སི་ཁྲོན་ཞིང་ཆེན་གྱིས་ས་ཁོངས་ལས་བརྒལ་བའི་སྨན་བཅོས་འཕྲོད་བསྟེན་གཅིག་ཆོག་བྱང་བུ་སྟེར་བའི་ལས་ཀ་མངོན་འགྱུར་བྱུང་།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-23


         སྤྱི་ཟླ་10པའི་ཚེས་22ཉིན། སྡོད་དམངས་ཀྱི་བདེ་ཐང་བྱང་བུ་ནི་མི་འབོར་བདེ་ཐང་ཆ་འཕྲིན་ཅན་གྱི་རིམ་པ་གལ་ཆེན་ཞིག་མངོན་འགྱུར་བྱུང་བ་ཡིན་ཏེ། རྒྱལ་ཡོངས་ཀྱིས་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་མཇུག་ཏུ་ཚོད་ལྟ་ཁུལ་གྱི་སྡོད་དམངས་ལ་བདེ་ཐང་བྱང་བུ་རྒྱ་ཁྱབ་དུ་ཡོད་དགོས་པའི་རེ་འདུན་ཡོད་ལ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་སུ་རྒྱལ་ཡོངས་སུ་བདེ་ཐང་བྱང་བུ་གཅིག་ཆོག་ཡོད་པ་མངོན་འགྱུར་བྱ་དགོས། ཚེས་21ཉིན། སི་ཁྲོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་གིས་སྤྱི་བསྒྲགས་བྱས་དོན། 2014ལོར་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་ཚང་མས་བདེ་ཐང་བྱང་བུའི་ལས་ཀ་བསྒྲུབ་འགོ་བརྩམས་ཤིང་། གཡག་རྔ་དང་མེན་དབྱང་། ཁྲེན་ཏུའུ། ཏེ་དབྱང་། ཕན་ཀྲི་ཧྭ་སོགས་གྲོང་ཁྱེར་དུ་གཞི་ཁྱོན་ཆེ་བའི་གཞི་གྲངས་ཁྲི་3000ལྷག་བསྡུ་རུབ་དང་གྲ་སྒྲིག་བྱས་ཚར་ཡོད། མིག་སྔར། སི་ཁྲོན་ཞིང་ཆེན་གྱི་སྡོད་དམངས་བདེ་ཐང་བྱང་བུ་སྟེར་ཚད་རིམ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད།

         2015ལོར། སི་ཁྲོན་ཞིང་ཆེན་གྱི་ཁུལ་དང་གྲོང་ཁྱེར་ཡོངས་སུ་བྱང་བུ་སྟེར་བའི་ལས་ཀ་ཡོངས་འགྲུབ་བྱ་རྒྱུ་ཡིན་ཏེ། གཡག་རྔ་དང་མེན་དབྱང་། ཁྲེན་ཏུའུ། ཏེ་དབྱང་། ཕན་ཀྲི་ཧྭ་སོགས་གྲོང་ཁྱེར་དུ་བྱང་བུ་སྟེར་བུའི་ལས་ཀ་ཡོངས་སུ་འགྲུབ་ཡོད་ལ། ཀོང་ཡོན་དང་ཀོང་ཨན། དབྱི་པིན། ནེའུ་ཅང་། ཙེ་དབྱང་སོགས་གྲོང་ཁྱེར་དུ་བྱང་བུ་སྟེར་ཚད་40%ལ་སླེབས་ཡོད་པ་དང་། ཁུལ་དང་གྲོང་ཁྱེར་གཞན་པའི་བྱང་བུ་སྟེར་ཚད་20%ལ་སླེབས་དགོས་པ་རེད། 2016ལོར། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་ལས་ཁུངས་ཀྱི་ཁོར་ཡུག་བསྒྱུར་བཅོས་ལས་ཀ་ཡོངས་འགྲུབ་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་སྡོད་དམངས་བདེ་ཐང་གི་བྱང་བུ་སྟེར་ཚད་90%ལ་སླེབས་ཐུབ་པ་བྱ་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1