ཐུམ་འབུའི་ནད་ལས་གཞིའི་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཉི་མ་དབྱངས་མཚོ་༼གཡས་དང་པོ་༽དང་པད་མ་དཔལ་གྱི་ཁྱིམ་མི།
包虫病项目办主任尼玛拥措(右一)与白玛翁一家在一起
སྤྱི་ཟླ་8པའི་ཚེས་10ཉིན་ངེད་གསར་འགོད་ཚོ་ཆུང་དཀར་མཛེས་ཁུལ་མི་དམངས་སྨན་ཁང་དུ་ཐུམ་འབུའི་ནད་བཅོས་སྒྲིག་བྱེད་ཚུལ་ལ་བཅར་འདྲི་བྱས། དཀར་མཛེས་ཁུལ་ཨུའི་དྲིལ་བསྒྲགས་པུའི་ཡིས་མཐུན་སྦྱོར་འོག་གསར་འགོད་པས་དཀར་མཛེས་ཁུལ་མི་དམངས་སྨན་ཁང་གི་ཐུམ་འབུའི་ནད་ཀྱི་རྣམ་གྲངས་གཞུང་དོན་ཁང་གི་ཀྲུའུ་རེན་ཉི་མ་དབྱངས་མཚོ་ལ་བཅར་འདྲི་བྱས། མོས་གསར་འགོད་པར་དཀར་མཛེས་ཁུལ་མི་དམངས་སྨན་ཁང་གི་ཐུམ་འབུའི་ནད་བཅོས་སྒྲིག་གི་ལོ་རྒྱུས་དང་། མིག་སྔར་གྱི་གནས་ཚུལ། མ་འོངས་པའི་འཕེལ་རྒྱས་བཅས་ངོ་སྤྲོད་བྱས། མོས་བཤད་པའི་སྨན་བཅོས་དཔེ་མཚོན་ཞིག་གིས་གསར་འགོད་པར་བག་ཆགས་ཟབ་མོ་ཞིག་བཞག
སེར་ཤུལ་རྫོང་ཁྲོ་ཤུལ་འགབ་མ་ཤང་སྡེ་བ་བཞི་པའི་པད་མ་དང་ཁོང་གི་ཁྱིམ་གྱི་ཕྲུ་གུ་གསུམ་ཐུམ་འབུའི་ནད་ཀྱིས་ཟིན་ཡོད་ཀྱང་སྨན་བཅོས་བྱེད་འདོད་མེད། ཁོང་ལ་སློབ་གསོ་དང་སྐུལ་མ་གང་ལྟར་བྱས་ཀྱང་ནད་བཅོས་ལ་འགྲོ་ཁ་མི་ཉན།
ཁྱིམ་གྱི་བྱིས་པ་ཆེ་བའིི་ལོ་15ཡིན་པ་དང་།མཆིན་པའི་ནང་ལི་སྨི་10ཅན་གྱིི་ཐུམ་འབུ་ཆེན་པོ་3ཡོད། བྱིས་པའི་མིག་ཟུང་གི་ཉམས་ཤོར་བ་དང་། ངོ་མདངས་དཀར་ཞིང་ཟུང་ཁྲག་ཉམས་པ། ནུ་མོའི་མཐོ་ཚད་ཀྱང་མི་ཟིན། ནུ་མོ་ཡེ་ཤེས་མཚོ་ལོ་8ཡིན་ཞིང་མཆིན་པར་ལི་སྨི་7ཅན་གྱི་ཐུམ་འབུའི་ནད་ཡོད། ཨ་ཕས་བཤད་པ་ལྟར་ན་ལོ་14ཟིན་པའི་བུ་མོ་ཆུང་ཆུང་དེ་ལའང་ཐུམ་འབུའི་ནད་ཀྱིས་ཟིན་ཡོད་ཟེར་མོད། ཡིན་ཡང་སྨན་བཅོས་རུ་ཁག་ས་དེར་ཐོན་པའི་ཉིན་མོར་རི་འགོར་ནོར་རྫིར་སོང་འདུག །ཕྱི་དྲོར་ཕྱིར་ལོག་ནས་སྨན་པས་བརྟག་དཔྱད་བྱས་མཐར་ལི་སྨི་7ཅན་གྱི་ཐུམ་འབུའི་ནད་ཡོད་པ་ངོས་འཛིན་བྱས། དེ་བཞིན་ཁོ་ཚོའི་ཕ་ལའང་ལི་སྨི་7ཅན་གྱི་མཆིན་པའི་ཐུམ་འབུའི་ནད་ཀྱིས་ཟིན་འདུག །འབྲོག་ཁུལ་ས་ཆ་མང་པོར་ཨ་ཕ་ནི་ཁྱིམ་དོན་ཚང་མ་ཐག་གཅོད་བྱེད་མཁན་དེ་ཡིན། བསམ་བློ་རྙིང་ཞེན་དབང་གིས་ཨ་མ་ལ་དེ་འདྲིའི་དབང་ཆེན་པོ་མེད། དེ་བཞིན་ཨ་མས་ཕྲུ་གུ་ཚོ་སྨན་ཁང་དུ་ནད་ལྟ་བར་འཁྲིད་རྒྱུའི་ཁས་ལེན་གཏན་ནས་བྱེད་མི་ཕོད། ཕྲུ་གུ་དེ་དག་དུས་ཐོག་ཏུ་སྨན་བཅོས་བྱ་ཆེད། སྨན་བཅོས་རུ་ཁག་གིས་འཕྲལ་དུ་གནས་ཚུལ་དེ་ཧྲུའུ་ཅི་ལིན་ལགས་ལ་བཤད་རོགས་ཞུས། ཧྲུའུ་ཅི་ལིན་གྱིས་ལོ་མང་པོར་གཞི་རིམ་མང་ཚོགས་དང་འབྲེལ་གཏུག་བྱས་པས་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པས་བྱིས་པ་ཚོའི་ཨ་ཕ་དང་འབྲེལ་གཏུག་བྱས་པ་བརྒྱུད་བྱིས་པ་ཚོའི་ཨ་ཕས་མི་འཐད་འཐད་བྱས་རུང་མཐར་སྨན་བཅོས་བྱེད་པ་འགྲོར་བཅུག་སྟེ། བྱིས་པ་ཚོ་ཨ་མས་ཁྲིད་དེ་ཁུལ་མི་དམངས་སྨན་ཁང་དུ་སྔར་བས་ཞིབ་བཤེར་ཞིབ་མོ་བྱ་རྒྱུ་བྱས།
འོན་ཀྱང་ཁོང་གིས་ཕྲུ་གུ་དང་ཨ་མར་སྨན་རིན་གང་ཡང་སྤྲོད་རྩིས་མེད། ང་ཚོས་ཁོང་གི་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་ལ་ཆ་རྒྱུས་ཆེན་མོ་མེད་རུང་། ཁྱིམ་དུ་དངོས་གནས་དངུལ་མེད་པར་སྲིད་ཅིང་ཡོད་ཀྱང་མང་པོ་མེད་པ་ནི་རྟོགས་ཐུབ། གང་ལྟར་མིའི་སྲོག་རེ་སྐྱོབ་ཐུབ་ན་དེ་ལས་གཞན་པས་ཕན་ལས་གང་དུ་ཡོད་བསམ་ནས་བྱིས་པ་དེ་ཚོ་ཁྲིད་ནས་ཡོང། སྐད་ཆ་དེ་བཤད་སྐབས་ཀྲུའུ་རེན་གྱི་མིག་མཐར་མཆི་མས་བསྐང་ཞིང་ཁྲོ་བ་ཡང་འཕར་ཏེ་སེམས་ཁམས་ཧ་ཅང་བརྗོད་དཀའ་བ་ཞིག་ཡིན་པ་རྟོགས་ཐུབ།
བྱིས་པ་ཚོ་དར་མདོར་ཐོན་དུས་གྱོན་གོས་དྲོན་མོ་མེད་པར་སྐྲག་ནས་ཤང་གི་ལས་བྱེད་ལས་བཟོ་བ་དང་སྨན་བཅོས་རུ་ཁག་གི་ཁོངས་མིས་གྱོན་གོས་མང་པོ་ཞིག་སྦྱིན་པ་གནང་། Bསྒྲ་སྐྱ་བཤེར་བརྟག་དཔྱད་ལ་ལྟ་མཁན་གྱི་གཅུང་མོ་ཨ་མ་བྱས་ནས་ཅུང་མ་འགོར་བས་ལས་དབང་སྐྱོ་བའི་ཕྲུ་གུ་ཚོ་མཐོང་དུས་མིག་མཐར་མཆི་མས་བརླན་ནས་ངུ་བཞིན་འདུག དེའི་ཕྱི་ཉིན་ཤང་སྲིད་གཞུང་གིས་རླངས་འཁོར་བཏང་ནས་མ་བུ་བཞི་པོ་རྫོང་དུ་བསྐྱལ་བ་དང་། ཕྱི་ཉིན་གཞུང་ལས་ཁང་གི་ལས་མིས་ཁོང་ཚོ་དང་བརྟག་དཔྱད་ཞིབ་མོ་བྱ་དགོས་པའི་ནད་པ་གཞན་དག་དང་མཉམ་དུ་དར་མདོ་ཁུལ་མི་དམངས་སྨན་ཁང་དུ་བསྐྱལ།
ང་མཚན་མོ་དེ་ལ་གཉིད་རྩ་བ་ནས་མ་ཁུག ། ང་ཚོའི་སྨན་བཅོས་རུ་ཁག་ན་ནིང་ཟླ་12པར་གྲོང་གསེབ་ཏུ་སྐྱོད་སྐབས་ཕྲུ་གུ་ཚོར་ཐུམ་འབུའི་ནད་ཡོད་པ་ཞིབ་བཤེར་བྱས་པ་དང་དེ་རྗེས་ཁོང་ཚོའི་ཨ་མ་དང་མཉམ་པོར་ཕྲུ་གུ་ཚོ་སྨན་བཅོས་བྱེད་པར་བསྐྱོད་རྒྱུའི་སྐོར་གྲོས་བསྡུར་བྱས་མོད། འོན་ཀྱང་ཕྲུ་གུའི་ཚོའི་ཨ་ཕ་སྨན་བཅོས་བྱེད་པར་འཐད་པ་མ་བྱུང་། ཁོས་ཁོ་ཚང་གི་བཟའ་མི་ཚང་མ་འཆི་དགོས་ཀྱང་མཉམ་དུ་འཆི་དགོས་ཟེར། རྗེས་སུ་ང་ཚོས་སྡེ་དཔོན་གདན་དྲངས་ནས་ཁོ་ལ་ཁ་བརྡ་བྱས་པ་དང་། ཁོ་ལ་སྨན་བཅོས་ཀྱི་འགྲོ་གྲོན་ལ་སེམས་ཁུར་བྱས་ཡོད་པ་ཡིན་ནམ་ཞེས་དྲིས། རྒྱལ་ཁབ་ལ་སྐྱོབ་བཅོས་ཀྱི་སྲིད་ཇུས་ཡོད་པ་གསལ་བཤད་བྱས། སྨན་རིན་ལ་དེ་འདྲའི་སེམས་འཁུར་བྱེད་མི་དགོས་པ། འཚོ་བའི་གྲོན་དངུལ་ངས་ཁོ་ཚོར་ཐབས་བཀོད་འཐེན་ཚུལ། དེ་མིན་ཉེ་འཁོར་གྱི་གྲོགས་པོ་རྣམས་ཀྱིས་ཁ་བརྡ་སློབ་གསོ་ཇི་འདྲི་བྱས་ཀྱང་ཁོ་འཐད་པ་མ་བྱུང་། དེ་ནས་ཐབས་ཟད་ནས་ཏང་ཨུད་ཧྲུའུ་ཅི་ལིན་བཀྲ་ལ་ཁོང་ལ་སློབ་གསོ་བྱེད་དུ་བཅུག་པ་དང་། ང་ཚོས་ཀྱང་ཁོང་ལ་ཁྱོད་མ་སོང་ནའང་ཆོག་མོད་བྱིས་པ་ཚོའི་ནད་བཅོས་ཀྱི་ཁེ་དབང་འཕྲོག་པའི་དབང་ཆ་མེད། དེ་ནི་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བ་ཡིན་ཚུལ་སོགས་ཧྲུའུ་ཅི་ཡིས་ཁ་ཞེ་གཉིས་མེད་ཀྱིས་ཁོང་ལ་སློབ་གསོ་བྱས་པ་དང་ཁོ་ཡང་ཧྲུའུ་ཅི་ལ་ཅུང་འཛེམ་པས་རྒྱུ་རྐྱེན་མང་པོ་ཞིག་གིས་སྐུལ་སློང་བྱས་མཐར་འཐད་པ་བྱུང་།
དེ་ཉིན་གྱི་དགོངས་མོ་ངས་རང་སྒུལ་གྱིས་མྱོང་ཚོར་སོགས་བཤད་ནས་སྒོར་ཁྲི་18གྱི་རོགས་དངུལ་ཐོབ། ང་ཚོའི་སྨན་ཁང་གི་ཡོན་ཀྲང་ཡང་ཁོ་ཚོ་བལྟ་རུ་སོང་། སྨན་ཁང་གི་ལས་གྲོགས་ཚོས་ཀྱང་དངོས་པོ་དང་སྒོར་མོ་སོགས་ཀྱིས་རོགས་བྱས། ཕྲུ་གུ་ཚོའི་འཚོ་བའི་འགྲོ་གྲོན་དང་གསོ་བཅུད་འགྲོ་གྲོན་ཚང་མ་དོན་ཐོག་ཏུ་འཁྱོལ། སྨན་ཁང་གི་ཆེད་མཁས་པ་ཚོས་སྨན་བཅོས་ཧུར་ཐག་བྱས། བྱིས་པ་རྣམས་ལ་གཤགས་བཅོས་ལམ་འགྲོ་སོང་བ་དང་སྨན་བཅོས་ཡག་ཤོས་ཐོབ་ནས་ནད་བཅོས་ལེགས་པོ་ཐོབ།
ཐུམ་འབུའི་ནད་ཀྱི་གཤག་བཅོས་ལེགས་གྲུབ་བྱུང་བ།
包虫病手术非常成功
ཀྲུའུ་རེན་གྱིས་དབུགས་རིང་ཞིག་བཏང་རྗེས་ཁྱེད་ཚོ་ནི་སྐད་གཉིས་ཤེས་མཁན་ཞིག་ཡིན་ལ་དྲིལ་བསྒྲགས་བྱེད་མཁན་ཞིག་ཀྱང་ཡིན་པས་ཁྱེད་ཚོས་ང་ཚོར་དྲིལ་བསྒྲགས་མང་ཙམ་གནང་རོགས་ཞུ། ད་ཆ་བོད་རིགས་ས་ཁུལ་གྱི་མི་སེར་ཁྲོད་རྒྱ་སྐད་ཤེས་མཁན་ཧ་ཅང་ཉུང་ཉུང་རེད། ཁྱེད་ཚོའི་ལས་འགན་ལྗིད་པོ་རེད། རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོ་དེ་འདྲ་ཡོད་པ་སྟེ། རྒྱལ་ཁབ་དང་སྤྱི་ཚོགས་གཅེས་སེམས་མི་སྣའི་ངོས་གང་འཐད་ནས་བཤད་ན། ཐུམ་འབུའི་ནད་དང་གཞན་པའི་ནད་གང་རིགས་ལ་རོགས་སྐྱོར་ཧ་ཅང་ཆེན་པོ་ཡོད། ཀྲུང་གོ་གསར་པའི་འབྱུང་འགྱུར་སྔར་བས་སྟོབས་ཆེར་འགྲོ་བ་དང་མི་སེར་གྱི་འཚོ་བ་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་རྒྱུའི་ང་ལ་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས། །