མི་མང་ཆེ་བ་སྤྱིར་ན་མིག་བཙུམས་ནས་ཉལ་གྱི་ཡོད་མོད། འོན་ཀྱང་མི་ལ་ལ་མིག་རྦད་དེ་གདངས་བའམ་ཡང་ན་མིག་གདངས་མ་ཟུམ་དུ་ཉལ་གྱི་ཡོད།
དོན་དམ་དུ། མིག་གདངས་ནས་ཉལ་བར་ཡ་མཚན་རྒྱུ་གང་ཡང་མེད། དཔེར་ན་བྱ་བྱིའུ་ཡིས་གནོད་འཚེར་དོགས་ཏེ། མིག་གདངས་ནས་ཉལ་གྱི་ཡོད།
འོན་ཀྱང་མིས་མིག་གདངས་ནས་ཉལ་ན། གནོད་འཚེར་དོགས་ཟོན་དང་རྐུན་མར་འཇིགས་སྐུལ་བྱེད་པའི་ཆེད་དུ་མ་ཡིན་པར། མིག་ལ་སྐྱོན་བྱུང་བ་ཡིན་ཤས་ཆེ།
མིག་གདངས་ནས་ཉལ་བར། གསོ་རིག་ནས“མིག་ལྕིབས་ཁ་མ་ཟུམ་པ”ཞེས་བརྗོད་པ་དང་། མིག་ལྕིབས་ཁ་ཟུམ་མི་ཐུབ་པས་མིག་རིལ་གྱི་ཆ་ཤས་ཕྱིར་མངོན་གྱི་ཡོད།
ཡིན་ནའང་མི་ཁ་ཤས་གཉིད་ཉལ་སྐབས་མིག་ལྕིབས་ལ་སྲུབས་ཀ་རེ་ལུས་ཀྱི་ཡོད་པ་དེ་ནི་སྐྱེས་དུས་ནས་ཡིན་པས་སྐྱོན་ཆེར་མེད། འོན་ཀྱང་ནད་རྐྱེན་གཞན་དག་གམ་ཡང་ན་མིག་དམར་པོར་གྱུར་བ་དང་ཚ་ཤར་རྒྱག་པ་སོགས་ཀྱི་མིག་ནད་ཡོད་ཚེ་དུས་ཐོག་ཏུ་སྨན་པ་བསྟེན་དགོས།