བྲག་འགོའི་སྡོད་ཁང་། ཡིའུ་ཡིའུ་ཡིས་པར་བླངས།
炉霍民居
སྤྱི་ཟླ་8པའི་ཚེས་11ཉིན། ང་ཚོ་གསར་འགོད་ཚོ་ཆུང་མུ་མཐུད་དུ་བཅར་འདྲིའི་ལམ་དུ་ཆས། དེ་རིང་གི་བཅར་འདྲིའི་དམིགས་ཡུལ་ནི་བྲག་འགོ་རྫོང་གི་ཁོངས་གཏོགས་ཏེ་ཁམས་པའི་གྲོང་པ་དང་པོའི་མཚན་སྙན་ཡོད་པའི་ཤྭ་ར་ཐང་གྲོང་པ་ཡིན།
དེང་རབས་ཅན་གྱི་ཞིང་ལས།
现代收割机开进炉霍虾拉沱的田间
ཉིན་དེ་ནི་གཟའ་མཇུག་ལ་ཁེལ་ཡོད་མོད། བྲག་འགོ་རྫོང་ཨུའི་དྲིལ་བསྒྲགས་པུའུ་ཡི་སྣེ་ཁྲིད་འོག་ང་ཚོ་ཤྭ་ར་ཐང་གྲོང་པའི་ལས་བྱེད་མཉམ་འགོག་རུ་ཁག་གི་འགོ་འཛིན་ཝུའུ་ཧྥོ་ཧྲི་ལ་བཅར་འདྲི་བྱེད་པའི་སྐལ་བ་ལྡན་སོང་། ཁོང་གིས་ང་ཚོ་གྲོང་པའི་གཞུང་ལས་ཁང་དང་དཔེ་མཛོད་ཁང་། ཞིང་འདེབས་རིག་གནས་བཤམས་སྟོན་ཁང་སོགས་སུ་ཁྲིད་ནས་ཤྭ་ར་ཐང་གྲོང་པའི་འདས་ཟིན་པ་དང་། མ་འོངས་དང་ད་ལྟ་སོགས་བརྗོད་པར་མ་ཟད། བཅར་འདྲིའི་དམིགས་ཡུལ་དང་ལེན་བྱས་ནས་དམག་སྡེ་བཅོ་བརྒྱད་པ་བོད་ཁུལ་དུ་བསྐྱོད་སྐབས་ཀྱི་གྲོང་བརྡལ་ཡིན་པའི་ཆ་ནས་བརྗེད་པར་དཀའ་བའི་གཏམ་རྒྱུད་དུ་མས་བཅར་འདྲི་མཇུག་རྫོགས་དུས་ཕལ་ཆེར་དགུང་ཉི་མས་ང་ཚོར་བདེ་མོ་ཡི་ལག་བརྡ་གཏོང་བཞིན་འདུག །
ཞིང་ལ་སྨན་གཏོར་བ།
村民在田间作业
ཁོང་གིས་དམག་སྡེ་བཅོ་བརྒྱད་པ་སྤྱི་ཟླ་4པའི་ནང་ཤྭ་ར་ཐང་གྲོང་པར་ཡོང་པ་དང་སྐབས་དེར་འགྲོ་ལམ་རྙིང་པའི་འགྲམ་གྱི་ཁང་རྙིང་དུ་འདུག་སྡོད་བྱས། སྐབས་དེའི་དམག་སྡེ་བཅོ་བརྒྱད་པས་བོད་ཁུལ་གྱི་མང་ཚོགས་ལ་རོགས་རམ་བྱས་པ་བགྲང་གིས་མི་ལང། དཔེར་ན་ར་ལུག་འཚོ་རོགས་བྱེད་པ། སྐབས་དེར་ཤྭ་ར་ཐང་གྲོང་པའི་ཁྱིམ་ཚང་200ལྷག་གིས་ར་ལུག་མཉམ་སྐྱོང་བྱེད་བཞིན་ཡོད། སྟབས་མ་ལེགས་པར་ཉིན་ཞིག་གི་དགོང་མོར་ར་ལུག་ཡོད་ཚད་ཇག་པས་དེད་སོང་བས་མང་ཚོགས་རྣམས་ཅི་བྱ་གཏོལ་མེད་ཀྱི་གནས་སུ་ལྷུང་། བྲེལ་འཚུབ་དང་སེམས་ཁུར་གྱི་སྐབས་དེར་ས་གནས་མང་ཚོགས་ཀྱི་ཡིད་ལ་སྡོད་ཁང་རྙིང་པར་འདུག་སྡོད་བྱས་ཡོད་པའི་དམག་མི་དྲན་བྱུང་། ཁོ་ཚོས་དོན་དག་དེ་ལམ་སེང་དམག་སྡེ་བཅོ་བརྒྱད་པའི་འགོ་ཁྲིད་ལ་ཡར་ཞུ་བྱས། དམག་སྡེ་བཅོ་བརྒྱད་པས་མགྱོགས་མྱུར་དུ་འཛིན་གྲྭ་གཅིག་གི་དམག་མངགས་ནས་ཉིན་གཅིག་ཞག་གཅིག་གི་དུས་ཚོད་བཀོལ་ནས་ར་ལུག་གཅིག་ཀྱང་མ་ལུས་པར་མང་ཚོགས་ཀྱི་མདུན་དུ་དེད་ཡོང་། དོན་དག་དེ་དང་དེ་ལྟ་བུས་ས་གནས་མང་ཚོགས་ལ་སེམས་འགུལ་ཐེབས་སུ་བཅུག་པས་གྲོང་པའི་ན་གཞོན་མང་པོ་མ་སྐུལ་དང་བླངས་ཀྱིས་དམག་ཏུ་ཞུགས་ལ་དམག་དཔུང་ནས་ལང་ཚོ་རྒྱས།
ཞིང་ཁའི་མཛེས་ལྗོངས།
田园风光
ད་སྐབས་ར་ལུག་འགའ་རེའི་དོན་དག་ནི་དོན་དག་ཆུང་ངུ་ཞིག་ཏུ་བསམ་མོད། སྐབས་དེར་ར་ལུག་ནི་ཤྭ་ར་ཐང་གྲོང་པའི་མང་ཚོགས་ཀྱི་ཚེ་སྲོག་ཡིན་ལ་དེར་བརྟེན་ནས་འཚོ་བ་རྒྱུན་སྐྱོང་དགོས་པ་དང་མ་འོངས་པ་གསོ་སྐྱོང་བྱ་དགོས་འདུག །ཤྭ་ར་ཐང་གྲོང་པར་དམག་སྡེ་བཅོ་བརྒྱད་པ་དང་མང་ཚོགས་བར་ཏུ་འདི་འདྲ་བའི་དོན་དག་བྱུང་པ་བགྲང་གིས་མི་ལང་ལ་དམར་དམག་གི་སྐུ་དྲིན་ནི་ནམ་ཡང་བརྗེད་ཐབས་མེད་ཞེས་ཝུའུ་ཧྥོ་ཧྲིས་བཤད་ཞོར་ཏུ་མིག་ཤེལ་བླངས་ནས་མིག་ཟུང་ལག་པས་ཕྱི་བཞིན་འདུག །དེ་ནི་ཡིད་སེམས་འགུལ་བའི་མིག་ཆུ་ཞིག་དང་དེ་ནི་དམར་དམག་དྲན་པའི་མིག་ཆུ་ཞིག
གསར་འགོད་པ་ཚོས་བཅར་འདྲིའི་ཁ་ཕྱོགས་ཞིང་ལས་འདེབས་འཛུགས་ཕྱོགས་བསྒྱུར་པ་ན། ཁོང་གིས་བཤད་རྒྱུར། ཉེ་བའི་ལོ་ཤས་རིང་ཤྭ་ར་ཐང་གྲོང་པས་ཐུན་མོང་མ་ཡིན་པའི་རང་བྱུང་ས་ཁམས་ཐོན་ཁུངས་སྤྱད་དེ་དམར་དམག་གི་སྙིང་སྟོབས་སྔར་བས་དར་སྤེལ་བཏང་སྟེ་སྲོལ་རྒྱུན་གྱི་ཞིང་ལས་འཕེལ་རྒྱས་གཏོང་བ་དང་ཆབས་ཅིག་གསར་གཏོད་ཀྱི་འཆར་བཀོད་ལྡན་པའི་ཞིང་ལས་གསར་དུ་བཏོད་དེ་ལྗང་མདོག་ཐོན་ལས་འཕེལ་རྒྱས་དེ་གནས་འདི་གའི་དཔལ་འབྱོར་གྱི་སྒུལ་ཤུགས་གསར་པར་གྱུར་ཏུ་བཅུག
སྔོན་ཆད་རྒྱ་ཁྱོན་ལ་མུའུ་1500ལྷག་ཡོད་པའི་ཞིང་ས་འདི་ནས་ལོ་རེར་ནས་ཏུན་500ལྷག་ཐོན་སྐྱེད་བྱེད་བཞིན་ཡོད་ལ། ཐོན་སྐྱེད་བྱེད་པའི་ཁམས་ནས་ཨང་7པའི་སོན་བཟང་བོད་ལྗོངས་སྨར་ཁམས་དང་དཀར་མཛེས་ཁུལ་གྱི་སེར་ཤུལ། སྡེ་དགེ །
དཀར་མཛེས། འདབ་པ་རྫོང་སོགས་སུ་འཚོང་འདྲེན་བྱས་པ་དང་། ས་གནས་མང་ཚོགས་ཀྱི་ཞིང་ལས་ཐད་གཅིག་པུའི་ཡོངས་འབབ་ལོ་རེར་སྒོར་2400ལྷག་ཡོད། ལོ་རེ་བཞིན་ཉེ་འཁོར་གྱི་རྫོང་དང་ས་གནས་སོགས་སུ་སྤུས་ལེགས་ཁམས་ནས་སོན་བཟང་འཚོང་འདྲེན་བྱས་པར་མ་ཟད་ས་གནས་མང་ཚོགས་ཀྱིས་པད་ཁ་འདེབས་འཛུགས་ཕྱོགས་ལ་འབད་བརྩོན་བྱས་ཏེ། སྣོད་བཅུད་མཛེས་སྡུག་ལྡན་པའི་ཞིང་སྡེའི་མཛེས་ལྗོངས་ཐོན་ལས་ཁུལ་བསྐྲུན་ལ། ཤུགས་ཆེན་པོའི་སྒོས་ཞིང་འབྲོག་མཛེས་ལྗོངས་ཁུལ་དང་། ཐོན་ལས་མཛེས་ལྗོངས་ཁུལ། རྟེན་གཞི་མཛེས་ལྗོངས་ཁུལ་བཅས་སུ་བསྐྲུན་ཡོད་ཅེས་སྐད་མགོ་མཐོ་ལ་སྒྲ་དག་པའི་ངང་བཤད།
ད་ལྟ་ཡིན་ན་ཁམས་ནས་ཨང་9པའི་སོན་བཟང་འདེབས་འཛུགས་བྱེད་བཞིན་ཡོད་ལ། ཤྭ་ར་ཐང་གྲོང་པའི་ས་བབས་དང་ཧ་ཅང་མཐུན་ལ་ལོ་ལེགས་འབྲས་བུ་ཕུལ་དུ་བྱུང་། ཁམས་ནས་ཨང་9པ་ནི་ཤྭ་ར་ཐང་གྲོང་པའི་ལས་བྱེད་མཉམ་འགོག་རུ་ཁག་གི་འགོ་འཛིན་ཝུའུ་ཧྥོ་ཧྲི་ཁོང་གིས་ལོ་མང་པོའི་རིང་གི་མཉམ་མྱོང་དང་དུས་ཚོད། ཚོད་ལྟ་སོགས་ལས་ཐོན་པའི་འབྲས་བུ་ཡིན་འདུག །གྲོང་པ་འདི་རུ་ད་ལྟ་ཁམས་ནས་ཨང་9པ་འདེབས་འཛུགས་བྱེད་པར་ས་ནས་མང་ཚོགས་ཀྱིས་རང་རང་ས་གནས་འདེབས་འཛུགས་འཕྲུལ་ཆས་དང་བསྔོ་བསྡུ་འཕྲུལ་ཆས་སོགས་ཉོས་ཡོད་ལ། ཡོང་འབབ་ལྡབ་འགྱུར་གྱིས་ཇེ་མང་དུ་ཡོང་ཡོད་པས། ས་གནས་མང་ཚོགས་ཀྱི་བརྩོན་སེམས་རང་བཞིན་གྱིས་ཡར་ཐོན་ཆེན་པོ་བྱུང་ཡོད།
ཤྭ་ར་ཐང་གྲོང་པ་ནི་དཀར་མཛེས་ཁུལ་བྲག་འགོ་རྫོང་གི་ཤར་ངོས་སུ་གནས་པའི་མཛེས་སྡུག་ལྡན་པའི་གྲོང་ཚོ་ཞིག་ཡིན། གནས་དེ་ལ་ཁམས་བྱང་གི་འབྲུ་མཛོད་དང་སོན་བཟང་རྟེན་གཞི་ཞེས་པའི་མཚན་སྙན་ཡོད་པར་མ་ཟད། དམར་དམག་གྲོང་ཚོ་ཞེས་ཀྱང་བརྗོད། ས་གནས་དེ་རུ། ང་ཚོའི་གཏམ་རྒྱུད་ནི་དམར་པོ་ཡིན་ལ་སེམས་པ་ཡང་དམར་པོ་ཡིན། མ་ཟད་སྡོད་སའི་ཁང་པ་ཡང་དམར་པོ་ཡིན་ཞེས་པའི་བཤད་རྒྱུད་ཞིག་ཀྱང་ཡོད། གྲོང་ཚོ་ཡོངས་སུ་དུད་ཚང་129དང་མི་གྲངས་529ཡོད། དེ་ནི་སྐབས་དེར་དམར་དམག་རྨས་མ་མང་ཤོས་གཉོར་སྐྱོང་དང་བཀོད་སྒྲིག་བྱེད་པ་ཆེས་མང་བའི་གྲོང་ཚོ་ཞིག་ཡིན་པ་དང་གནས་དེ་རུ་ལུས་པའི་དམར་དམག་ཚོས་ས་གནས་དེའི་བོད་རིགས་སྤུན་ཟླ་དང་མཉམ་དུ་ཁྱིམ་ཚང་བྱས་ནས་ཁྱིམ་གཞིས་ཀྱང་ཆགས་འདུག་ལ་གནས་དེ་གའི་ཡུལ་མི་80%ཡན་ནི་དམར་དམག་གི་རྗེས་རབས་པ་ཡིན་པ་དང་དུས་ཡུན་རིང་པོའི་ནང་ཤྭ་ར་ཐང་གྲོང་པས་ཐོག་མཐའ་བར་གསུམ་དུ་བོད་རྒྱ་རིག་གནས་དང་དེ་བཞིན་རིག་གནས་གཞན་དག་ཟུང་འབྲེལ་ཧུར་ཐག་བྱས་པར་མ་ཟད། རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཁྱད་ཆོས་དང་དཀར་མཛེས་ཁུལ་གྲོང་གསེབ་ཡུལ་སྐོར་གྱི་ཁྱད་ཆོས་གསར་པ་ཞིག་ཏུ་འགྲུབ་རྒྱུའི་འབད་བརྩོན་བྱེད་དང་བྱེད་མུས་སུ་ཡོད་ཅེས་བཤད་བྱུང་།
ཤྭ་ར་ཐང་གྲོང་པས་རང་ཉིད་འཕེལ་རྒྱས་སུ་འགྲོ་བའི་བརྒྱུད་རིམ་ཁྲོད་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་སྐྱོད་གོམ་སྒྲ་དང་མཉམ་བགྲོད་བྱས་ལ། ཏང་གི་དམངས་ཕྱུག་སྲིད་ཇུས་ཀྱི་མཛུབ་ཁྲིད་འོག་དུས་རབས་ཀྱི་རྗེས་སུ་འབྲངས་ནས་དཀའ་སྤྱད་འབད་བརྩོན་བྱས་ན་མ་འོངས་སྔར་ལས་མཛེས་སྡུག་དང་སྔར་ལས་འཕེལ་རྒྱས་ཡོང་པར་ཡིད་ཆེས་ཡོད། །