སི་ཁྲོན་དཀར་མཛེས་རྫོང་གེ་སར་རྒྱལ་པོའི་མཁར་རྫོང་གི་ཡུལ་སྐོར་ཚོང་གཉེར་དང་སྐབས་གཉིས་པའི“འབྲུག་མོས་སྟོན་བསུ་དུས་སྟོན”གྱི་མང་ཚོགས་རིག་རྩལ་བྱ་འགུལ་འགོ་བརྩམས་པ།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 09-19



             ཟླ་9པའི་ཚེས་16ཉིན། སི་ཁྲོན་དཀར་མཛེས་རྫོང་གེ་སར་རྒྱལ་པོའི་མཁར་རྫོང་གི་ཡུལ་སྐོར་ཚོང་གཉེར་དང་ཀྲུང་གོའི་དཀར་མཛེས་ཀྱི་སྐབས་གཉིས་པའི“འབྲུག་མོས་སྟོན་བསུ་དུས་སྟོན”གྱི་མང་ཚོགས་རིག་རྩལ་བྱ་འགུལ་གེ་སར་རྒྱལ་པོའི་མཁར་རྫོང་ནས་དངོས་སུ་འགོ་བརྩམས།
སྒོ་འབྱེད་མཛད་སྒོའི་སྟེང་གི་རིག་རྩལ་འཁྲབ་སྟོན།
             ཉིན་དེའི་སྔ་དྲོར་སྤྱི་ཚོགས་ལས་རིགས་སོ་སོའི་མགྲོན་པོ་དང་ལས་བྱེད་མང་ཚོགས་རྣམས་རྫོང་མཁར་གྱི་ཐང་ཆེན་དུ་འཛོམས་ཏེ། མཉམ་དུ་གཟབ་རྒྱས་ལྡན་པའི་སྒོ་འབྱེད་མཛད་སྒོའི་རིག་རྩལ་འཁྲབ་སྟོན་ལ་གཟིགས་མོ་གནང་། འཁྲབ་སྟོན་རྣམས《སྣ་མང་གི་དཀར་མཛེས》དང《རྨི་ལམ་ནང་རྒྱལ་པོའི་རྫོང་མཁར་དུ་ལོག་པ》 《རེ་སྨོན་སྤུར་བ》བཅས་ཚན་པ་གསུམ་དུ་བགོས་ནས་འཁྲབ་ཚན་23གྱི་བདག་ཉིད་ཅན་དུ་གྲུབ་ཡོད། གཟི་ཉམས་རབ་ཏུ་རྒོད་པའི་མི་རིགས་ཞབས་བྲོ《བཀྲ་ཤིས་པ》ཡིས་འཁྲབ་སྟོན་གྱི་སྒོ་ཕྱེས་ཤིང་། དྲག་པོའི་རོལ་བ་དང་སྤྲོ་སེམས་རབ་ཏུ་འབར་བའི་ཞབས་བྲོ《གེ་སར་རྒྱལ་པོ—རྟ་རྒྱུག་རྒྱལ་འཇོག》གིས་ལྷག་པར་ཡུལ་དངོས་ཀྱི་སྤྲོ་སེམས་ཅིག་ཅར་འཕྱུར་དུ་བཅུག  གླུ་གཞས《རྨི་ལམ་ནང་རྒྱལ་པོའི་རྫོང་མཁར་དུ་ལོག་པ》ཡི་བབ་ཆགས་ཁོད་ཡངས་ཀྱི་གླུ་སྐད་ཀྱིས་ཐང་ཆེན་ཡོངས་སུ་འགེངས་པར་བྱས་ལ། མཉམ་སྡེབ་ཆེན་མོའི་མཁར་རྫོང་གི་བརྗོད་དོན་རོལ་དབྱངས《གེ་སར་རྒྱལ་པོ•རྒྱལ་པོ་དཔའ་བོ》ཞེས་པས་འཁྲབ་སྟོན་ཆ་ཚང་མཐོ་རླབས་ལ་གཏད། ཆུ་ཚོད་གཉིས་རིང་གི་རིག་རྩལ་འཁྲབ་སྟོན་ལ་མཐོ་རླབས་ཡང་ཡང་བསྐྱོམས་པ་དང་། ཡུལ་དངོས་ཀྱི་ཐལ་མོ་རྡེབ་སྒྲ་དང་འབོད་སྒྲ། སྒོ་འཁྱུག་གི་སྒྲ་བཅས་གཅིག་འཇགས་གཅིག་ལངས་བྱས། 
སྒོ་འབྱེད་མཛད་སྒོའི་སྟེང་གི་རིག་རྩལ་འཁྲབ་སྟོན།
             མང་ཚོགས་དེ་ལས་མང་པོ་ཞིག་བྱ་འགུལ་གྱི་ནང་དུ་གཞུག་པར་བྱ་བ་དང་། རིག་གནས་ཡུལ་སྐོར་གོང་འཕེལ་གྱི་འབྲས་རྟགས་མཉམ་སྤྱོད་བྱ་བའི་ཆེད་དུ། དུས་ཡུན་ཉིན་4རིང་གི་བྱ་འགུལ་ནང་དཀར་མཛེས་རྫོང་གིས“གེ་སར་རིག་གནས་དཀར་མཛེས་སུ་ཡོད”ཅེས་བྱ་བའི་ཆེད་མཁས་པའི་ཞིབ་འཇུག་དཔྱད་གླེང་ཚོགས་འདུ་ཡང་སྐོང་འཚོགས་བྱ་རྒྱུ་ཡིན་པ་སྟེ། རྒྱལ་ཁབ་ཕྱི་ནང་དུ་སྙན་པའི་གྲགས་པ་རྒྱས་པའི་གེ་སར་རིག་གནས་ཆེད་མཁས་པ་དང་ཉམས་ཞིབ་པ་27གདན་དྲངས་ཏེ། དཀར་མཛེས་རྫོང་དུ་ལྷན་འཛོམས་བྱས་ནས་ཐུན་མོང་གིས་གེ་སར་རིག་གནས་ཀྱི་སྙིང་བོར་རྟོག་ཞིབ་བྱ་རྒྱུ་རེད། “གེ་སར་རྒྱལ་པོའི་རྫོང་མཁར་དུ་འཛོམས་ནས་སེང་ལྕམ་འབྲུག་མོ་འཚོལ་བ”ཞེས་པའི་སྐབས་དང་པོའི་འབྲུག་མོ་འདེམ་པའི་འགྲན་སྡུར་ཆེན་མོ་དང་སྐབས་གསུམ་པའི་མེ་ཏོག་བཤམས་སྟོན་གྱིས་ཏང་གི་ཉི་འོད་ཀློང་དུ་འཚོས་པའི་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བའི་ཉམས་བཟང་ཕྱིར་བསྟན་ངེས་ཡིན། གེ་སར་རྒྱལ་པོའི་ཟ་འཐུང་རིག་གནས་འགྲེམ་སྟོན་དང་། རྣམ་ཐར་འཁྲབ་སྟོན། མང་ཚོགས་རིག་རྩལ་འཁྲབ་སྟོན། “ང་དང་ང་ཡི་མེས་རྒྱལ”ཞེས་པའི་བརྗོད་དོན་གཙོ་བོའི་སྒོ་འཁྱུག  གེ་སར་IPགསར་གཏོད་བརྩམས་ཆོས་འགྲེམ་སྟོན། ཤང་དང་གྲོང་རྡལ་གྱི་དབུལ་སྐྱོར་ཐོན་རྫས་འགྲེམ་འཚོང་ཚོགས་འདུ་བཅས་ཀྱིས་དཀར་མཛེས་རྫོང་གི་ཟབ་ཅིང་རྒྱ་ཆེ་བབ་ཆགས་ཀྱི་མི་རིགས་རིག་གནས་དང་། གཟི་བརྗིད་དཔལ་མཐོའི་གེ་སར་རིག་གནས། ཡིད་འཕྲོག་རང་ག་བ་མིན་པའི་གླུ་གར་ཞབས་བྲོའི་རིག་གནས། གཟི་མདངས་བསྐལ་བར་སྤྲོ་བའི་དམར་པོའི་རིག་གནས། དང་བ་ཅིག་ཅར་འདྲེན་པའི་ཆོས་ལུགས་རིག་གནས། འཁྲུག་ཆ་དོད་པོའི་ཚོང་ལས་རིག་གནས་བཅས་ཕུན་སུམ་ཚོགས་པོས་ཕྱིར་མངོན་པར་བྱས་ཡོད།
             རྒྱུས་ལོན་བྱས་པར་གཞིགས་ན། 2017ལོའི་ཟླ་7པའི་ཚེས་28ཉིན། དཀར་མཛེས་རྫོང་གིས་རྫོང་ཡོངས་ཀྱི་དབུལ་ཕོངས་གྲོང་ཚོ་128ལ་ཁྱབ་པའི“གཞན་གཏོགས་ས་ཆ”ཐུན་མོང་དཔལ་འབྱོར་དངོས་གཉེར—གེ་སར་རྒྱལ་པོའི་རྫོང་མཁར་དང་གྲོང་བརྒྱའི་ཐོན་ལས་གཞི་ས་འཛུགས་བསྐྲུན་རྣམ་གྲངས་ལག་བསྟར་བྱེད་འགོ་བཙུགས། རྣམ་གྲངས་འདིས“གེ་སར་རིག་གནས”རྨང་རྡོར་བཟུང་ཞིང་། “གྲོང་བརྒྱའི་ཐོན་ལས་གཞི་ས”ཐེག་གཟུགས་སུ་བྱས་ཏེ། རྣམ་གྲངས་སྤྱིའི་མ་དངུལ་སྒོར་དུང་ཕྱུར་6.3བཏང་བ་དང་། སྤྱིའི་རྒྱ་ཁྱོན་མུའུ་1455ལ་ཁང་པ་128བསྐྲུན། ཁང་བ་ཡོད་དོ་ཅོག་གི་རྒྱུ་རྫས་རང་བདག་དཔང་ཡིག་དང་ས་ཞིང་བདག་དབང་གཅིག་གྱུར་གྱིས་རྫོང་རྒྱལ་གཉེར་ཀུང་སིར་ཐོ་འགོད་བྱས་ལ། ས་ཐོག་འཛུགས་བསྐྲུན་བདག་དབང་ལ་དབུལ་ཕོངས་གྲོང་ཚོ་128ལྟར་ཐོ་འགོད་བྱས་ཡོད། གེ་སར་རྒྱལ་པོའི་མཁར་རྫོང་འཛུགས་བསྐྲུན་བྱས་རྗེས། དཀར་མཛེས་ཀྱི་རྩམ་པ་དང་། བོད་ཐུག སྲོལ་རྒྱུན་བོད་ཟས། ནས་ཆང་བསྙལ་མ། ཕྱུར་བ། ཞོ་སོགས་ཟས་ཞིམ་དང་། ཕྲུག་གདན། ཕྲུག་ཞྭ། སྦྲ་གུར། རྡོ་མ་ཎི། ས་རྫ། ཤར་རོང་ཀོ་དམར་སོགས་ལག་བཟོས་དངོས་པོ་ཚང་མ་འདིར་གཅིག་བསྡུས་འགྲེམ་སྟོན་བྱ་རྒྱུ་རེད། ཤ་མོ་སུང་རུང་དང་ཤ་མོ་ཀྲང་ཙི་ཅུང་། དབྱར་རྩྭ་དགུན་འབུ། སྙི་མོ་སོགས་མཐོ་སྒང་གི་རི་སྐྱེས་སྨན་རྩྭ་ཡང་གནས་འདི་ནས་འཛད་སྤྱོད་པ་དང་འབྲེལ་འདྲིས་ངོ་མ་མངོན་དུ་གྱུར་ཏེ། དབུལ་ཕོངས་མང་ཚོགས་ལ་ཁེ་ཕན་ཆེས་ཆེ་བ་རེག་ཏུ་འཇུག་ཐུབ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1