དེ་རིང་སྔ་མོའི་ཆུ་ཚོད8དང་སྐར་མ32ཐོག་ཁྲེང་ཏུའུ་ཧྲོང་ལིའུ་ནས་འཕུར་འགོ་ཚུགས་པའི་གནམ་གྲུA319དེ་ཆུ་ཚོད་གཅིག་ཙམ་གྱི་རིང་ལ་འཕུར་རྗེས་ཆུ་ཚོད9དང་སྐར་མ28ཐོག་དཀར་མཛེས་ཁུལ་གྱི་གེ་སར་གནམ་གྲུ་ཐང་ལ་བབ་པ་རེད།
འདི་ནི་དཀར་མཛེས་ཁུལ་ལ་ལོ་ངོ་གསུམ་གྱི་རིང་ལ་ལས་པའི་མཐོ་སྒང་གི་གནམ་གྲུ་ཐང་ཨང་གསུམ་པ་དེར་དངོས་སུ་གནམ་གྲུ་ཤར་གཏོང་ཐུབ་པའི་རྟེན་འབྲེལ་རེད།རྗེས་སུ་དཀར་མཛེས་ཁུལ་གྱི་ཡུལ་མི་དང་ཕྱི་རོལ་གྱི་འགྲུལ་པ་དག་བདེ་བླག་ངང་ཕར་ཚུར་འགྲོ་འོངས་བྱས་ཏེ་ཕན་ཚུན་གྱི་རིག་གནས་དང་བཅས་པ་ལ་རྒྱུས་ལོན་བྱེད་པའི་སྐལ་བ་བཟང་པོ་སྨིན་པ་རེད།།
ཟླ་བ9པའི་ཚེས17ཉིན་གྱི་གནམ་གྲུའི་དུས་ཚོད།