ལོ་མང་པོའི་རིང་ལ། མུ་ལི་རྫོང་དུ་ཞི་ཁྲེང་གྲོང་ཁྱེར་དང་ཡན་ཡོན་རྫོང་སོགས་ནས་སྔོ་ཚལ་མཁོ་འདོན་བྱེད་བཞིན་ཡོད་ལ། མུ་ལི་རྫོང་ས་གནས་རང་གིས་རང་རྫོང་ལ་མཁོ་འདོན་བྱེད་ནུས་ཞན་པ་རེད། སྔགས་སྤྱོད་ཡུལ་ཚོ་ནི་མུ་ལི་རྫོང་མཁར་དང་ལམ་ཐག་སྤྱི་ལེ་35ཙམ་གྱི་སར་ཡོད་ལ། ཡུལ་ཚོའི་མཐའ་བཞི་རི་བོས་བསྐོར་ཞིང་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། ས་རྒྱུ་བཟང་ཞིང་བཟོ་ལས་སོགས་ཀྱིས་བཙོག་སྐྱོན་ཐེབས་མེད། གནས་དེར་དེང་རབས་ཀྱི་སྐྱེ་ཁམས་ཁྱད་ཆོས་ལྡན་པའི་སྔོ་ཚལ་ཐོན་ལས་འཕེལ་རྒྱས་གཏོང་པའི་ཆ་རྐྱེན་བཟང་བོ་འཛོམས་ཡོད།
དེང་རབས་ཞིང་ལས་ཐོན་ལས་ར་བ་ནི་མུ་ལི་རྫོང་སྔགས་སྤྱོད་སོག་རིགས་ཡུལ་ཚོའི་སྔགས་སྤྱོད་སྡེ་བར་ཡོད་ལ། དེ་ནི་སྤྱི་ལོ་2017ལོའི་ཟླ་5པར་བསྐྲུན་ཞིང་མ་དངུལ་སྒོར་ཁྲི་165བཏང་པ་དང་། ས་མུའུ་རེར་སྒོར་1400ཡི་ས་ཞིང་བརྗེ་བསྒྱུར་གྱི་དངུལ་གྲངས་ལྟར་ས་ཞིང་མུའུ་50བརྗེ་བསྒྱུར་བྱས། བརྗེ་བསྒྱུར་བྱས་པའི་ས་ཞིང་སྡེ་བ་སྤྱིའི་ས་ཞིང་དུ་གཏན་འཁེལ་བྱས།
དྲོད་ཁང་ནང་གི་འདེབས་འཛུགས།
ཚད་གཞི་མཐོ་བའི་རྨོ་ཞིང་མུའུ་52བསྒྱུར་བཀོད་བཏང་སྟེ་དྲོད་ཁང་མུའུ་50བཙུགས། རྣམ་གྲངས་འདིས་ཞིང་བའི་དུད་ཁྱིམ་20ཁེབས་ཡོད་ལ། དེའི་ཁྲོད་དུ་དབུལ་བོའི་ཁྱིམ་ཚང་5ཡོད།
ཐོན་ལས་ར་བ་ཡིས་ས་ཞིང་བརྗེ་བསྒྱུར་བྱེད་པ་གཞིར་བྱས་ཏེ་དེང་རབས་ཚན་རྩལ་གྱིས་འདེགས་སྐྱོར་བྱེད་པ་དང་།དམངས་ཕྱུག་འབྱོར་འབྲིང་དུ་སླེབས་པ་དམིགས་འབེན་དུ་འཛིན་པ། སྤུས་ལེགས་ཞིང་ལས་ཐོན་རྫས་ཐོན་སྐྱེད་བྱེད་པ་སྲོག་ཤིང་དུ་བྱེད་པ་བཅས་ཀྱི་སྒོ་ནས་སྟོབས་ཤུགས་ཅི་ཡོད་ཀྱིས་ལྗང་མདོག་དང་ཚན་རིག་ལག་རྩལ་དང་སྦྲེལ་བའི་དེང་རབས་ཞིང་ལས་འཕེལ་རྒྱས་སུ་བཏང་སྟེ།སྤྱི་ཚོགས་དང་དཔལ་འབྱོར་གྱི་ཕྱོགས་གཉིས་ཀའི་ཕན་འབྲས་མངོན་འགྱུར་བྱེད་པ་དམིགས་འབེན་དུ་བཟུང་ཡོད།
ཉིས་སྟོང་ཉི་ཤུ་ལོའི་བར་དུ། ཐོན་ལས་ར་བར་ལས་ཀ་བ་ཉིས་བརྒྱ་ཡས་མས་གསོ་སྐྱོང་བྱེད་པ་དང་སྤྱིའི་མ་དངུལ་གཏོང་ཚད་སྒོར་ཁྲི་ལྔ་བརྒྱ་ལས་བརྒལ་བ།ས་ཞིང་བརྗེ་བསྒྱུར་གྱི་ཚད་མུའུ་ཉིས་བརྒྱ་དང་ཉི་ཤུ་ལེགས་འགྲུབ་བྱུང་བ། ས་མུའུ་ཉིས་བརྒྱའི་ཡན་དུ་སྔོ་ཚལ་དྲོད་ཁང་འཛུགས་སྐྲུན་བྱེད་པ།ལོ་རེའི་ཐོན་འབོར་སྒོར་ཁྲི་བརྒྱད་བརྒྱ་ལས་བརྒལ་བར་བྱས་ཏེ། ས་གནས་མང་ཚོགས་དབུལ་ཐར་འབྱོར་འབྲིང་དུ་སླེབས་པའི་འཆར་གཞི་བཟོས་ཡོད།
དྲོད་ཁང་ནང་གི་འདེབས་འཛུགས།
དྲོད་ཁང་ནང་གི་འདེབས་འཛུགས།
སྔགས་སྤྱོད་ཡུལ་ཚོའི་སྤྱིའི་རྣམ་པ།