ཟླ་4ཚེས་1ཉིན། གསར་འགོད་པས་འཕྲལ་བསྟུན་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་གསལ། ནུས་ཤུགས་ཡོད་རྒུ་བཏོན་ནས་འཚོལ་སྐྱོབ་བྱས་པར་བརྟེན། སི་ཁྲོན་ལིའང་ཧྲན་མུ་ལི་རྫོང་དུ་ནགས་ཚལ་མེར་ཤོར་བའི་གནོད་འཚེའི་ཁྲོད་འབྲེལ་ཐག་ཆད་པའི་མེ་གསོད་མཁན་30ཚང་མ་རྙེད་པ་དང་། མེ་ཟོན་མི་སྣ་27དང་ས་གནས་ལས་བྱེད་པ་དང་མང་ཚོགས3བཅས་ཀྱིས་རང་སྲོག་བློས་བཏང་ཡོད། སི་ཁྲོན་ཞིང་ཆེན་སྲིད་གཞུང་དང་འཕྲལ་བསྟུན་དོ་དམ་པུའུ་ཡིས་ནུས་ཤུགས་ཡོད་ཚད་ཀྱིས་མེ་ཤོར་བའི་གནོད་འཚེ་ལས་རོགས་སྐྱོར་དང་། རང་སྲོག་བློས་བཏང་མཁན་གྱི་ཕུང་པོ་ངོས་འཛིན། ཁྱིམ་བདག་ཚོར་སེམས་གསོ་བཅས་ཀྱི་ལས་ཀ་སྒྲུབ་བཞིན་ཡོད་པ་རེད།