སྙེ་མོ་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་སྐད་གྲགས་ཡོད་པའི་རིག་གནས་རྫོང་ཞིག་ཡིན། དེ་ནི་བོད་ཡིག་གསར་བཟོ་བྱེད་མཁན་ཐོན་མི་སམ་བྷོ་ཊའི་ཕ་ཡུལ་ཡིན་ལ། “སྙེ་མོའི་ཁྱད་འཕགས་གསུམ་”སྟེ་བོད་སྤོས་དང་བོད་ཤོག ཕུ་གསུམ་ཤིང་བརྐོས་བཅས་ཀྱིས་སྐད་གྲགས་ཆོད་ཡོད། ད་ཆ་ལོ་ངོ་སྟོང་ཕྲག་རྒྱུན་འཛིན་བྱས་པའི་རིག་གནས་ཤུལ་བཞག་དེ་དག་གིས་ས་གནས་དེ་གའི་དབུལ་སྒྲོལ་ཕྱུག་འགྱུར་ལ་སྐྱེ་སྟོབས་སྦྱིན་ཡོད།