ཀྲུའུ་ཨེན་ལེ་ཡིས་ཕྱག་བྲིས་མཛད་པའི་ཧུང་ཡོན་རྫོང་མཁར་གྱི་འཇིམ་བརྐོས། དཀོན་རྡོས་པར་བླངས།
由周恩来总理亲笔题词的“红军走过的大草原”雕塑为红原县城的标志性建筑
1935ལོའི་ཟླ་4པའི་ཟླ་སྨད་ནས་1936ལོའི་ཟླ་8པའི་ཟླ་སྨད་བར་གྱི་ཟླ་བ་16གི་རིང་དུ། ཀྲུང་གོའི་བཟོ་ཞིང་དམར་དམག་དཔུང་ཁག་དང་པོ་དང་གཉིས་པ། བཞི་པའི་ཕྱོགས་ཀྱི་གཙོ་ཤུགས་རྒྱང་སྐྱོད་བྱེད་པ་དང་། སྔ་གཞུག་ཏུ་སི་ཁྲོན་ནུབ་ཁུལ་བརྒྱུད་པ་དང་བཅའ་སྡོད་བྱས་མྱངས།
ཏང་ཡོངས་དང་དམག་ཡོངས་བསམ་བློའི་སྟེང་ནས་གཅིག་གྱུར་ཡོང་བའི་ཆེད་དུ། ཏང་ཀྲུང་དབྱང་གིས་རྔ་བ་ཁུལ་གྱི་དམུ་དགེ་དང་། པ་ཞིས། ཧྲ་བོ་སོགས་ནས་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ཐེངས་བཅུ་ལྷག་འཚོགས། དེ་ཚོ་ནི་ད་ལྟ་རྔ་བ་ཁུལ་གྱི་གསར་བརྗེའིི་རྗེས་ཤུལ་གལ་ཆེན་དུ་གྱུར་ཡོད།
དམར་དམག་གིས་རྔ་བ་ཁུལ་དུ་རྒྱང་སྐྱོད་བྱེད་སྐབས་སུ་ས་གནས་ཀྱི་ལས་ཀ་མང་པོ་སྤེལ། དམར་དམག་གིས་རྫོང་དང་ཡུལ་ཤོག།།དེ་མིན་གྲོང་སྡེ་སོགས་སུ་རིམ་པ་སོ་སོའི་གསར་བརྗེའི་སྲིད་དབང་བཙུགས། རྔ་བ་ཁུལ་དུ་ཀོ་ལེ་ཏེ་སྲ་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས། ཐེངས་དང་པོར་མི་རིགས་རང་དོན་རང་ཆོད་ཀྱི་རྩ་དོན་ལག་ལེན་བྱས། ཏང་གི་མི་རིགས་སྲིད་ཇུས་ལག་ལེན་ལེགས་བསྒྲུབས་བྱུང་ནས་རྒྱང་སྐྱོད་དཀའ་ཁག་ལས་ཐར་བར་ཕན་པ་ཆེན་པོ་བསྐྲུན། དམར་དམག་ཁྲི་འགའ་དགྲ་བོའི་མཐའ་སྐོར་ཁྲོད། སི་ཁྲོན་ནུབ་ཁུལ་མཐོ་སྒང་དུ་རྐང་བཙུགས་ནས། བྱང་སྐྱོད་འཇར་འགོག་ལ་དུས་ཅུང་ཙམ་རིང་བའི་ངལ་གསོ་དང་དག་ཐེར་བྱེད་པའི་གོ་སྐབས་ཐོབ།
དམར་དམག་རྒྱང་སྐྱོད་བྱེད་པའི་ལམ་ཆེན་སྟེང་། རྔ་བ་ཁུལ་མི་དམངས་ཀྱིས་རང་ནུས་གང་ཡོད་ཀྱིས་དམར་དམག་རྒྱང་སྐྱོད་ལ་རོགས་རམ་བྱས། འབྲུ་རིགས་དང་ཤ།།སྣུམ། ཚོད་མ་སོགས་གྲབས་གསོག་དང་ལས་སྣོན། སྐྱེལ་འདྲེན་བྱས་པར་མ་ཟད། ས་གནས་སོ་སོར་སྣེ་ལེན་ས་ཚིིགས་བཙུགས་ནས་དམར་དམག་ལ་སྡོད་གནས་དང་ཟ་མ་མཁོ་སྤྲོད་བྱས་པ་དང། ལམ་ལས་པ་དང་། ཟམ་པ་བཙུགས་པ། ཡིག་སྒྱུར་བྱས་པ། རྨས་སྐྱོན་ཕོག་པའི་དམར་དམག་ལ་སྨན་བཅོས་དང་སྐྱེལ་འདྲེན་བྱས་པ། ལམ་ཁྲིད་པ། གསར་བརྗེའི་ས་ཁུལ་དུ་གཞོན་པ་རྣམས་ངལ་རྩོལ་ལ་ཞུགས་པའི་ཐེངས་གྲངས་ཁྲི་5ཡན་དང་། དམར་དམག་ལ་འབྲུ་རིགས་རྒྱ་མ་ཁྲི་3000རོགས་སྐྱོར་བྱས། སྒོ་ཕྱུགས་ཁྲི་20ལྷག དམག་ཞུགས་བྱེད་རྒྱུ་སྐུལ་མ་དང་ལེན་བྱས་ཏེ་དམར་དམག་གཙོ་ཤུགས་སུ་མི་5000ལྷག་དམག་ནང་དུ་ཞུགས། དམར་དམག་བྱང་སྐྱོད་དང་འཇར་འགོག་དམག་འཁྲུག །བཅིངས་འགྲོལ་དམག་འཁྲུག་སོགས་ཀྱི་ཁྲོད་དུ་སི་ཁྲོན་ནུབ་བྱང་ཁུལ་གྱི་བོད་དང་ཆའང་རིགས་མི་དམངས་ཀྱིས་རོགས་སྐྱོར་ཅི་ནུས་བྱས་པས་བྱས་རྗེས་མི་དམན་པ་བཞག་ཡོད། །