༄༅།། རྒྱ་ཡིག་གི་ཏུན་ཧོང་གཏེར་ཡིག་《གཏན་ཚིགས་རིག་པའི་བསྟན་བཅོས་ལྟར་སྣང་སོ་གསུམ་མ་》ཡི་བོད་འགྱུར་དང་ཕྲན་དཔྱད།
ཀརྨ་འབུམ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 09-24
ཀརྨ་འབུམ།
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་རྒྱ་ཡིག་གི་གཏན་ཚིགས་རིག་པའི་བསྟན་བཅོས་ལྟར་སྣང་སོ་གསུམ་མ་འདི་ནི་ཏུན་ཧོང་གི་ཡིག་ཚགས་p.3024ཡིན་ཞིང་། འདི་ཉིད་བོད་འགྱུར་གྱི་གོ་རིམ་ཁྲོད་དུ། བསྟན་འགྱུར་དུ་བཞུགས་སུ་གསོལ་བའི་རྒྱ་ནག་ནས་འགྱུར་བའི་རིགས་འཇུག་དང་སྒོ་ཀུན་ནས་བསྟུན་ཅི་ཐུབ་བྱས་ཏེ་བསྒྱུར་བ་ཡིན་ཅིང་། རྒྱ་གར་ནས་འགྱུར་བའི་རིགས་སྒོ་དང་ཀུན་བཏུས་རང་འགྲེལ་དང་རིགས་ཐིགས་ལའང་མཚམས་མཚམས་སུ་བསྟུན་ཡོད། གཞུང་དངོས་ལ་གོ་བསྡུར་དཔྱད་གསུམ་བརྒྱུད། བསྟན་བཅོས་འདི་ཉིད་ནི་རིགས་འཇུག་ལས་བཏུས་ཤིང་། སྦྱོར་བའི་མཚམས་སྦྱོར་གྱི་ཐད་སོར་ཁེའི་ཅི་ཡི་འགྲེལ་ཆེན་གཞིར་བཟུང་བའི་ར་འཕྲོད་བྱུང་། གཞུང་འདིའི་གཙོ་བོ་ནི་རྟགས་སྐྱོན་14དང་ཕྱོགས་སྐྱོན་9 དཔེ་སྐྱོན་10བཅས་ལྟར་སྣང་33ལས་གྲུབ་པ་ཞིག་ཡིན་མོད་ཀྱང་།ཕྱོགས་ཆོས་དགུ་དང་། ཚུལ་གསུམ་གྱི་སྐོར་ཡང་བསྣན་པ་སྲོལ་འདི་ནི་ཉི་ཧོང་གི་དུས་རབས་རིམ་བྱུང་གི་གཏན་ཚིགས་རིག་པའི་བསྟན་བཅོས་ལྟར་སོ་གསུམ་མའི་སྐོར་གྱི་དེབ་24ལྷག་བྱུང་ཡོད་པའི་སྲོལ་དང་ཡང་ཅུང་མཐུན་པའི་སྐོར་བརྗོད་ཡོད།
[བརྡ་ཆད་གཙོ་བོ།] གཏན་ཚིགས་རིག་པའི་བསྟན་བཅོས་ལྟར་སྣང་སོ་གསུམ་མ། རྒྱ་ཡིག་གི་ཏུན་ཧོང་གཏེར་ཡིག བོད་འགྱུར།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] G256.1
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2017-03-0094-08
དང་པོ། ཡིག་ཚགས་ངོ་སྤྲོད།
ཀ ད་ལྟ་ཧྥ་རན་སིའི་པ་ལེ་དཔེ་མཛོད་ཁང་དུ་ཉར་ཡོད་པའི་རྒྱ་ཡིག་གི་ཏུན་ཧོང་གཏེར་ཡིག་འདིའི་ཨང་རྟགས་ནི་p.3024ཡིན་ཞིང་། དེ་ནི་མདུན་རྒྱབ་གཉིས་སུ་ཡིག་ཆ་བཞི་རེ་ཡོད་ཅིང་ཞེང་ལ་ལི་སྨིས་25དང་མཐའ་ལ་ལིས་སྨིས་263ཡོད་པའི་ཡིག་ཚགས་ཤིག་ཡིན། དེའི་སྟེང་མདུན་ངོས་སུ་བསྟན་བཅོས་ཁ་མི་ཚང་བ་བཞི་དང་། རྒྱབ་ངོས་སུའང་།དོན་དག་ཅིག་ཐག་གཅོད་པའི་ཟིན་བྲིས་ཤིག་ལས་གཞན་ད་དུང་བསྟན་བཅོས་ཁ་མི་ཚང་བ་གཉིས་ཡོད། ཁ་ཚང་བ་ནི་གཏན་ཚིགས་རིག་པའི་བསྟན་བཅོས་འདི་ཁོ་ནའོ།།
ཁ། ལྟར་སྣང་སོ་གསུམ་མའི་གཞུང་འདི་ནི་ནང་དོན་གསུམ་གྱིས་གྲུབ་པ་ཞིག་སྟེ། རྟགས་དཔེ་ཕྱོགས་གསུམ་གྱི་སྐྱོན་བསལ་བ་དང་། ཚུལ་གསུམ་གྱི་ཁྱབ་པ་ལེན་ཚུལ།ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དགུའི་གྲངས་ལེན་པ་བཅས་རེད། གཞུང་འདིར་དབྱེ་བ་རེ་རེར་འགྲེལ་བཤད་ཅི་ཡང་མེད་མོད་ཀྱང་ཚུལ་གསུམ་ཐད་ཀྱི་དབྱེ་བ་ཕུད་ཐམས་ཅད་ལ་མཚན་གཞིའི་དཔེར་བཀོད་འདུག གཞུང་ཧྲིལ་བོར་ཡིག་ཕྲེང་74དང་ཡིག་འབྲུ་1773ཡོད་པ་ལས་སྔོན་གྱི་ཁ་བྱང་དང་མཇུག་གི་བམ་པོའི་གྲངས་ཀྱི་ཕྲེང་བ་གཉིས་ཕུད་པའི་གཞུང་དངོས་ལ་ཡིག་ཕྲེང་72དང་། ཡིག་འབྲུ་1757ཡོད། དེ་ལའང་ཕྱོགས་སྐྱོན་ལ་ཡིག་ཕྲེང་11.5དང་། རྟགས་སྐྱོན་ལ་ཡིག་ཕྲེང་30 དཔེ་སྐྱོན་ལ་ཡིག་ཕྲེང་15ཡོད་པ་དང་། དེ་བཞིན་དུ་ཚུལ་གསུམ་གྱི་སྐོར་ལ་ཡིག་ཕྲེང་3.5ཡོད་ཅིང་། ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དགུའི་སྐོར་ལ་ཡིག་ཕྲེང་13བཅས་ཡོད།
ག བསྟན་བཅོས་འདི་ལ་བོ་ཡེ་ཧྲང་པང་ལགས་ཀྱིས་ཧྲང་ཧྲན་ཏ་ཅོན་ལ་བསྟུན་ནས་ཡིག་ཆ་འདིའི་ཡིག་གཟུགས་དང་ཤོག་བུའི་རྒྱུ་ཆར་གཞིགས་ཏེ་བོད་བཙན་པོའམ་ཡང་ན་ཕྱིས་ཀྱི་དུས་སུ་བྱུང་བར་བཞེད། ②
ང་། གཏན་ཚིགས་ལྟར་སྣང་སོ་གསུམ་ཞེས་པ་ནི།རྟགས་སྐྱོན་ཕྱོགས་སྐྱོན་དཔེ་སྐྱོན་མཉམ་དུ་བསྡུས་པའི་ལྟར་སྣང་བསྟན་པའི་བསྟན་བཅོས་ཤིག་ཡིན་པར་གྲགས་ལ།ཕྱོགས་ཀྱི་གླང་བོས་ལྟར་སྣང་ཉེར་དགུར་དབྱེ་བ་དང་། ཤང་ཀ་ར་སྭ་མི་ན་ ③ལགས་ནས་བཞི་བསྣན་པས་སོ་གསུམ་དུ་རྒྱ་ནག་གི་ལུགས་ལ་གྲགས་ཆེ། གཞུང་འདིར་རྒྱ་ནག་གི་བསྟན་བཅོས་མི་འདུག་མོད་ཀྱང་། ཉི་ཧོང་གི་མཁས་པའི་གཏན་ཚིགས་རིག་པ་སྦྱང་བའི་སྔོན་འགྲོའི་དཔེ་ཆ་ཉག་གཅིག་ཏུ་ཆགས་པར་མ་ཟད། གཏན་ཚིགས་ལྟར་སྣང་སོ་གསུམ་མའི་བསྟན་བཅོས་ཀྱང་མང་པོ་འདུག ཉི་ཧོང་གི་མཁས་པས་མཛད་པའི་གཏན་ཚིགས་རིག་པའི་དཔེ་ཆའི་ཐོ་ཡིག་ལྟར་ན། དུས་རབས་10བ་ནས་20བའི་བར་དུ་མཁས་པ་19ཡི་གཏན་ཚིགས་ལྟར་སྣང་སོ་གསུམ་མའི་སྐོར་གྱི་བསྟན་བཅོས་224བྱུང་ཞིང་། དེ་ལས་བསྟན་བཅོས་18ད་ལྟའང་མཇལ་དུ་ཡོད་སྐད། དེ་དག་ལས་ལིན་ཧའེ་(951ནས་1025བར་)ལགས་ཀྱི་《གཏན་ཚིགས་ལྟར་སྣང་སོ་གསུམ་མའི་སྦྱོར་བ་》ནི་ཆེས་སྔ་ཤོས་སུ་ཆགས་མོད་ཀྱང་། ད་ལྟ་མཇལ་དུ་ཡོད་པ་ནི་ཧེ་ཧོང་ལགས་ཀྱི་《གཏན་ཚིགས་ལྟར་སྣང་སོ་གསུམ་མའི་སྦྱོར་བ་བསྡུས་འགྲེལ་》ཡིན་སྐད།
གཉིས་པ། འགྱུར་གྱི་སྐོར།
ཀ སྤྱིའི་ཆ་ནས་བཤད་ན་བསྟན་འགྱུར་དུ་བཞུགས་སུ་གསོལ་བའི་རྒྱ་ནག་འགྱུར་གྱི་རིགས་པ་ལ་འཇུག་པའི་སྒྱུར་སྟངས་འགྱུར་འདིའི་སྤྱི་ཆིངས་སུ་བཟུང་ཡོད་ཅིང་། དེའི་སྟེང་དུ་སཾསྐྲྀཏའི་འགྱུར་གྱི་རིགས་འཇུག་གམ་ཡོངས་གྲགས་སུ་རིགས་སྒོ་ལའང་གཏུགས་ཡོད། བྱེ་བྲག་ཏུ་མ་ཡིག་གི་རྗོད་ལུགས་དང་བསྟུན་ཅི་ཐུབ་བྱས་ཡོད་ཅིང་། མ་གྲགས་པའི་བརྡ་ཁྱབ་དག་ནི་དོན་སྒྱུར་དང་ཐད་སྒྱུར་ཤུགས་ཆེར་སྤྱད་ཡོད།
ཁ། གཏེར་ཡིག་གི་མ་ཡིག་དང་འགྱུར་ཡིག་གི་སྟེང་ཕྱོགས་སུ་ཨ་རབ་དང་བོད་ཡིག་གི་ཨང་ཀི་༡ནས་༧༤བར་བརྗོད་པ་ནི་མ་ཡིག་གི་ཡིག་ཕྲེང་མཚོན་བྱེད་དུ་ཡིན།འགྱུར་ཡིག་ཏུ་བསྣོར་སྒྱུར་གྱི་སྐབས་སུ་ཡིག་ཕྲེང་གི་དབུར་ཡིག་འབྲུ་ཇི་བཞིན་མ་འཕྲོད་པ་རྣམས་ཕལ་ཆེར་བསྟུན་པ་ཙམ་ལས། ཡོངས་སུ་བསྟུན་པ་ནི་མི་ཡོང་བས་མ་ཡིག་གཞིར་འཇོག་པ་ལས་འོས་མེད།
གསུམ་པ། ལོ་ཙཱ།
1 因明论三十三过
༡ གཏན་ཚིགས་རིག་པའི་བསྟན་བཅོས་ལྟར་སྣང་སོ་གསུམ་མ།
2 宗有九过。一现量相违。如立量云。声是有法。非所闻故宗。
༢ ཕྱོགས་ཀྱི་སྐྱོན་ནི་དགུ་ཡོད། དང་པོ་མངོན་སུམ་གྱིས་བསལ་བ་ནི། དཔེར་ན། སྒྲ་ནི་ཆོས་ཅན། མཉན་བྱ་མ་ཡིན་པའི་ཕྱིར་ཕྱོགས། ཞེས་བརྗོད་པ་ལྟ་བུ།
二比量相 3 违。如立量云。瓶是有法。是常故宗。
གཉིས་པ་རྗེས་དཔག་གིས་ ༣ བསལ་བ་ནི། དཔེར་ན།བུམ་པ་ནི་ཆོས་ཅན། རྟག་པ་ཡིན་པའི་ཕྱིར་ཕྱོགས། ཞེས་བརྗོད་པ་ལྟ་བུ།
三自教相违。 ④ 如胜论师对声论师。 4 立量云。声是有法。为常故宗。
གསུམ་པ་རང་གི་གྲུབ་མཐས་བསལ་བ་ནི། ༤ བྱེ་བྲག་པས་ཚངས་པ་བ་ལ། སྒྲ་ནི་ཆོས་ཅན། རྟག་པའི་ཕྱིར་ཕྱོགས། ཞེས་བརྗོད་པ་ལྟ་བུ། ⑤
四世间相违。如外道对佛弟子。立量云。怀 5 兔是有法。非月故宗。因云。以有体故。如日星等。
བཞི་བ་འཇིག་རྟེན་གྲགས་པས་བསལ་བ་ ⑥ནི། དཔེར་ན་ཕྱི་རོལ་བས་སངས་རྒྱས་པར། རི་བོང་ ༥ འཛིན་པ་ནི་ཆོས་ཅན། ཟླ་བ་མ་ཡིན་པའི་ཕྱིར་ཕྱོགས། རྒྱུ་མཚན་ནི་མཐུན་སྣང་དུ་ཡོད་པའི་ཕྱིར། དཔེར་ན་ཉི་མ་དང་སྐར་མ་ལ་སོགས་བཞིན། ཞེས་བརྗོད་པ་ལྟ་བུ།
五自语相违。如立量云。我 6 母是有法。是其石女故宗。
ལྔ་བ་རང་ཚིག་གིས་བསལ་བ་ནི། དཔེར་ན། བདག་གི་ ༦ མ་ནི་ཆོས་ཅན། མོ་གཤམ་ཡིན་པའི་ཕྱིར་ཕྱོགས། ཞེས་བརྗོད་པ་ལྟ་བུ།
六能别不极成。如佛弟子对数论师。立量 7 云。声是有法。定灭坏故宗。亦名差别。亦名为法。
དྲུག་པ་ཁྱད་ཆོས་མ་གྲུབ་པ་ ⑦ ནི། དཔེར་ན་སངས་རྒྱས་པས་གྲངས་ཅན་པར། ༧ སྒྲ་ཆོས་ཅན། འཇིག་ངེས་ཡིན་པའི་ཕྱིར་ཕྱོགས། ཞེས་བརྗོད་པ་ལྟ་བུ། མིང་གཞན་ཁྱད་པར་གྱི་ཆོས་ཀྱང་ཟེར། ཆོས་ཀྱང་བྱ།
七所别不 8 极成。如数论师对佛弟子。立量云。我是有法。是思故宗。 9 亦名自性。亦有法。
བདུན་པ་ཁྱད་གཞི་མ་ ༨ གྲུབ་པ་ནི། དཔེར་ན་གྲངས་ཅན་པས་སངས་རྒྱས་པར། བདག་ནི་ཆོས་ཅན། སེམས་པ་ཡིན་པའི་ཕྱིར་ཕྱོགས། ཞེས་བརྗོད་པ་ལྟ་བུ། ༩ མིང་གཞན་ངོ་བོ་ཡང་ཟེར། ཆོས་ཅན་ཡང་བྱ།
八俱不极成。如胜论师对佛弟子。立量云。 10 我是有法。以为和合因缘故宗。
བརྒྱད་པ་གཉིས་ཀ་ལ་མ་གྲུབ་པ་ནི། དཔེར་ན་བྱེ་བྲག་པས་སངས་རྒྱས་པར། ༡༠ བདག་ནི་ཆོས་ཅན། རྒྱུ་རྐྱེན་འདུས་ཤིང་རྟེན་ཅིང་འབྲེལ་པར་སྦྱོར་བའི་བྱེད་པ་པོ་ཡིན་པའི་ཕྱིར་ཕྱོགས། ཞེས་བརྗོད་པ་ལྟ་བུ།
九相符极成。如立量云。声 11 是有法。是所闻故宗。
དགུ་བ་ཕན་ཚུན་གྲུབ་པ་ནི། དཔེར་ན། སྒྲ་ ༡༡ ནི་ཆོས་ཅན། མཉན་བྱ་ཡིན་པའི་ཕྱིར་ཕྱོགས། ཞེས་བརྗོད་པ་ལྟ་བུ།
因十四过者。具不成有四。一两俱不成。如 12 胜论师对声论云 ⑧ 。量云。声是有法。无常故宗。因云。眼所见故。
གཏན་ཚིགས་ལ་ལྟར་སྣང་བཅུ་བཞི་ལས། མ་གྲུབ་པ་བཞི་ཡོད། དང་པོ་གཉིས་ཀ་ལ་མ་གྲུབ་པ་ནི། དཔེར་ན་ ༡༢ བྱེ་བྲག་པས་དཔྱོད་པ་བ་ ⑨ ལ། སྒྲ་ནི་ཆོས་ཅན། མི་རྟག་པའི་ཕྱིར་ཕྱོགས། རྒྱུ་མཚན་ནི་མིག་ཤེས་ཀྱི་གཟུང་བྱ་ཡིན་པའི་ཕྱིར། ཞེས་བརྗོད་པ་ལྟ་བུ།
二随一不 13 成。如胜论师对声显论云 ⑩ 。量云。声是有法。无常故宗。因云。所作性故。
གཉིས་པ་གང་རུང་ལ་མ ༡༣ གྲུབ་པ་ནི། དཔེར་ན་བྱེ་བྲག་པས་སྒྲ་མངོན་པར་གསལ་བར་སྨྲ་བ་ ⑾ ལ། སྒྲ་ནི་ཆོས་ཅན། མི་རྟག་པའི་ཕྱིར་ཕྱོགས། རྒྱུ་མཚན་ནི་བྱས་པ་ཉིད་ཀྱི་ཕྱིར། ཞེས་བརྗོད་པ་ལྟ་བུ།
三 14 犹预不成。如立量云。彼所见等是有法。下似有事[火]故宗。因云。似现 15 烟故。[如]厨等。 ⑿
གསུམ་པ ༡༤ ཐེ་ཚོམ་ཟ་ནས་མ་གྲུབ་པ་ནི། དཔེར་ན།ཕ་རོལ་གྱི་མཐོང་བ་ལ་སོགས་ནི་ཆོས་ཅན། ཕར་རྒྱབ་ན་(མེ)འདྲ་བ་ཡོད་པའི་ཕྱིར་ཕྱོགས། རྒྱུ་མཚན་ནི་ ༡༥ དུ་བ་དང་ཆ་འདྲ་བ་མཐོང་བའི་ཕྱིར། ཚང་བང་ལ་སོགས་པ་(བཞིན)ཞེས་བརྗོད་པ་ལྟ་བུ།
四所依不成。如胜论师对经部师。立量云。虚空是有法。 16 实有故宗。因云。德依故。
བཞི་བ་གཞི་མ་གྲུབ་པ་ནི། དཔེར་ན་བྱེ་བྲག་པས་མདོ་སྡེ་བར། ནམ་མཁའ་ནི་ཆོས་ཅན། ༡༦ དངོས་པོར་ཡོད་པའི་ཕྱིར་ཕྱོགས། རྒྱུ་མཚན་ནི་ཡོན་ཏན་བརྟེན་པའི་ཕྱིར། ཞེས་བརྗོད་པ་ལྟ་བུ།
不定有六。
一共不定。如声论对佛弟子。立 17 量云。声是有法。常故宗。因云。心心法所法。所量性故。同喻如虚 18 空。异喻如瓶等。
མ་ངེས་པའི་གཏན་ཚིགས་དྲུག་ཡོད།
དང་པོ་ཐུན་མོང་བའི་མ་ངེས་པ་ནི། དཔེར་ན་དཔྱོད་པ་བས་སངས་རྒྱས་པ་ལ། ༡༧ སྒྲ་ནི་ཆོས་ཅན། རྟག་པའི་ཕྱིར་ཕྱོགས། རྒྱུ་མཚན་ནི་སེམས་སེམས་བྱུང་གི་གཞལ་བྱ་ཡིན་པའི་ཕྱིར། མཐུན་དཔེར་ ༡༨ ནམ་མཁའ་དང་། མི་མཐུན་དཔེར་བུམ་པ་ལ་སོགས། ཞེས་བརྗོད་པ་ལྟ་བུ།
二不共不定。如声论对违胜论 ⒀ 。立量云。声是有 19法。常宗。因云。耳所闻性故。同喻如虚空。异喻如瓶等。
གཉིས་པ་ཐུན་མོང་མ་ཡིན་པའི་མ་ངེས་པ་ནི། དཔེར་ན་དཔྱོད་པ་བས་བྱེ་བྲག་པར། སྒྲ་ནི་ ༡༩ ཆོས་ཅན། རྟག་པའི་ཕྱིར་ཕྱོགས། རྒྱུ་མཚན་ནི་རྣ་ཤེས་ཀྱི་མཉན་བྱ་ཡིན་པའི་ཕྱིར། མཐུན་དཔེར་རྟག་པ་དང་། མི་མཐུན་དཔེར་བུམ་པ་ལ་སོགས། ཞེས་བརྗོད་པ་ལྟ་བུ།
三 20 同分异全不定。如立量云。声是有法。非勤勇无间所发故宗。 21 因云。无常性故。同喻如电空等。异喻如瓶等。
གསུམ་པ ༢༠ མཐུན་ཕྱོགས་ལ་ཕྱོགས་གཅིག་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་མ་ངེས་པ་ནི། ⒁དཔེར་ན། སྒྲ་ནི་ཆོས་ཅན། རྩོལ་བྱུང་མ་ཡིན་པའི་ཕྱིར་ཕྱོགས། ༢༡ རྒྱུ་མཚན་ནི་མི་རྟག་པའི་ཕྱིར། མཐུན་དཔེར་གློག་དང་ནམ་མཁའ། མི་མཐུན་དཔེར་བུམ་པ་ལ་སོགས། ཞེས་བརྗོད་པ་ལྟ་བུ།
四异分同全不[定]。如声显 22 论对声生论。立量云。声是有法。勤勇无间所发故宗。因云。无常性 23 故。同喻如瓶等。异[喻]如电空等。 ⒂
བཞི་བ་མི་མཐུན་ཕྱོགས་ལ་ཕྱོགས་གཅིག་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་མ་(ངེས་པ)ནི། དཔེར་ན་ ༢༢ སྒྲ་མངོན་པར་གསལ་བར་སྨྲ་བས་སྒྲ་སྐྱེ་བར་སྨྲ་བ་ལ། ⒃ སྒྲ་ནི་ཆོས་ཅན། རྩོལ་བྱུང་ཡིན་པའི་ཕྱིར་ཕྱོགས། རྒྱུ་མཚན་ནི་མི་རྟག་པའི་༢༣ ཕྱིར།མཐུན་དཔེར་བུམ་པ་ལ་སོགས་དང་། མི་མཐུན་(དཔེར)གློག་དང་ནམ་མཁའ་ལ་སོགས། ཞེས་བརྗོད་པ་ལྟ་བུ།
五俱品一分转不定。如声论对胜论 24 师。立量云。声是有法。常故宗。因云。无质碍故。同喻如虚空(极) ⒄ 微等。 25因云。于虚空有于极微无。 异喻如瓶乐等。因于乐等有于瓶等无。
ལྔ་བ་གཉིས་ཀའི་ཕྱོགས་རེ་ལ་འཇུག་པའི་མ་ངེས་པ་ནི། དཔེར་ན་དཔྱོད་པ་བས་བྱེ་བྲག ༢༤ པར། སྒྲ་ནི་ཆོས་ཅན། རྟག་པའི་ཕྱིར་ཕྱོགས། རྒྱུ་མཚན་ནི་ཐོགས་པ་མེད་པའི་ཕྱིར། མཐུན་དཔེར་ནམ་མཁའ་དང་(རྡུལ)ཕྲ་རབ་ལ་སོགས་དང་།༢༥ རྒྱུ་མཚན་ནི་ནམ་མཁར་ཡོད་ཅིང་རྡུལ་ཕྲ་རབ་ལ་མེད། མི་མཐུན་དཔེར་བུམ་པ་དང་བདེ་བ་ལ་སོགས། ཞེས་བརྗོད་པ་ལྟ་བུ། རྒྱུ་མཚན་ནི་བདེ་བ་ལ་སོགས་པར་ཡོད་ཅིང་བུམ་པ་ལ་སོགས་པར་མེད།
六相违决定不定。如胜论师 26 对声生论。立量云。声是有法。无常故宗。因云。所作性故。同喻如瓶等。 27 声生对胜论。立量云。声是有法。常故宗。因云。所闻性故。同喻如声 28 性。
དྲུག་པ་འགལ་བ་མི་འཁྲུལ་བའི་མ་ངེས་པ་ནི། དཔེར་ན་བྱེ་བྲག་པས་ ༢༦ སྒྲ་སྐྱེ་བར་སྨྲ་བར། སྒྲ་ནི་ཆོས་ཅན། མི་རྟག་པའི་ཕྱིར་ཕྱོགས། རྒྱུ་མཚན་ནི་བྱས་པའི་ཕྱིར། མཐུན་དཔེར་བུམ་པ་ལ་སོགས། ཞེས་བརྗོད་པ་ལྟ་བུ། ༢༧ སྒྲ་སྐྱེ་བར་སྨྲ་བས་བྱེ་བྲག་པར། སྒྲ་ནི་ཆོས་ཅན། རྟག་པའི་ཕྱིར་ཕྱོགས། རྒྱུ་མཚན་ནི་མཉན་བྱ་ཡིན་པའི་ཕྱིར། མཐུན་དཔེར་སྒྲ་ ༢༨ ཉིད་བཞིན། ཞེས་བརྗོད་པ་ལྟ་བུ།
相违有四。
一法自相相违因。如声生论立量云。声是有法。常 29故宗。因云。所作性故。同喻如虚空。异喻如瓶等九句因中第四句也。应 30 为相违量云。声是有法。无常故宗。因云。所作性故。譬如瓶。
འགལ་བ་ལ་བཞི་ཡོད། དང་པོ་ཆོས་ཀྱི་ངོ་བོ་དང་འགལ་བའི་གཏན་ཚིགས་ནི། དཔེར་ན་སྒྲ་སྐྱེ་བར་སྨྲ་བས།སྒྲ་ནི་ཆོས་ཅན། རྟག་པའི་ ༢༩ ཕྱིར་ཕྱོགས། རྒྱུ་མཚན་ནི་བྱས་པའི་ཕྱིར། མཐུན་དཔེར་ནམ་མཁའ་དང་མི་མཐུན་དཔེར་བུམ་པ་ལ་སོགས། ཞེས་བརྗོད་པ་ལྟ་བུ། ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དགུའི་ནང་གི་བཞི་བ་ཡིན།༣༠ འགལ་བའི་གཏན་ཚིགས་ལ། སྒྲ་ནི་ཆོས་ཅན། མི་རྟག་པའི་ཕྱིར་ཕྱོགས། རྒྱུ་མཚན་ནི་བྱས་པའི་ཕྱིར། དཔེར་ན་བུམ་པ་བཞིན། ཞེས་བརྗོད་པ་ལྟ་བུ།
二法 31 差别相违因。如数论师对佛弟子。立量云。眼等是有法。必 32 为他用故宗。因云。积聚性故。同喻如卧具等。陈那等与作相违量 33 云。眼等是有法。必积聚他受用胜故宗。因云。积聚性故。如卧具 34 等。异喻如龟毛。
གཉིས་པ་ ༣༡ ཆོས་ཀྱི་ཁྱད་པར་དང་འགལ་བའི་གཏན་ཚིགས་ནི། གྲངས་ཅན་པས་སངས་རྒྱས་པར། མིག་ལ་སོགས་པ་ནི་ཆོས་ཅན། གཞན་དོན་བྱེད་ངེས་ ༣༢ པའི་ཕྱིར་ཕྱོགས། འདུགས་བསགས་ཡིན་པའི་ཕྱིར། མཐུན་དཔེར་མལ་སྟན་ལ་སོགས་བཞིན། ཞེས་བརྗོད་པ་ལྟ་བུ། ཕྱོགས་གླང་ལ་སོགས་པས་འགལ་བའི་གཏན་ཚིགས་ ༣༣ ལ། མིག་ལ་སོགས་པ་ནི་ཆོས་ཅན། འདུས་བསགས་གཞན་གྱི་ངེས་པར་དུ་ལོངས་སྤྱོད་བྱ་ཡིན་པའི་ཕྱིར་ཕྱོགས། རྒྱུ་མཚན་ནི་འདུས་བསགས་ཡིན་པའི་ཕྱིར། དཔེར་ན་མལ་སྟན་ ༣༤ ལ་སོགས་བཞིན། མི་མཐུན་དཔེར་རུས་སྦལ་གྱི་སྤུ་བཞིན་ནོ།། ཞེས་བརྗོད་པ་ལྟ་བུ།
三有法自相相违因。如胜[论]师对五顶子。立量云。 35 有性是有法。非实非德非业故宗。因云。有一实故。有德业故。 36 如同异性。陈那等与作相违量云。所言有性应非有性。有一 37 实故。有德业故。如同异性。
གསུམ་པ་ཆོས་ཅན་གྱི་ངོ་བོ་དང་འགལ་བའི་གཏན་ཚིགས་ནི། དཔེར་ན་བྱེ་བྲག་(པ)ཡིས་རྩེ་ལྔ་བ་ ⒅ལ། ༣༥ ཡོད་པ་ཉིད་ནི་ཆོས་ཅན། རྫས་དང་ཡོན་ཏན་ལས་མ་ཡིན་པའི་ཕྱིར་ཕྱོགས།༣༦ རྒྱུ་མཚན་ནི་རྫས་གཅིག་ཡོད་པའི་ཕྱིར། ཡོན་ཏན་དང་ལས་ཡོད་པའི་⒆ ཕྱིར། དཔེར་ན་མི་མཐུན་པ་ཉིད་བཞིན། ཕྱོགས་གླང་སོགས་ཀྱིས་འགལ་རྟགས་བརྗོད་པར། ཡོད་པ་ཉིད་དུ་བརྗོད་པ་ནི་ཡོད་པ་ཉིད་མ་ཡིན་ཏེ། རྫས་གཅིག་ ༣༧ ཡོད་པའི་ཕྱིར། ཡོན་ཏན་གྱི་ལས་ཡོད་པའི་ཕྱིར། དཔེར་ན་མི་མཐུན་པ་ཉིད་བཞིན། ཞེས་བརྗོད།
四有法差别相违因。亦如胜论。立量 38 云。有性是有法。作有缘性非实非德业故宗。因云。有一实故。有[德]业 39 故。如同异性。与作相违量云。有性【性】应作非大有。有缘性有一实 40 故。有[德]业故。如同异性。为作相违量云。有性性应作非大有。有 41 缘性有一实故。有德业故。[如]同异性。
བཞི་བ་ཆོས་ཅན་གྱི་ཁྱད་པར་དང་འགལ་བའི་གཏན་ཚིགས་ནི། ཡང་བྱེ་བྲག་པས། ༣༨ ཡོད་པ་ཉིད་ནི་ཆོས་ཅན། དམིགས་པ་ཉིད་རྫས་དང་ཡོད་ཏན་གྱི་ལས་མ་ཡིན་པའི་ཕྱིར་ཕྱོགས། རྒྱུ་མཚན་ནི་རྫས་གཅིག་ཡོད་པའི་ཕྱིར། ཡོན་ཏན་གྱི་ལས་ཡོད་པའི་ ༣༩ ཕྱིར། དཔེར་ན་མི་མཐུན་པ་ཉིད་བཞིན། འགལ་བའི་གཏན་ཚིགས་ལ། ཡོད་པ་ཉིད་(ཉིད)ཡོད་པ་ཆེན་པོ་མ་ཡིན། དམིགས་པ་ཉིད་ལ་རྫས་གཅིག་ཡོད་པའི་ ༤༠ ཕྱིར། ཡོན་ཏན་གྱི་ལས་ཡོད་པའི་ཕྱིར། དཔེར་ན་མི་མཐུན་པ་ཉིད་བཞིན། འགལ་བའི་གཏན་ཚིགས་ལ།ཡོད་པ་ཉིད་ཡོད་པ་ཆེན་པོ་མ་ཡིན་ཏེ། དམིགས་པ་ཉིད་༤༡ རྫས་གཅིག་པའི་ཕྱིར། ཡོན་ཏན་བརྟེན་པའི་ཕྱིར། དཔེར་ན་མི་མཐུན་པ་ཉིད་བཞིན།
喻有十过。且同喻五过。一 42 能立[法]不成。如声论师对胜论师。立量云。声是有法。常故宗。因 43 云。无质碍故。同喻如极微。
དཔེ་སྐྱོན་ལ་བཅུ་ཡོད་ཅིང་། མཐུན་དཔེའི་སྐྱོན་ལྔ་ཡོད། དང་པོ་ ༤༢ སྒྲུབ་བྱེད་(ཆོས)མ་གྲུབ་པ་ནི། དཔེར་ན་དཔྱོད་པ་བས་བྱེ་བྲག་པར། སྒྲ་ནི་ཆོས་ཅན། རྟག་པའི་ཕྱིར་ཕྱོགས། རྒྱུ་མཚན་ ༤༣ ནི་ཐོགས་མེད་ཡིན་པའི་ཕྱིར། དཔེར་ན་རྡུལ་ཕྲ་རབ་བཞིན། ཞེས་བརྗོད་པ་ལྟ་བུ།
二所立法不成。如立量云。声是有[法。] 44 常故宗。因云。无质碍故。同喻如觉觉者即一切心心所总名。
གཉིས་པ་བསྒྲུབ་བྱའི་ཆོས་མ་གྲུབ་པ་ནི། སྒྲ་ནི་( ཆོས) ༤༤ཅན། རྟག་པའི་ཕྱིར་ཕྱོགས། ཐོགས་པ་མེད་པའི་ཕྱིར། མཐུན་དཔེར་ཚོར་བ་བཞིན། ཞེས་བརྗོད་པ་ལྟ་བུ། ཚོར་བ་ནི་སེམས་དང་སེམས་བྱུང་ཀུན་གྱི་སྤྱི་མིང་ངོ་།།
三俱不成。如立量云。 45 声是有法。常故宗。因云。无质碍故。同喻如瓶。有俱不成。若同喻 46 如虚空。对无空论。无俱[不]成。
གཉིས་ཀ་ལ་མ་གྲུབ་པ་ནི། ༤༥ སྒྲ་ནི་ཆོས་ཅན། རྟག་པའི་ཕྱིར་ཕྱོགས། རྒྱུ་མཚན་ནི་ཐོགས་བཅས་ཡིན་པའི་ཕྱིར།མཐུན་དཔེར་བུམ་པ་བརྗོད་པ་ལྟ་བུ། གཉིས་ཀ་ལ་མ་གྲུབ་པ་གྲུབ། གལ་ཏེ་མཐུན་དཔེར་ ༤༦ ནམ་མཁའ་ལྟ་བུ་བཀོད་ཚེ།ནམ་མཁའ་མི་འདོད་མཁན་ལ་ལྟོས་ནས་གཉིས་ཀ་ལ་(མ)གྲུབ་པ་མི་འགྲུབ།
四无合。立量云。声是有法。无常故。因云。 47 所作性故。同喻如瓶等。不合云诸所作者是皆无常。故是无合也。
བཞི་བ་མ་སྦྱར་བ་ནི། སྒྲ་ནི་ཆོས་ཅན། མི་རྟག་པའི་ཕྱིར། ༤༧ རྒྱུ་མཚན་ནི་བྱས་པའི་ཕྱིར། མཐུན་དཔེར་བུམ་པ་ལ་སོགས་ཞེས་བརྗོད་པ་ལྟ་བུ། མི་སྦྱོར་བ་ཞེས་པ་ནི། གང་དག་བྱས་པ་ཐམས་ཅད་མི་རྟག་གོ་ཅེས་པས་ན། མ་སྦྱར་བའོ།།
48 五倒合。如立量云。声是有法。无常故。宗。因云。所作性故。而倒云 49 诸无常者皆是性作。
༤༨ ལྔ་བ་ཕྱིན་ཅི་ལོག་ཏུ་སྦྱར་བ་ནི། སྒྲ་ནི་ཆོས་ཅན། མི་རྟག་པའི་ཕྱིར་ཕྱོགས། རྒྱུ་མཚན་ནི་བྱས་པའི་ཕྱིར་ཞེས་བརྗོད་པ་ལྟ་བུ། ཕྱིན་ཅི་ལོག་ཅེས་པ་ནི། གང་དག་མི་རྟག་པ་ཐམས་ཅད་ནི་བྱས་( སོ )ཞེས་པའོ།།
异喻五过。一所立不遣。如立量云。声是有法。 50 常故宗。因云。无质碍故。同喻如虚空。异喻如极微。
མི་མཐུན་དཔེའི་སྐྱོན་ལྔ་ཡོད། དང་པོ་བསྒྲུབ་པར་བྱ་བའི་ཆོས་ལྡོག་པ་མེད་པ་ནི། སྒྲ་ནི་ཆོས་ཅན། ༥༠ རྟག་པའི་ཕྱིར་ཕྱོགས། རྒྱུ་མཚན་ནི་ཐོགས་མེད་ཡིན་པའི་ཕྱིར། མཐུན་དཔེར་ནམ་མཁའ་དང་། མི་མཐུན་དཔེར་རྡུལ་ཕྲ་རབ་ཅེས་བརྗོད་པ་ལྟ་བུའོ།།
二能立 51 不遣。亦如声论对胜论。立量云。声是有法。常故宗。因云无 52 质碍。同喻如虚空。如喻业彼说诸业无质碍故。
གཉིས་པ་སྒྲུབ་བྱེད་ ༥༡ ལྡོག་པ་མེད་པ་ནི། ཡང་ཚངས་པ་བས་བྱེ་བྱག་པར། སྒྲ་ནི་ཆོས་ཅན། རྟག་པའི་ཕྱིར་ཕྱོགས། རྒྱུ་མཚན་ནི་ཐོགས་མེད ༥༢ ཡིན་ཏེ། མཐུན་དཔེར་ནམ་མཁའ་དང་། མི་མཐུན་དཔེར་ལས་གཞན་གྱི་ལས་ནི་ཐོགས་མེད་ཡིན་པའི་ཕྱིར། ཞེས་བརྗོད་པ་ལྟ་བུ།
三俱不遣。如声论师对 53 娑婆宗。立量云。声是有法。常故宗。因云。无质碍故。异喻 54 如虚空。གསུམ་པ་གཉིས་ཀ་ལྡོག་པ་མེད་པ་ནི།
ཚངས་བ་བས་ ༥༣མི་མཇེད་པ་ལ་སྒྲ་ནི་ཆོས་ཅན། རྟག་པའི་ཕྱིར་ཕྱོགས། རྒྱུ་མཚན་ནི་ཐོགས་མེད་ཡིན་པའི་ཕྱིར། མི་མཐུན་དཔེར་ ༥༤ནམ་མཁའ་ཞེས་བརྗོད་པ་ལྟ་བུ།
四不离。如前比量而不离。云诸无常者皆非 55 质碍故无离也。
བཞི་བ་ལྡོག་པ་མེད་པ་ནི། རྗེས་དཔག་སྔ་མ་དང་ལྡོག་པ་མེད་པར། གང་མི་རྟག་པ་ཐམས་ཅད་ཐོགས་བཅས་ ༥༥མིན། ཞེས་བརྗོད་པའི་ཕྱིར་ན། དེ་ནི་ལྡོག་པ་མེད་པའོ།།
五倒离。如立量云。声是有法。常故宗。 56 因云。无质碍故。诸无碍皆是常。诸{无 57 碍皆是皆似譬如□□四倒立云诸}[21]质碍者皆是无常。[22]
ལྔ་བ་ལྡོག་པ་ཕྱིན་ཅི་ལོག་ཏུ་སྦྱར་བ་ནི། སྒྲ་ནི་ཆོས་ཅན། རྟག་པའི་ཕྱིར་ཕྱོགས། ༥༦ རྒྱུ་མཚན་ནི་ཐོགས་མེད་ཡིན་པའི་ཕྱིར། གང ༥༧ ཐོགས་མེད་དེ་ནི་རྟག་པའོ།། ཐོགས་བཅས་ཐམས་ཅད་ནི་མི་རྟག་པའོ་ཞེས་བརྗོད་པ་ལྟ་བུ།
论遍是宗法性分三。有是宗法而非遍。有是 58 遍亦宗法。有非遍非宗法。
ཕྱོགས་ཀྱི་ཆོས་ལ་ཁྱབ་པ་ ⒇ ལ་དབྱེ་ན་གསུམ་སྟེ།ཕྱོགས་ཀྱི་ཆོས་ལ་ཡོད་ཀྱང་མ་ཁྱབ་པ། ཕྱོགས་ཀྱི་ཆོས་ལ་༥༨ ཡོད་ཅིང་ཁྱབ་པའང་ཡོད་པ། ཕྱོགས་ཀྱི་ཆོས་མེད་ཅིང་ཁྱབ་པའང་མེད་པ་བཅས་སོ།།
论同品定有性分四。有同品非定有。有定 59 有非同品。有亦定有亦同品。有非同品非定有。
མཐུན་ཕྱོགས་ལ་ཡོད་པར་(21) དབྱེ་ན་བཞི་སྟེ། མཐུན་ཕྱོགས་ལ་འཇུག་ཀྱང་ཁྱབ་བྱེད་དུ་མེད་པ། ཁྱབ་བྱེད་དུ་༥༩ འཇུག་ཀྱང་མཐུན་ཕྱོགས་ལ་འཇུག་པ་མེད་པ། མཐུན་ཕྱོགས་ལ་འཇུག་ཅིང་ཁྱབ་བྱེད་དུའང་ཡོད་པ། མཐུན་ཕྱོགས་ལ་མི་འཇུག་ཅིང་ཁྱབ་བྱེད་དུའང་མེད་པ་བཅས་སོ།།
论异品遍无性分四。 60 有异品非遍无。有遍无非异品。有异品亦遍无。有非异品亦非遍无。
མི་མཐུན་ཕྱོགས་ལ་མེད་པར་དབྱེ་ན་བཞི་སྟེ། ༦༠ མི་མཐུན་ཕྱོགས་ཡོད་ཀྱང་ཁྱབ་མེད་མེད་པ། ཁྱབ་མེད་ཡོད་ཀྱང་མི་མཐུན་ཕྱོགས་མེད་པ། མི་མཐུན་ཕྱོགས་ཡོད་ཅིང་ཁྱབ་མེད་ཀྱང་ཡོད་པ། མི་མཐུན་ཕྱོགས་མ་ཡིན་པ་ཡོད་ཅིང་ཁྱབ་མེད་མ་ཡིན་པའང་ཡོད་པ།
61 第一句。同品有异品有。如声论师立声为常分二 (22)所量性故。如虚空。 62 异喻如瓶等是。
༦༡ དང་པོ་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉི་ག་ལ་ཡོད་པ་ནི། དཔེར་ན། ཚངས་པ་བས་སྒྲ་ནི་རྟག་སྟེ།གཞལ་བྱ་ཡིན་པའི་ཕྱིར། དཔེར་ནམ་མཁའ་བཞིན། ༦༢ མི་མཐུན་དཔེ་བུམ་པ་ལ་སོགས་བཞིན་ཞེས་བརྗོད་པ་ལྟ་བུ།
第二句。同品有异品非有。如胜论师立声无 63 常二。所作性故。同喻如瓶。异喻如虚空 64 是。
གཉིས་པ། མཐུན་ཕྱོགས་ལ་ཡོད་ཅིང་མི་མཐུན་ཕྱོགས་ལ་མེད་པ་ནི། དཔེར་ན། བྱེ་བྲག་པས་སྒྲ་མི་ ༦༣ རྟག་སྟེ། བྱས་པའི་ཕྱིར། མཐུན་དཔེ་བུམ་པ་དང་། མི་མཐུན་དཔེ་ནམ་མཁའ་བཞིན་ ༦༤ ཞེས་བརྗོད་པ་ལྟ་བུ།
第三句。同品有异品有非有。如胜论师立声勤勇二无间所 65 发。无常住故。同喻如瓶异喻如虚空。
གསུམ་པ། མཐུན་ཕྱོགས་ལ་ཡོད་ཅིང་མི་མཐུན་ཕྱོགས་ལ་ཡོད་པ་མ་ཡིན་པ་ནི། དཔེར་ན། བྱེ་བྲག་པས་སྒྲ་ནི་རྩོལ ༦༥ བྱུང་སྟེ། མི་རྟག་པའི་ཕྱིར། མཐུན་དཔེ་བུམ་པ་དངམི་མཐུན་དཔེ་ནམ་མཁའ་བཞིན་ཞེས་བརྗོད་པ་ལྟ་བུ།
第四句。同品非有异品有。如声论师立声 66 为常二。所作性故。同喻如虚空。异喻如瓶等。
བཞི་བ། མི་མཐུན་ཕྱོགས་ལ་མེད་ཅིང་མཐུན་ཕྱོགས་ལ་ཡོད་པ་ནི། དཔེར་ན། ཚངས་པ་བས་སྒྲ་ ༦༦ རྟག་སྟེ། བྱས་པའི་ཕྱིར། མཐུན་ཕྱོགས་ནམ་མཁའ་དང་མི་མཐུན་དཔེ་བུམ་པ་བཞིན་ཞེས་བརྗོད་པ་ལྟ་བུ།
第五句。同品[非]有[25]异品 67 非有。如声论师对佛弟子立声为常二。所闻性故同喻如虚空异喻如瓶等是。
ལྔ་བ། མཐུན་ཕྱོགས་ལ་ཡོད་ཅིང་མི་མཐུན་ཕྱོགས་ལ་ ༦༧ ཡོད་པ་མ་ཡིན་པ་ནི། དཔེར་ན། ཚངས་པ་བས་སངས་རྒྱས་པར་སྒྲ་རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར། མཐུན་དཔེ་ནམ་མཁའ་དང་མི་མཐུན་བུམ་པ་ལ་སོགས་བཞིན་ཞེས་བརྗོད་པ་ལྟ་བུ།
68 第六句。同品非有异品有非有。如声论师立声为常。勤勇无间二所发性故。69同喻如空异喻如电瓶等。
༦༨ དྲུག་པ་ནི། མཐུན་ཕྱོགས་ལ་ཡོད་པ་མ་ཡིན་ཞིང་མི་མཐུན་ཕྱོགས་ལ་ཡོད་པ་མ་ཡིན་པ་ནི། དཔེར་ན། ཚངས་པ་བས་སྒྲ་རྟག་སྟེ། རྩོལ་བྱུང་ཡིན་པའི་ཕྱིར། ༦༩ མཐུན་དཔེ་ནམ་མཁའ་དང་། མི་མཐུན་དཔེ་གློག་དང་བུམ་པ་ལ་སོགས་པ་བཞིན་ཞེས་བརྗོད་པ་ལྟ་བུ།
第七句。同品有非[有]异品有。如声论师立声非勤勇无[间]所 70 发。无常性故。同喻如电空异喻如瓶等。
བདུན་པ། མཐུན་ཕྱོགས་ལ་ཡོད་པ་མ་ཡིན་ཞིང་མི་མཐུན་ཕྱོགས་ལ་ཡོད་པ་ནི། དཔེར་ན། ཚངས་པ་བས་སྒྲ་རྩོལ་བྱུང་མིན་ ༧༠ ཏེ། མི་རྟག་པའི་ཕྱིར། མཐུན་དཔེ་གློག་དང་ནམ་མཁའ་བཞིན། མི་མཐུན་དཔེ་བུམ་པ་ལ་སོགས་བཞིན་ཞེས་བརྗོད་པ་ལྟ་བུ།
第八句。同品有非有异品非有。如声论师 71 立内声是为无常。勤勇无间分二所发性故故同喻如电瓶异喻如虚空。
བརྒྱད་པ། མཐུན་ཕྱོགས་ལ་ཡོད་པ་མ་ཡིན་ཞིང་མི་མཐུན་ཕྱོགས་ལ་མེད་པ་ནི། དཔེར་ན། ཚངས་པ་བས་ ༧༡ སྒྲ་མི་རྟག་སྟེ། རྩོལ་བྱུང་ཡིན་པའི་ཕྱིར། མཐུན་དཔེ་གློག་དང་བུམ་པ་བཞིན། མི་མཐུན་དཔེ་ནམ་མཁའ་བཞིན་ཞེས་བརྗོད་པ་ལྟ་བུ།
72 第九句。同品有非有异品有非有。如声论师对胜论立声为常 73 无二。无质碍故同发及空异喻如瓶乐等是。
དགུ་བ། མཐུན་ཕྱོགས་ལ་ཡོད་པ་མ་ཡིན་ཞིང་མི་མཐུན་ཕྱོགས་ལའང་ཡོད་པ་མ་ཡིན་པ་ནི། དཔེར་ན་ཚངས་པ་བས་བྱེ་བྲག་པར་སྒྲ་རྟག་སྟེ ༧༣ ། ཐོགས་མེད་ཡིན་པའི་ཕྱིར། མི་མཐུན་དཔེ་བུམ་པ་དང་བདེ་བ་སོགས།
74 因明论三十三过 一卷༧༤ གཏན་ཚིགས་རིག་པའི་བསྟན་བཅོས་ལྟར་སྣང་སོ་གསུམ་མ། བམ་པོ་གཅིག
མཆན་འགྲེལ།
① རྩོམ་འདི་ནི་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ཀྲུང་དབྱང་སློབ་ཆེན་ལས་གཞི་ཆོག་མཆན་ཨང་རྟགས་2016SZYQN70དང་། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཁང་གི་ལས་གཞི་ཆོག་མཆན་ཨང་རྟགས་12&ZD110ཡི་དཔྱད་ཞིབ་འབྲས་བུ་གྲས་ཀྱི་གཅིག་ཡིན།
②《གཏན་ཚིགས་རིག་པའི་བྱུང་བ་དང་འཕེལ་རྒྱས》 ཨོ་ཡེ་ཧྲང་པང་གིས་མཛད། གཡང་ཅིན་ཕིན་སོགས་ཀྱིས་བསྒྱུར། ཀྲུང་ཧྭ་དཔེ་མཛོད་དཔེ་སྐྲུན་ཁང་། 2008ལོ། ཤོག་ངོས་296སྟེང་གསལ།
③འདི་ལ་རྒྱ་ནག་སྐད་དུ་商羯罗主ཟེར་ཞིང་། བསྟན་འགྱུར་ཁྲོད་ཀྱི་རྒྱ་ནག་ནས་འགྱུར་བའི་རིགས་སྒོའི་མ་ཡིག་མཛད་པ་བོ་དེ་ཡིན་ཞིང་། བསྟན་འགྱུར་དུ་གཞུང་འདི་ནི་སློབ་དཔོན་ཕྱོགས་གླང་གིས་བྱས་པར་བཀོད་ཡོད། བོད་སྐད་དུ་བདེ་བྱེད་བདག་པོ་ཡིན་ཟེར་མཁན་ཡང་ཡོད་མོད། གལ་ཏེ་བོད་ཡིག་ཏུ་ཡོད་པའི་བདེ་བྱེད་བདག་པོ་དང་བསྡུར་ཚེ་འདི་མི་རབས་འགའ་ཤས་ཀྱིས་སྔ་འདུག སིཏེེནཀེལླནེར་(Stein Kellner)ལགས་ནས་ཀྱང་རྒྱ་ནག་ལུགས་སུ་བཞེད།
④འདི་ལ་བོད་ཀྱི་དགེ་བའི་བཤེས་གཉེན་སྟོན་གཞོན་གྱིས་བསྒྱུར་ཅིང་། ཕྱིས་ཀྱི་སུང་གི་རྒྱལ་པོ་མཐའ་མ་སྟེ། ཀྲའོ་ཞན་ཏེ་ལྷའི་བཙུན་པ་ཆོས་ཀྱི་རིན་ཆེན་གྱིས་རྒྱའི་དཔེ་དང་བོད་ཀྱི་དཔེ་གཉིས་ལ་གཏུགས་ཤིང་ལེགས་པར་བཅོས་པའི་རིགས་འཇུག་དང་། དགེ་སློང་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་བའི་རིགས་སྒོ་གཉིས་ཀ་ན་ཡིད་འཆེས་པས་བསལ་བ་ཞེས་བསྒྱུར་འདུག་མོད་ཀྱང་། འདིར་ཚིག་གི་སྔ་ཕྱི་ལྟར་རང་གི་གྲུབ་མཐས་བསལ་བ་ཞེས་བསྒྱུར་བ་ཡིན་ལ། ཀུན་བཏུས་རང་འགྲེལ་ན་འདི་ལ། ལུང་གིས་བསལ་བ་ཞེས་འདུག རྡོ་རྗེ་རྒྱལ་བོས་བསྒྲིགས་པའི་《ཚད་མ་རིག་པའི་སྐོར་རྒྱ་གཞུང་རྩ་འགྲེལ་བདམ་བསྒྲིག》 དེབ་དང་པོ། མི་རིགས་དཔེ་སྐྲུན་ཁང་། 1989ལོ། ཤ87
⑤ཕྱིས་སུ་དཔལ་ཆོས་ཀྱི་གྲགས་པའི་རིགས་ཐིགས་ན་བསལ་བ་བཞི་ཞེས། རང་གི་གྲུབ་མཐས་བསལ་བའམ་ལུང་གིས་བསལ་བ་འདི་མི་འདུག་སྟེ། གཞུང་དེ་ལས་མངོན་སུམ་དང་། རྗེས་སུ་དཔག་པ་དང་། གྲགས་པ་དང་། རང་གི་ཚིག་རྣམས་ཀྱིས་བསལ་བ་གང་ཡིན་པ་དེ་རྣམས་ཀྱིས་བསལ་བ་གང་ཡིན་པ་དེ་ནི་ཕྱོགས་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་དང་། ཞེས་དང་། ལྟ་བུ་སྟེ་ཕྱོགས་ལྟར་སྣང་བ་བཞི་བསལ་བ་ཡིན་ནོ།། རྡོ་རྗེ་རྒྱལ་བོས་བསྒྲིགས་པའི་《ཚད་མ་རིག་པའི་སྐོར་རྒྱ་གཞུང་རྩ་འགྲེལ་བདམ་བསྒྲིག》 དེབ་དང་པོ། མི་རིགས་དཔེ་སྐྲུན་ཁང་། 1989ལོ། ཤ125-153
⑥རིགས་སྒོ་ན་འདི་ལ་འཇིག་རྟེན་པས་བསལ་བ་ཞེས་འཁོད་འདུག 《བཀའ་བསྟན་དཔེ་བསྡུར་མའི་དེབ་༩༧པ》 ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་། 2002ལོ། ཤ444
⑦རིགས་འཇུག་ཏུ་འདི་དང་འོག་མ་གཉིས་ལ་ཆོས་མ་གྲུབ་པ་དང་ཆོས་ཅན་མ་གྲུབ་པ་ཅེས་བསྒྱུར་འདུག་པ་ནི་བོད་ཀྱི་བརྗོད་སྟངས་གཞིར་བཟུང་བ་ཡིན་མོད་ཀྱང་། འདིར་ཆོས་法དང་ཆོས་ཅན་有法ཡི་སྒྲ་འགྲེལ་བཤད་དུ་དངོས་སུ་ཐོན་ཟིན་པའི་ཕྱིར་ན། འདི་ལྟར་བསྒྱུར་བ་ལས་འོས་མེད། མ་གཏོགས་བཟློས་སྐྱོན་ནམ་མ་ཡིག་དང་མ་བསྟུན་པའི་སྐྱོན་འབྱུང་སྙམ།
⑧⑨འདི་ནི་ཡི་གེ་མ་དག་པ་སྟེ། མ་གཞི་ནི་立量云ཞེས་པ་ཡིན་པར་ཨོ་ཡེ་ཧྲང་པང་གིས་བཞེད་པ་བཞིན་འཐད།
⑩དཔྱོད་པ་བ་ལ་སྤྱོད་པ་བ་ཡང་ཟེར། མིང་གི་རྣམ་གྲངས་ལ་རྒྱལ་དཔོག་པ་ཡང་ཟེར་མཁན་འདུག་མོད་ཀྱང་། ཀརྨ་ཆོས་གྲགས་རྒྱ་མཚོས་མཛད་པའི། རིགས་གཞུང་རྒྱ་མཚོ་རུ། སྤྱོད་པ་བ་རྣམས་ནི་ཡོད་པ་དང་ཡང་དག་པར་ཕྲད་ནས་སྐྱེས་པའི་སྐྱེས་བུའི་དབང་པོ་རྣམས་ཀྱི་བློ་དེ་མངོན་སུམ་མོ་ཞེས་ཟེར་རོ་ཞེས་གསུངས་སོ།། མུ་སྟེགས་དཔྱོད་པ་བ་རྣམས་ཀྱི་ལུགས་ནི་བདག་དང་ཡིད་ཡོད་པ་དང་། དབང་དོན་ཡོད་པ་སོགས་ཡང་དག་པར་ཕྲད་ནས་སྐྱེས་པའི་སྐྱེས་བུའི་དབང་པོའི་བློ་སྐྱེ་བ་གང་ཡིན་པ་དེ་མངོན་སུམ་གྱི་མཚན་ཉིད་ཡིན་ནོ་ཞེས་ཟེར་རོ།། 2012ལོའི་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གི་པར་གྱི་གླེགས་བམ་དང་པོ། ཤ་700ནས་701ན་གསལ། ཞེས་དང་། འོ་ན་དཔྱོད་པ་བ་ཆོས་ཅན། ཁྱེད་ཀྱང་རྒྱལ་དཔོག་པ་དེ་བཞིན་དུ་སྐྱེས་བུ་ཉིད་ཀྱི་རྣམ་པ་འགས་ཀྱང་རིག་བྱེད་དོན་ངེས་ཤེས་པ་དང་ལྡན་པ་འགའ་ཞིག་ཅིས་མི་འདོད་དེ་རིགས་པར་ཐལ། གོང་མཐུན་གླེགས་བམ་གཉིས་པའི་ཤ253ན་གསལ། ཞེས་པ་འདུག འདིའི་ལུགས་ལ་དཔྱོད་པ་བ་དང་སྤྱོད་པ་བ་སོ་སོར་བགར་བར་མ་ཟད། རྒྱལ་དཔོག་པའང་དཔྱོད་པ་བའི་མིང་གི་རྣམ་གྲངས་མིན་ལས་ཆེ།
⑾སྒྲ་མངོན་པར་གསལ་བར་སྨྲ་བ་(ཨབྷིབྱཀྟི)ནི་དཔྱོད་པ་བའི་ནང་གསེས་ཤིག་ཏུ་སྟེ། འདིའི་ལུགས་ལའང་སྒྲ་རྟག་པར་སྨྲ་བཞིན་ཡོད་མོད་ཀྱང་། ལུགས་འདིའི་ཁྱད་ཆོས་གཙོ་བོ་ནི་མངོན་པར་གསལ་གྱི་ཁྱད་པར་ལ་སྒྲ་ནི་མ་གཞི་ནས་རྟག་པར་ཡོད་པར་བཞེད།
⑿འདིའི་[火]དང་[如]གཉིས་གཏེར་ཡིག་གི་མ་ཡིག་ན་མི་འདུག་ཀྱང་། མ་ཏིག་ལགས་ཀྱིས་བཙུད་པ་ལྟར་འཐད་ལ་ཚིག་སྔ་ཕྱི་གུང་བསྒྲིགས་ཀྱང་འཕྲོད་དོ།། དེ་ནི་མ་ཏིག་གིས་བརྩམས་ཤིང་ཚད་མ་ཞེས་པའི་དུས་དེབ་དང་པོའི་སྟེང་བཀོད་པའི་ཏུན་ཧོང་གི་ཤོག་རོར་གྱུར་བའི་གཏན་ཚིགས་རིག་པའི་བསྟན་བཅོས་ལྟར་སྣང་སོ་གསུམ་མ་ངོ་སྤྲོད་ཅེས་པ་རུ་གསལ།
⒀འདི་ལ་ཨོ་ཡེ་ཧྲང་པང་གིས་(除)དང་། མ་ཏིག་གིས་(违)ཞེས་ཀྱང་། ཕྱི་མ་ལྟར་འཐད།
⒁འདི་དང་འོག་མ་གཉིས་ལ་རིགས་སྒོ་ལས། མཐུན་ཕྱོགས་ཀྱི་ཕྱོགས་གཅིག་གིས་ཡུལ་ལ་ཡོད་ལ། མི་མཐུན་ཕྱོགས་ལ་ཁྱབ་པ་དང་། མི་མཐུན་ཕྱོགས་ཀྱི་ཡུལ་གཅིག་ལ་ཡོད་ལ། མཐུན་ཕྱོགས་ལ་ཁྱབ་པ་ཞེས་འདུག 《བཀའ་བསྟན་དཔེ་བསྡུར་མའི་དེབ་༩༧པ》 ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་། 2002ལོ། ཤ446
⒂ འདི་ལ་ཨོ་ཡེ་དང་མ་ཏིག་གཉིས་ཀ་ཁ་མཐུན་པ་བཞིན་འཐད།
⒃སྒྲ་མངོན་པར་གསལ་བར་སྨྲ་བ་ནི་ཨབྷིབྱཀྟི། བདྱ། དང་། སྒྲ་སྐྱེ་བར་སྨྲ་བ་ནི་ཛནྨ། བདྱ་ཟེར། འདི་གཉིས་ཀ་དཔྱོད་པ་བའི་ནང་གསེས་ཡིན་ཞིང་། གཉིས་ཀའི་ལུགས་ལ་སྒྲ་རྟག་པར་བཞེད།
⒄འདི་ཆད་འདུག་ཀྱང་། ཨོ་ཡེ་དང་མ་ཏིག་གཉིས་ཀས་བཏང་སྙོམས་སུ་བསྐྱུར་འདུག
⒅五顶子ལ་འདིར་རྩེ་ལྔ་བ་ཞེས་བསྒྱུར་ཅིང་། ཐེག་ཆེན་དབུ་མའི་འགྲེལ་བ་རུ། གནས་མ་བུ་བ་དང་། མདོ་སྡེ་བ་དང་འདི་གསུམ་འདུག 《ཀྲུང་ཧྭ་ནང་བསྟན་གཞུང་བརྒྱ་སྤྱི་འདུས》 དེ་ལ་གཞིགས་ན་རྩེ་ལྔ་བ་འདི་ཕལ་ཆེར་ནང་བ་དང་། སྒོས་སུ་བྱེ་བྲག་པའི་ནང་གསེས་ཤིག་ཡིན་ལས་ཆེ།
⒆ འདི་ལ་རིགས་སྒོ་ལས། ཡོད་པའི་ལས་ཡོད་པའི་ཕྱིར་ཞེས་པ་ཞིག་འདུག་ཀྱང་། མ་ཡིག་ལྟར་ན་ཡོན་ཏན་ཡོད་པའི་ཕྱིར་ལས་ཡོད་པའི་ཕྱིར་ལ་གོ་སྙམ།
⒇སྤྱིར་遍是宗法性ཟེར་ན་ཕྱོགས་ཆོས་ལ་ཟེར་མོད། འདིར་ཕྱོགས་ཀྱི་ཆོས་ལ་ཁྱབ་པ་ཞེས་མ་བསྒྱུར་ན། འདིའི་དབྱེ་བ་རུ་ཕྱོགས་ཆོས་མ་གྲུབ་པའང་འདུག
(21)同品定有性ཟེར་ན་སྤྱིར་བཏང་རྗེས་ཁྱབ་ལ་གོ་མོད། འདིར་མཐུན་ཕྱོགས་ལ་ཡོད་པ་ཞེས་མ་བསྒྱུར་ན། འདིའི་དབྱེ་བ་རུ་མཐུན་ཕྱོགས་ལ་མེད་པའང་འདུག
(22)分二དང་ཡང་ན་二ཞེས་པའི་ཚིག་ལྷག་འོག་ནའང་ཐེངས་འགར་བྱུང་འདུག་པ་དག་འགྱུར་ཡིག་ཏུ་བཏང་སྙོམས་སུ་བཞག་ཡོད།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1