ཟླ་9ཚེས་17ཉིན། ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཅིག་པས་སྐྲུན་འགན་འཁུར་བའི་ཁྲོན་བོད་ལྕགས་ལམ་ལྷ་ཉིང་ལམ་དུམ་གྱི་ལྕགས་ལམ་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་གོང་པོ་རིའི་ཕུག་ལམ་བསྒྲལ་ནས་ཀླུང་ཆུ་ཟམ་ཆེན་བར་བཏིང་ཟིན་པ་དེ་ཐོག་ནས་ལྷ་ཉིང་ལྕཌ་ལམ་གྱི་ལམ་རྒྱུད་ཧྲིལ་པོའི་ལྕཌ་ལམ་སྤྱི་ལེ་100འདིང་བའི་ལས་འགན་ལེཌ་གྲུབ་ཟིན་པ་དང་། ལས་འགན་ཧྲིལ་པོའི་25%ལེགས་གྲུབ་ཟིན་པ་མཚོན་ནས་འཆར་གཞིའི་ལས་ཡུན་ལས་ཉིན་14སྔོན་ལ་ལེཌ་གྲུབ་བྱུང་ཞིང་། འདི་ནི་ཀླུང་ཆུ་ཟམ་ཆེན་གྱི་ཟམ་སྣེ་འདིང་བའི་གནས་ཚུལ་ཡིན་པ།
ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་བསུ་བ་ཞུ་ཆེད། ཟླ་9ཚེས་18ཉིན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྗེ་འབུམ་སྒང་སྡེ་ཁུལ་བདེ་གསལ་སྒོ་རའི་ལྷབ་ལྷུབ་ཏུ་གཡོ་བའི་རྒྱལ་དར་འོག་ཏུ། “སྡོད་ཁང་གི་ལོ་རྒྱུས་ལ་ཕྱིར་དྲན། ཁྱིམ་ཚང་གི་ལོ་རྒྱུས་གླེང་བ། འགྱུར་ལྡོག་ཆེན་པོ་བརྗོད་པ། ཏང་གི་བཀའ་དྲིན་ཚོར་བ”བཅས་བརྗོད་དོན་གཙོ་བོར་བྱས་པའི་བྱེད་སྒོ་ཚ་ཚ་འུར་འུར་ངང་སྤེལ་ཞིང་། བགྲེས་སོང་ཚོས་སྒོ་ར་ཆེན་པོ་དང་ཁྱིམ་ཚང་གི་སྔ་དེང་གི་སྐོར་ལྷུག་པོར་གླེང་བ་དང་། ད་དུང་རྒྱལ་དར་སྒྲེང་བ་དང་། བོད་གསར་རྙིང་བསྡུར་བའི་པར་རིས་འགྲེམས་སྟོན་ལ་ལྟ་བ། སྒོར་གཞས་འཁྲབ་པ་སོགས་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་རྒྱལ་སྟོན་དུས་ཆེན་ལ་མཉམ་དུ་བསུ་བ་ཞུས་པ་རེད། འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།