ་བཀག་རྡོ་དེ་རྩ་མེད་དུ་བཏང་། 2018ལོའི་ལོ་མཇུག་ཏུ་གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་དང་། ཝུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་དངོས་སུ་ཤར་གཏོང་བྱས། ངོ་མཚར་འབུམ་གྱིས་ཕྱུག་པའི་བགྲོད་ལམ་དེས་བོད་རིགས་མང་ཚོགས་ཀྱི་འཚོ་བ་ལ་འགྱུར་ལྡོག་ཆེན་པོ་བཏང་ངོ་།།
དར་མདོའི་གནམ་གྲུ་ཐང་།
དར་མདོའི་གནམ་གྲུ་ཐང་ནི་མཚོ་འཕགས་སྨི་4238ལྷག་ཡོད་པའི་དར་མདོ་གྲོང་ཁྱེར་གྱི་ནུབ་བྱང་སྤྱི་ལེ་40ལྷག་གི་གནས་སུ་ཡོད་པ་དང་། གནམ་ཐང་འདི་ནི་དམངས་སྤྱོད་ཡན་ལག་གནམ་གྲུ་ཐང་ཞིག་ཡིན་ལ། 2006ལོའི་ཟླ་9པར་དངོས་སུ་ལས་འགོ་ཚུགས་པ་དང་། 2009ལོའི་ཟླ་4པའི་ཚེས་26ཉིན་དངོས་སུ་འགྲུལ་སྐྱེལ་ལས་གཉེར་གྱི་འགོ་ཚུགས།
དཀར་མཛེས་ཁུལ་གྱིས་དར་མདོ་གནམ་གྲུ་ཐང་གཞིར་བཟུང་ནས་ལྷ་སྒང་དང་མི་རྒོད་མཚོ་སོགས་ཡུལ་སྐོར་ལྗོངས་རྒྱུ་ཁུལ་གྱི་ལམ་ཐིག་བསྐྲུན་ལ་འདི་ལ་བརྟེན་ནས་གངས་དཀར་རི་བོ་དུས་ཚོད་གཉིས་ནང་སྐོར་བའི་ལྗོངས་རྒྱུ་ལམ་ཐིག་བསྐྲུན་ཞིང་། ཡུལ་སྐོར་བས་དར་མདོ་གནམ་ཐང་ལྟེ་བ་བྱས་ནས་དཀར་མཛེས་ཁུལ་གྱི་དར་མདོའི་རྒྱུ་ལ་དང་དུང་དཀར་ལུང་པ། རོང་བྲག རྟའུ། བྲག་མགོ་སོགས་ཡུལ་སྐོར་ལྗོངས་རྒྱུ་གཙོ་བོའི་ཁུལ་ལ་དུས་ཚོད་གཉིས་ཀྱི་རིང་ལ་སླེབས་ཐུབ།
གེ་སར་གནམ་གྲུ་ཐང་།
དཀར་མཛེས་གེ་སར་གནམ་གྲུ་ཐང་ལ་མཚོ་འཕགས་སྨི་4068ཡོད་ཅིང་། དཀར་མཛེས་རྫོང་མཁར་དང་བར་ཐག་སྤྱི་ལེ་52དང་། སྡེ་དགེ་རྫོང་མཁར་དང་བར་ཐག་སྤྱི་ལེ་150ཙམ་ཡོད། གེ་སར་གནམ་གྲུ་ཐང་བསྐྲུན་ཚར་རྗེས། དཀར་མཛེས་ཁུལ་ལ་དེ་སྔོན་བསྐྲུན་ཟིན་པའི་དར་མདོའི་གནམ་གྲུ་ཐང་དང་འདབ་པའི་ཉི་སྟེང་གནམ་གྲུ་ཐང་བཅས་བསྡོམས་པས་གནམ་གྲུ་ཐང་གསུམ་ཡོད་པས། དཀར་མཛེས་ཁུལ་ནི་རྒྱལ་ཡོངས་ཀྱི་དམངས་སྤྱོད་གནམ་གྲུ་ཐང་གསུམ་ཡོད་པའི་མི་རིགས་རང་སྐྱོང་ཁུལ་ཐོག་མར་གྱུར།
གེ་སར་གནམ་གྲུ་ཐང་ནི་2016ལོའི་ཟླ་4པའི་ཚེས་18ཉིན་ལས་གཞི་ཆ་ཚང་དངོས་སུ་འཛུགས་སྐྲུན་བྱེད་འགོ་བརྩམས་ཞིང་། 2018ལོའི་ལོ་མཇུག་ཏུ་ཚོད་འཕུར་བྱས་ཐུབ། 2019ལོའི་ཟླ་9པའི་ཟླ་དཀྱིལ་དུ་དངོས་སུ་ཤར་གཏོང་ཐུབ་རྒྱུ་རེད།
གེ་སར་གནམ་གྲུ་ཐང་བསྐྲུན་ཚར་རྗེས། ཡུལ་སྐོར་བ་རྣམས་ཁྲེན་ཏུའུ་ནས་དཀར་མཛེས་རྫོང་བར་དུ་ཆུ་ཚོད་བདུན་གྱི་ལམ་ཐག་དེ་ཆུ་ཚོད་གཅིག་ལ་གྱུར་ཞིང་། སྡེ་དགེ་པར་ཁང་དུ་ཆུ་ཚོད་དགུའི་ལམ་ཐག་དེའང་ཆུ་ཚོད་བཞི་རུ་གྱུར། ཉེ་འགྲམ་གྱི་དཀར་མཛེས་རྫོང་དང་སྡེ་དགེ་རྫོང་། དེ་མིན་གསེར་རྟ་རྫོང་དང་སེར་ཤུལ་རྫོང་། ཉག་རོང་རྫོང་དང་དཔལ་ཡུལ་རྫོང་། རྟའུ་རྫོང་བཅས་སུ་ཕྱིན་པར་ཆུ་ཚོད་5ལས་མི་དགོས།
འདབ་པའི་ཉི་སྟེང་གནམ་གྲུ་ཐང་།
འདབ་པའི་ཉི་སྟེང་གནམ་གྲུ་ཐང་ནི་རྒྱལ་ནང་གི་ཡན་ལག་མཁའ་ལམ་གནམ་གྲུ་ཐང་ཞིག་ཡིན་ཞིང་། འདབ་པ་རྫོང་གི་བྱང་ཕྱོགས་སུ་བར་ཐག་སྤྱི་ལེ་50ཡོད་པའི་མཚམས་སུ་གནས་ཡོད། མཚོ་འཕགས་མཐོ་ཚད་སྨི་4441ཡོད་ལ། གནམ་གྲུ་ཐང་འདི་ནི་འཛམ་གླིང་སྟེང་ས་བབ་ཆེས་མཐོ་བའི་གྲས་ཀྱི་དམངས་སྤྱོད་གནམ་གྲུ་ཐང་ཞིག་ཡིན། གནམ་གྲུ་ཐང་འདི་ནི་2012ལོའི་ཟླ་བ་6པའི་ཚེས་6ཉིན་སྐྲུན་འགོ་ཚུགས་ཡོད་ལ་2013ལོའི་ཟླ་བ་9པའི་ཚེས་16ཉིན་དངོས་སུ་ཤར་གཏོང་བྱུང་སྟེ་སི་ཁྲོན་ཁྲེན་ཏུའུ་ནས་འདབ་པའི་ཉི་སྟེང་བར་གྱི་ཉིན་2ཀྱི་ལམ་ཐག་དེ་ཇེ་ཐུང་དུ་སོང་ནས་སྐར་མ་65ཡིས་ཐོན་ཐུབ།
འདབ་པའི་ཉི་སྟེང་གནམ་གྲུ་ཐང་ཤར་གཏོང་བྱུང་རྗེས། སེམས་ཀྱི་ཉི་ཟླ་ཆེན་པོའི་སྐྱེ་ཁམས་ཡུལ་སྐོར་ཁུལ་གྱི་འགྲིམ་འགྲུལ་ལྟེ་གནས་གལ་ཆེན་ཞིག་ཡིན་ལ། ཡུན་ནན་དང་ཕན་ཀྲི་ཧྭའི་ཡན་ལག་མཁའ་ལམ་དང་སྦྲེལ་ནས་སེམས་ཀྱི་ཉི་ཟླ་ཡུལ་སྐོར་ལམ་ཐིག་གྲུབ་སྟེ། བོད་ཁུལ་གྱི་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་མཉམ་སྤྱད་བྱས་ཏེ་སི་ཁྲོན་དང་ཡུན་ནན། དེ་མིན་བོད་ལྗོངས་སོགས་མཐའ་འཁོར་གྱི་ཞིང་ཆེན་ཁག་དང་ཡུལ་སྐོར་མཉམ་ལས་གཏིང་ཟབ་ཏུ་ཕྱིན།
ཧུང་ཡོན་དང་གཟི་གསེར་གནམ་གྲུ་ཐང་།
རྔ་བ་ཁུལ་ཧུང་ཡོན་རྫོང་གི་གནམ་གྲུ་ཐང་ནི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཧུང་ཡོན་་རྫོང་ཁོངས་སུ་ཡོད་ལ། རྔ་བ་ཁུལ་གྱི་སྲིད་འཛིན་ལྟེ་གནས་འབར་ཁམས་གྲོང་ཁྱེར་ནས་སྤྱི་ལེ་128གྱི་མཚམས་སུ་ཡོད་པ་དང་ཧུང་ཡོན་རྫོང་མཁར་ནས་སྤྱི་ལེ་48ཀྱི་མཚམས་སུ་ཡོད། མཚོ་འཕགས་སྨི་3535ཡོད་པའི་མཐོ་སྒང་གི་གནམ་གྲུ་ཐང་ཤིག་ཡིན།
གཟི་གསེར་གནམ་གྲུ་ཐང་ནི་ཀྲུང་གོའི་རྒྱལ་ནང་གི་ལྗོངས་སྐོར་གནམ་གྲུ་ཐང་ཤིག་ཡིན་ལ། སི་ཁྲོན་རྔ་བ་ཁུལ་གྱི་ཟུང་ཆུ་རྫོང་ཁོངས་ཀྱི་གཙོ་ཚང་དགོན་གྲོང་རྡལ་ནས་བྱང་ཕྱོགས་སུ་སྤྱི་ལེ་12ཡི་མཚམས་སུ་ཡོད་པས། གཙོ་ཚང་དགོན་གནམ་གྲུ་ཐང་ཡང་ཟེར། འདི་ནི་རྔ་བ་ཁུལ་གྱི་གནམ་གྲུ་ཐང་ཐོག་མ་ཡིན་ཡང་ཡིན། གནམ་ཐང་འདི་ནས་གསེར་མཚོའི་མཛེས་ལྗོངས་ཁུལ་བར་སྤྱི་ལེ་60ཡོད་པ་དང་གཟི་ཚ་སྡེ་དགུའི་གཞུང་ལམ་བར་སྤྱི་ལེ་88ཡོད་པས། གཟི་ཚ་སྡེ་དགུ་དང་གསེར་མཚོའི་ལྗོངས་ཁུལ་གྱི་འགྲིམ་འགྲུལ་འབྲེལ་མཚམས་སུ་གཏོགས། 2002ལོའི་ཟླ་3པར་དངོས་སུ་ལས་འགོ་བརྩམས་ཏེ་2003ལོའི་ཟླ་9པའི་ཚེས་28ཉིན་ཤར་གཏོང་བྱས། གནམ་གྲུ་ཐང་འདི་ཉིད་མཚོ་འཕགས་སྨི་448ཡི་མཚམས་སུ་གནས་པས་ཀྲུང་གོའི་མཐོ་སྒང་གི་གནམ་གྲུ་ཐང་ཆེན་པོ་བརྒྱད་ཀྱི་གྲས་ཀྱང་ཡིན།
གཟི་གསེར་གནམ་གྲུ་ཐང་བསྐྲུན་པ་ཡིས་ཡུལ་སྐོར་བ་རྣམས་མཐོན་པོའི་རི་དང་ཀྱ་ཀྱུའི་ལམ་ཐག་བརྒྱུད་ངལ་དུབ་ངང་ཡོང་དགོས་པའི་ལོ་རྒྱུས་མཇུག་སྒྲིལ་བར་བྱས་ཏེ། སྐད་ཅིག་གི་དུས་ལ་རང་བྱུང་ཁམས་ཆེན་པོའི་བརྩེ་བ་དང་ཞི་འཇམ་སེམས་ཀྱིས་འཐུང་ཆོག་པར་མ་ཟད། གཟི་གསེར་གནམ་གྲུ་ཐང་བསྐྲུན་པ་འདིས་གཟི་ཚ་སྡེ་དགུ་དང་གསེར་མཚོའི་ལྗོངས་སྐོར་ལས་རིགས་ཀྱི་འགྱུར་ལྡོག་ལ་རྣམ་པ་གསར་བ་ཞིག་བསྣན་པ་ཡིན། རྔ་བའི་ཧུང་ཡོན་གནམ་གྲུ་ཐང་ཤར་གཏོང་བྱས་པ་ཡིས་རྔ་བ་ཁུལ་གྱི་ལྗོངས་སྐོར་ཁྲོམ་རའི་འཕེལ་རྒྱས་ལ་ནུས་ཤུགས་ཆེན་པོས་སྐུལ་འདེད་བཏང་ཡོད་ལ། ཁྱད་པར་དུ་ཧུང་ཡོན་དང་མཛོད་དགེ་སོགས་རྩྭ་ཐང་ལྗོངས་སྐོར་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། །
2014ལོར་ཧུང་ཡོན་གནམ་གྲུ་ཐང་གི་མཁའ་ལམ་ཤར་གཏོང་བྱས་པ་དང་འདི་ནི་རྒྱལ་ནང་གི་ལྗོངས་སྐོར་ལམ་ཐིག་གཙོ་བོར་བཟུང་པའི་མཁའ་ལམ་ཡིན་པ་དང་གཟི་གསེར་གནམ་གྲུ་ཐང་རྗེས་ཀྱི་རྔ་བ་ཁུལ་གྱི་གནམ་གྲུ་ཐང་གཉིས་པ་དེ་ཡང་ཡིན། ས་སྒང་རིལ་མོའི་མཁའ་ལམ་དུ་འཕུར་བའི་གནམ་གྲུ་ག་ཚོད་ཡོད་པ་བདག་གིས་མི་ཤེས་ཡང་། ཁྱུང་མཆུ་རྩྭ་ཐང་གི་མཁའ་དབྱིངས་སུ་ལྡིང་སྐོར་བྱེད་པའི་གཤོག་པ་འདི་མཐོང་དུས་དེ་ནི་ཧུང་ཡོན་གནམ་གྲུ་ཡིན་ངེས་ཤིང་། གཟི་གསེར་གནམ་གྲུ་ཐང་གི་གནམ་གྲུས་ཡང་མཁའ་དབྱིངས་ཀྱི་སྤྲིན་རིམ་དང་རླུང་ཤུགས་ཀྱི་གནོན་ཤུགས་འོག་ཏུ་ཐེག་པར་དཀའ་བའི་དུས་རབས་དང་རྔ་བའི་སྤྱི་ཚོགས་ཀྱི་རྡོག་ཁྲེས་ཁུར་ནས་ལོ་ངོ་བཅོ་ལྔའི་རིང་ལ་འདིར་འགྲོ་མྱངས་པའི་འགྲུལ་སྐྱོད་པ་རེ་རེའི་སེམས་སུ་འོད་དུ་འཚེར་ཡོད། །
གཡག་དར་མྱུར་བགྲོད་གཞུང་ལམ།
རྒྱལ་མོ་རྔུལ་ཆུ་འཕྲེད་དུ་བཅད་པའི་ཁམས་དར་ཟམ་ཆེན།
雅康高速铸就甘孜州交通新里程碑,泸定兴康特大桥飞架大渡河,天堑变通途。
ཀྲུང་གོ་གསར་པ་དབུ་བརྙེས་པའི་ཚུན། དཀར་མཛེས་ཁུལ་གྱིས་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བས་ཁུལ་ཡོངས་ཀྱི་གཞུང་ལམ་གཙོ་བོའི་དྲ་རྒྱའི་མ་ལག་གཞི་རྩའི་ཐོག་ཆགས་ཡོད་པ་དང་། རོང་འབྲོག་མང་ཚོགས་ཕྱིར་འགྲིམ་པར་སྟབས་བདེ་ཆེན་པོ་བསྐྲུན་ཡོད།
སྔོན་མའི་འུ་ལག་རི་བོའི་གཞུང་ལམ།
当年的二郎山老公路
ཤར་གཏོང་བྱེད་བཞིན་པའི་འུ་ལག་རི་བོའི་ཕུག་ལམ།
已通行的二郎山高速公路隧道
དུས་རབས་20པའི་ལོ་རབས་དགུ་བཅུའི་ཁྲོ་ལ་རི་བོ།
20世纪90年代的“川藏第一险”
རྒྱལ་ལམ་317གྱི་ཁྲོ་ལ་རི་བོའི་ཕུག་ལམ་ཤར་གཏོང་མཛད་སྒོ།
国道317雀儿山隧道通车典礼
2017ལོའི་ཟླ་12པའི་ཚེས་31ཉིན། གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ཁོངས་ཀྱི་གཡག་རྔ་ནས་ལྕགས་ཟམ་ཁ་ལམ་མཚམས་སི་ཁྲོན་མྱུར་བགྲོད་གཞུང་ལམ་དྲ་བའི་ཚོད་ལྟའི་འཁོར་སྐྱོད་གྲས་སུ་བཞག་ཅིང་། དེ་ནས་བཟུང་དཀར་མཛེས་བོད་ཁུལ་དུ་མྱུར་བགྲོད་གཞུང་ལམ་མེད་པའི་ལོ་རྒྱུས་ལ་རྫོགས་ཚིག་འགོད་ཅིང་། ཁྲེན་ཏུའུ་ནས་དར་མདོ་བར་དུས་ཚོད་4ཙམ་ལས་འགྲོ་མི་དགོས་ཤིང་། དཀར་མཛེས་བོད་ཁུལ་མྱུར་བགྲོད་གཞུང་ལམ་གྱི་འཕེལ་རྒྱས་དུས་རབས་སུ་སླེབས་པའོ། ། ལྕགས་ཟམ་ཁ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་ཡང་མིག་སྔར་གྱི་འཆར་གཞི་ལྟར་ན་2018ལོའི་ལོ་མཇུག་ཏུ་ཤར་གཏོང་ལེགས་གྲུབ་བྱུང།
ཝུན་འབར་མྱུར་བགྲོད་གཞུང་ལམ།
ས་འགུལ་རྗེས་ཤུལ་དང་གྲོང་སྡེ་བརྒྱུད་པའི་མྱུར་བགྲོད་གཞུང་ལམ།
漂亮的高速公路穿越地震遗址和村庄(汶马高速汶川段)
རི་ལམ་ཕྲ་མོ་ནས་ས་ལམ་དང་། སྣུམ་ལམ་ནས་མྱུར་བགྲོད་གཞུང་ལམ། བགྲང་བྱ་བདུན་ཅུའི་རིང་། རྔ་བ་ཁུལ་གྱི་འགྲིམ་འགྲུལ་སྔར་བས་བདེ་འཇགས་དང་སྟབས་བདེ་རུ་གྱུར་ཞིང་། འགྲིམ་འགྲུལ་སྐྱེལ་འདྲེན་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཆགས་ལ། བོད་ཁུལ་མང་ཚོགས་མཛེས་སྡུག་བདེ་སྐྱིད་ཀྱི་འཚོ་བའི་ཕྱོགས་སུ་བསྐྱོད།
ཝུན་འབར་མྱུར་བགྲོད་གཞུང་ལམ་ནི་རྔ་བ་ཁུལ་གྱི་ཝུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་ལ་ཟེར། G4217གྱི་ཁྲེན་ཏུའུ་ནས་ཆབ་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཆ་ཤས་ཤིག་ཡིན་ཞིང་། ཝུན་ཁྲོན་རྫོང་གྲོང་གི་ལྷོ་ཕྱོགས་ཧྥེང་ཕིང་ཆུ་རགས་ནས་འགོ་ཚུགས་ཏེ། དབྱིང་ཞོའུ་དང་ཝུན་ཁྲོན་མྱུར་བགྲོད་གཞུང་ལམ་དང་འབྲེལ་ཏེ། ལིས་རྫོང་དང་མྱག་ལོ། དེ་ནས་འདབས་གྲོང་བརྒྱུད། སྤོ་དཀར་ལ་བརྒལ་ཏེ་སོ་མང་ཆུ་ནས་མར་འབར་ཁམས་ཅོག་ཙེའི་བར་རེད། ཝུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་དེ་2015ལོའི་ཟླ་7པར་ལམ་ཧྲིལ་པོ་ལས་འགོ་ཚུགས་ཤིང་། སྔོན་དཔག་བྱས་ན་2020ལོར་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད། སྐབས་དེར། ཁྲེན་ཏུའུ་གྲོང་ཁྱེར་ནས་འབར་ཁམས་བར་ད་ལྟའི་དུས་ཚོད་5ནས་དུས་ཚོད་3སྟེ་དུས་ཚོད་གཉིས་ཀྱིས་ཐག་ཇེ་ཐུང་དུ་འགྲོ་རྒྱུ་རེད།
ཝུན་འབར་མྱུར་བགྲོད་གཞུང་ལམ་ནི་སི་ཁྲོན་བོད་ཁུལ་གྱི་མྱུར་བགྲོད་གཞུང་ལམ་གཉིས་པ་ཡིན། སི་ཁྲོན་ཞིང་ཆེན་ནས་ནུབ་བྱང་ས་ཁུལ་དུ་བསྐྱོད་པའི་སྒོ་ཆེན་དང་། སི་ཁྲོན་ཞིང་ཆེན་གྱི་ནུབ་ཀྱི་བོད་ལྗོངས་དང་། ནུབ་བྱང་གི་མཚོ་སྔོན་དང་ཞིན་ཅང་ལ་འགྲོ་འོང་གི་ལམ་ཆེན་དང་། ནང་ལོགས་ནས་རྔ་བ་བོད་རིགས་ཆའང་རིགས་ཁུལ་དུ་ཕེབས་པའི་དཔལ་འབྱོར་བར་ཁྱམས་དང་འཐབ་ཇུས་བར་ཁྱམས་ཡིན་ལ། སི་ཁྲོན་ཞིང་ཆེན་རྒྱལ་ཁབ་ཀྱི་རྒྱུད་གཅིག་ལམ་གཅིག་གི་འཕེལ་རྒྱས་འཐབ་ཇུས་སུ་འདྲེས་པར་དོན་སྙིང་གལ་ཆེན་ལྡན་ཡོད།