རི་བོ་ཅཱ་ཅིན་འདབ་འོག་གི་དམར་དམག་ལམ་ཕྲན། ཧའོ་ཧྥེ་ཡིས་པར་བླངས།
夹金山下的红军小道
ལོ་ངོ་80ལྷག་གི་ཡར་སྔོན་གྱི་དབྱང་གཞུང་དེར། རུ་ཁག་གཉིས་རི་བོ་ཅཱ་ཅིན་བརྒལ་ཏེ་གནས་དེར་འཛོམས། ངལ་གསོ་དང་དག་ཐེར་ཐེངས་ཤིག་བྱས་རྗེས་མུ་མཐུད་དུ་བྱང་ཕྱོགས་སུ་བསྐྱོད། དེ་ནས་རྒྱང་སྐྱོད་ཀྱི་ལེའུ་གསར་པ་ཞིག་གི་འགོ་བཙུགས། ཏ་ཡུང་ནས་དམག་དཔུང་མཉམ་འཛོམས་དང་ཆུ་བོ་གཉིས་འགྲམ་གྱི་གྲོས་ཚོགས་སོགས་ལྟ་བུར་དམར་དམག་གིས་བཙན་ལྷ་རྫོང་གི་མངའ་ཁོངས་སུ་འཐབ་འཛིང་དང་འཚོ་སྡོད་བྱས་པའི་དུས་ཡུན་ཟླ་བ་13ལྷག་འགོར་ཏེ། དགའ་སྐྱོ་གཉིས་ལྡན་གྱི་གཏམ་རྒྱུད་མང་པོ་བྱུང་ཡོད།
1935ལོར་དམར་དམག་བཙན་ལྷ་རྫོང་ཆུ་གར་གྲོང་རྡལ་ཏཱ་པན་ཡུལ་ཚོ་རུ་སླེབས་སྐབས། ཀྲུའུ་ཏའེ་སོགས་དམར་དམག་དབུ་ཁྲིད་པས་ཡུལ་མི་དབྱང་ཧུའུ་ཧའེ་ཡི་ཁྱིམ་དུ་ཉིན་7ལ་ཞག་སྡོད་བྱས། ཁ་བྲལ་སྐབས། ཀྲུའུ་ཏའེ་ཡིས་རྩེ་གྲི་ཞིག་དང་སྣག་ཀོང་ཞིག སྤུ་སྨྱུག་ཅིག་བཅས་དབྱང་ཧུའུ་ཧའེ་ཡི་ཨ་མྱེར་དངོས་དཔང་དུ་གནང་། ཨ་མྱེ་འདས་རྗེས། དངོས་དཔང་དེ་དག་དབྱང་ཧུའུ་ཧའེ་ཡི་ཨ་མར་གནང་། ད་ལྟ་དབྱང་ཧུའུ་ཧའེ་ཡི་ལག་ཏུ་བརྒྱུད་པ་ན་མི་རབས་གསུམ་བརྒལ་འདུག བགྲང་བྱ་80ལྷག་འདས་ཟིན། ཕ་ནོར་དེའང་སྔར་བཞིན་ཆ་ཚང་དུ་རྒྱུད་འཛིན་བྱས་ཡོད། ལོ་ན་70ལོན་པར་ཉེ་བའི་དབྱང་ཧུའུ་ཧའེ་ཡིས་གསར་འགོད་པར། དངོས་དཔང་འདི་དག་དམར་དམག་དང་བོད་རིགས་མང་ཚོགས་བར་གྱི་སེམས་མཐུན་མཛའ་བརྩེའི་བདེན་དཔང་ཡིན་པས། མི་རབས་རེ་རེ་བཞིན་རྒྱུད་འཛིན་བྱ་དགོས་ཞེས་བཤད།
རྒྱང་སྐྱོད་སྙིང་སྟོབས་མི་རབས་ནས་མི་རབས་བཞིན་རྒྱུད་འཛིན་བྱས་པ་དང་བསྟུན། ད་ལྟའི་བཙན་ལྷ་རུ་གནམ་ས་བླ་འོག་ཏུ་བསྒྱུར་བའི་འགྱུར་ལྡོག་ཡོང་བཞིན་འདུག