དཀར་མཛེས་རྫོང་དུ་གེ་སར་རིག་གནས་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 09-18


དཀར་མཛེས་རྫོང་དུ་གེ་སར་རིག་གནས་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་འཚོགས།

   སྤྱི་ཟླ9པའི་ཚེས16ཉིན་གྱི་ཕྱི་དྲོར། དཀར་མཛེས་རྫོང་དུ་དར་བའི་གེ་སར་རིག་གནས་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་དེ་དཀར་མཛེས་རྫོང་གི་མང་ཚོགས་རིག་གནས་བྱེད་སྒོ་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས་པ་རེད།

   རྒྱལ་ཡོངས་གེ་སར་རིག་གནས་ཞིབ་འཇུག་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་ནོར་བུ་དབང་ལྡན་དང་རྒྱལ་ཁབ་གཟུགས་མེད་རིག་གནས་ཤུལ་བཞག་འགྲེམས་སྟོན་སྲུང་སྐྱོང་རྟེན་གཞིའི་ཆེད་མཁས་ཨུ་ལྷན་གྱི་ཀྲུའུ་རེན་མ་ཧྲེང་ཏའེ། རྒྱལ་ཡོངས་ཀྱི《གེ་སར》ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཚོགས་གཙོ་གཞོན་པ། གེ་སར་རིག་གནས་ཞིབ་འཇུག་པ། འབུམ་རམས་པའི་མཛུབ་སྟོན་དགེ་རྒན་འཇམ་དཔལ་རྒྱ་མཚོ་སོགས་པེ་ཅིན་དང་བོད་ལྗོངས། མཚོ་སྔོན། སི་ཁྲོན་སོགས་ཀྱི་ས་ཁུལ་ནས་ཡོང་བའི་གེ་སར་རིག་གནས་ཆེད་མཁས་དང་མཁས་དབང26མཉམ་དུ་འཛོམས་ཏེ་གེ་སར་རིག་གནས་སྐོར་ལ་བགྲོ་གླེང་གཏིང་ཟབ་བྱས་པ་རེད།

དཀར་མཛེས་རྫོང་དུ་གེ་སར་རིག་གནས་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་འཚོགས།
  དཀར་མཛེས་རྫོང་གི་ཚོགས་པ་ཆེན་པོ་བཞི་དང་རྫོང་ཡོངས་ཀྱི་ཡུལ་ཤོག་དང་གྲོང་རྡལ། སྡེ་ཁག་སོ་སོའི་འབྲེལ་ཡོད་འགན་ཁུར་མི་སྣ་ཚོགས་འདུར་ཞུགས་ཡོད་པ་རེད།

དཀར་མཛེས་རྫོང་དུ་གེ་སར་རིག་གནས་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་འཚོགས།
   དཀར་མཛེས་རྫོང་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་རིག་འཛིན་གྱིས་རིག་གཞུང་བགྲོ་གླེང་ཚོགས་འདུའི་འགོ་ཚུགས་མཛད་སྒོ་གཙོ་འགན་བཞེས་པ།

   རྫོང་དཔོན་ནོར་མིག་ཨ་སྒྲོན་གྱིས་ཤིས་ཚིག་ཕུལ་སྐབས་བཤད་དོན། དཀར་མཛེས་རྫོང་ནི་གེ་སར་རིག་གནས་དར་ཁྱབ་ཆེ་ཤོས་དང་བརྒྱུད་འཛིན་ཆ་ཚང་ཤོས་ཀྱི་ས་ཆ་ཞིག་ཡིན་ལ། རྫོང་ཡོངས་ཀྱི་མངའ་ཁོངས་སུ་གེ་སར་གྱི་གནའ་ཤུལ་དང་ངག་རྒྱུན་མང་པོ་ཡོད་ཅིང་། གླིང་རྗེ་གེ་སར་རྒྱལ་པོའི་མཁར་གྲོང་བསྐྲུན་རྒྱུ་ནི་རིག་གནས་རྒྱུད་འཛིན་གྱི་དགོས་མཁོ་ཡིན་པ་དང་། དཀར་མཛེས་རྫོང་ནི་རང་བྱུང་གི་རི་ཀླུང་དང་། གསར་བརྗེའི་རིག་གནས། དམངས་སྲོལ་རིག་གནས། ཆོས་ལུགས་དད་མོས་དང་མི་རིགས་རིག་གནས་བཅས་གཞི་གཅིག་ཏུ་འདུས་པ་ཞིག་ཡིན་པས། ཡུལ་སྐོར་གྱི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། ཁུལ་ཡོངས་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་བཀོད་སྒྲིག་ཁྲོད་དམིགས་བསལ་གྱི་གནས་བབ་གལ་ཆེན་ལྡན་ཡོད་ལ། གེ་སར་རྒྱལ་པོའི་མཁར་གྲོང་གསར་གཏོད་བྱ་རྒྱུ་ནི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཛུགས་སྐྲུན་གྱི་དགོས་མཁོ་ཡིན་པ་དང་། གེ་སར་རྒྱལ་པོའི་མཁར་གྲོང་འཛུགས་སྐྲུན་ནི་དབུལ་ཐར་འགག་སྒྲོལ་དང་། གྲོང་ཡུལ་ཇེ་ཡག ། ཐོན་ལས་དམངས་ཕྱུག་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བཅས་ཀྱི་འཐབ་ཇུས་ཆེན་པོ་བཞི་དང་གཞི་གཅིག་ཏུ་འདྲེས་པ་ཞིག་ཡིན་པས། ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་ཞིང་གེ་སར་རྒྱལ་པོའི་མཁར་གྲོང་འདི་མ་འོངས་པར་གེ་སར་རིག་གནས་དང་ཐོན་ལས་མཉམ་འདྲེས་འབྱུང་རྒྱུ་དང་། འགྱུར་མེད་རིག་གནས་འགྲེམ་སྟོན་དང་བརྒྱུད་སྤེལ་རིག་གནས་ཉམས་ཞིབ་ཁྲོད་བོད་རིགས་མི་དམངས་ཀྱི་སྤྱང་གྲུང་དང་བློ་གྲོས། གསར་གཏོད་ཀྱི་རླབས་ཆེན་ནུས་པ་མཚོན་པར་མ་ཟད། རྒྱ་ཆེའི་ཆེད་མཁས་སོ་སོར་ཞིབ་འཇུག་དང་འབྲེལ་ཡོད་མཁོ་འདོན་བྱས་ཡོད་པ་རེད།

དཀར་མཛེས་རྫོང་དུ་གེ་སར་རིག་གནས་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་འཚོགས།

   རྒྱལ་ཡོངས་གེ་སར་གཞུང་ལས་ཁང་གི་ཀྲུའུ་རེན་ནོར་བུ་དབང་ལྡན་གྱིས་བསྟན་དོན། གེ་སར་རིག་གནས་ནི་མཁར་གྲོང་འདིའི་བླ་སྲོག་ལྟ་བུ་ཡིན་ལ། གལ་ཏེ་གེ་སར་རིག་གནས་དང་། ལོ་རྒྱུས་སྙན་ངག་མེད་པར་གྱུར་ན་མཁར་གྲོང་འདིའང་འཛམ་གླིང་ཐོག་གི་མཁར་གྲོང་ཁྲི་སྟོང་ཁྲོད་ཀྱི་སྤྱིར་བཏང་གི་མཁར་གྲོང་དཀྱུས་མ་ཞིག་ལས་མ་འདས་པ་རེད། དེ་བས་མཁར་གྲོང་འདི་འདྲ་ཞིག་བཟོ་སྐྲུན་བྱེད་པའི་སྤོབས་པ་དང་སྙིང་སྟོབས། བློ་གྲོས་བཅས་ལ་ནི་བསྟོད་བསྔགས་བྱེད་འོས་པ་ཞིག་རེད། འདི་ནི་དཀར་མཛེས་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་དབུ་ཁྲིད་འོག་ས་གནས་ཀྱི་མི་སེར་ལ་བདེ་སྐྱིད་སྐྲུན་པའི་འགན་འཁྲི་དང་དེ་བཞིན་ཁོ་ཚོར་གེ་སར་རིག་གནས་དང་དེང་རབས་ཀྱི་ལས་འགན་ལ་གོ་བ་ཡང་དག་ལེན་པར་བྱས་ཤིང་། མིག་སྔར་ཏང་ཀྲུང་དབྱང་གིས་བཏོན་པའི་དབུལ་སྐྱོར་གནད་སྨིན་དང་ཟུང་འབྲེལ་བྱས་ནས་མི་སེར་ལ་ཕན་འབྲས་ལྡན་པར་བྱས་ཡོད་པ་རེད།

དཀར་མཛེས་རྫོང་དུ་གེ་སར་རིག་གནས་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་འཚོགས།

   དེ་རྗེས་དཀར་མཛེས་རྫོང་ལ《གེ་སར་རིག་གནས་རྒྱུད་འཛིན་དང་སྲུང་སྐྱོང་གི་དཔེ་སྟོན་རྟེན་གཞི》དང《གེ་སར་སྒྱུ་རྩལ་གྱི་ཁྱིམ་གཞིས།》《ཀྲུང་གོའི་དཀར་མཛེས་གེ་སར་བརྙན་ལམ་མཁར་གྲོང》ཞེས་པའི་སྒོ་བྱང་གསུམ་གནང་བར་མ་ཟད། དྲིལ་བསྒྲགས་པར་གཞིར་ཞིབ་གཟིགས་གནང་ཡོད་པ་རེད།

དཀར་མཛེས་རྫོང་དུ་གེ་སར་རིག་གནས་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་འཚོགས།

   བགྲོ་གླེང་ཚོགས་འདུའི་ཐོག་གེ་སར་རིག་གནས་ཀྱི་ཆེད་མཁས་དང་མཁས་དབང་བདུན་གྱིས“དཀར་མཛེས་གེ་སར་རིག་གནས་ཀྱི་ད་ལྟའི་གནས་ཚུལ་དང་མདུན་ལམ་ལ་རྒྱང་ལྟ་བྱེད་པ”དང་།“དཀར་མཛེས་གེ་སར་རྒྱལ་པོའི་མཁར་གྲོང་དང་གེ་སར་རིག་གནས་ཀྱི་རྒྱུད་འཛིན་སྲུང་སྐྱོང་བྱེད་པ”“དཀར་མཛེས་གེ་སར་རིག་གནས་དང་དབུལ་སྐྱོར་གནད་སྨིན་གྱི་གྲོང་ཚོ་བརྒྱའི་ཐོན་ལས་རྟེན་གཞི”“དང་གཟུགས་མེད་རིག་གནས་ཤུལ་བཞག་མཐོང་རྒྱའི་ནང་གི་གེ་སར་རིག་གནས་ཀྱི་རྒྱུད་འཛིན་དང་སྲུང་སྐྱོང”སོགས་ཀྱི་བརྗོད་དོན་གཙོ་བོའི་གཏམ་བཤད་བྱས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1