དམར་དམག་དཔུང་ཤོག་གཉིས་པ་དང་བཞི་པའི་དཀར་མཛེས་ཀྱི་མཉམ་འཛོམས་ཆེན་མོ།

རྣམ་དཀར་ལྷ་མོས་སྒྲིག་སྒྱུར་བྱས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-15



ཀྲུའུ་ཏེ་དང་དགེ་སྟག་སྤྲུལ་སྐུ།


        1935ལོའི་ཟླ་བ་10པར། དམར་དམག་གི་དཔུང་ཚོགས་གཉིས་པ་དང་བཞི་པས་ཧུའུ་ནན་དང་ཧུའུ་པེ་ས་མཚམས་ནས་མདའ་ཤོག་20མི་ལོན་པའི་དམག་ཤུགས་ཀྱིས་ཅང་ཅེ་ཧྲིའི་མདའ་ཤོག་80ལྷག་གི་དམག་ཤུགས་ཀྱི་ཕྱོགས་དྲུག་བསྐོར་བཅོམ་ལ་རྒོལ་ལན་དྲག་པོ་སྤྲད་དེ། ཟླ་བ་11པའི་ཚེས་9ཉིན་ཏཱ་ཡུང་དང་སང་ཀྲིའི་བར་ནས་བསྐོར་བཅོམ་ལས་བརྒལ་དེ་ཞང་ཀྲུང་དང་ཞང་ནུབ་བརྒྱུད་ནས། ཀུའེ་ཀྲོའུ་དང་ཡུན་ནན་འཕྲེད་བརྒལ་བྱས་ཏེ། འབྲི་ཆུ་བརྒལ་ནས་ཞི་ཁམས་ཀྱིི་དཀར་མཛེས་ནས་དམར་དམག་དཔུང་ཕྱོགས་སྒར་ཆེན་བཞི་པ་དང་མཉམ་འཛོམས་བྱུང་བས་རྒྱང་སྐྱོད་ཁམས་ཁུལ་དུ་བསྐྱོད་པར་རྒྱལ་ཁ་བླངས།

        1936ལོའི་ཟླ་5པའི་ཚེས་9ཉིན། དམར་དམག་དཔུང་ཚོགས་དྲུག་པ་སེམས་ཀྱི་ཉི་ཟླ་ནས་ལམ་ལ་བུད་དེ་འདབ་པ་བརྒྱུད། ཟླ་བ་6པའི་ཚེས་23ཉིན་དཀར་མཛེས་ལ་འབྱོར་ནས་དམར་དམག་གི་སྤྱི་ཁྱབ་ཆབ་སྲིད་པུའུ་དང་མཉམ་འཛོམས་བྱུང། དམར་དམག་དཔུང་ཚོགས་གཉིས་པ་ཟླ་བ5པའི་ཚེས་5ཉིན་སེམས་ཀྱི་ཉི་ཟླ་ནས་ལམ་ལ་ཆས་ཏེེ་སྡེ་རོང་དང་དཔལ་ཡུལ་བརྒྱུད། ཟླ་བ་6པའི་ཚེས་30ཉིན་དཀར་མཛེས་རོང་པ་ཚ་རུ་འབྱོར་ནས་དམར་དམག་ཅུན་སུམ་ཅུ་པའི་ཧྲི་གྱ་བརྒྱད་པ་དང་མཉམ་འཛོམས་བྱུང་ནས་ཟླ་7པའི་ཚེས་2ཉིན་དཔུང་ཁག་མཉམ་འཛོམས་ཚོགས་ཆེན་འཚོགས། དཀར་མཛེས་དཔུང་ཁག་མཉམ་འཛོམས་ཆེན་པོའི་རྗེས་སུ། དམར་དམག་དཔུང་ཚོགས་གཉིས་པ་དང་དྲུག་པ་དམར་དམག་དཔུང་ཕྱོགས་སྒར་ཆེན་གཉིས་པ་རུ་བཅོས་སྒྲིག་བྱས་ཏེ། ཧོ་ལུང་གིས་སྤྱི་ཁྱབ་བཀོད་འདོམས་པ་དང་རེན་པི་ཧྲི་ཡིས་ཆབ་སྲིད་ཨུ་ཡོན་གྱི་འགན་བཞེས།
        དམར་དམག་དཔུང་ཕྱོགས་སྒར་ཆེན་གཉིས་པ་དང་བཞི་པ་མཉམ་འཛོམས་བྱུང་རྗེས། དམར་དམག་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས་ཏར་འཕྲིན་ཐོག་ནས་བཀའ་ཕབ་པ་ལྟར། དམར་དམག་དཔུང་ཕྱོགས་སྒར་ཆེན་གཉིས་པ་དང་བཞི་པ་གཉིས་གས་ཟུང་ཆུ་དང་མཛོད་དགེའི་བབ་བཟོ་དམིགས་ཡུལ་དུ་བཟུང་ནས། གཡོན་དང་གཡས། དཀྱིལ་ཏེ་ཙུང་ཁག་གསུམ་དུ་བགོས་ནས་བྱང་ཕྱོགས་སུ་བསྐྱོད། ཟླ་བ་7པའི་ཟླ་མཇུག་ཏུ་བྱང་སྐྱོད་དམར་དམག་ཙུང་ཁག་གསུམ་པོས་དཀའ་བ་བརྒྱ་སྟོང་ཁྱད་དུ་བསད་ནས་སྔ་གཞུག་ཏུ་ཞི་ཁམས་ཀྱིི་ས་ཁོངས་ནས་བུད་དེ། རིམ་བཞིན་དུ་སི་ཁྲོན་ནུབ་བྱང་ཁུལ་དང་ཀན་ལྷོ་འབྲེལ་མཚམས་སུ་འདུ་འཛོམས་བྱུང་།
        ད་ལྟ་དཀར་མཛེས་རྫོང་སུ་བེ་རི་དཔལ་ལྡན་བསམ་འཕེལ་གླིང་དང་ཀྲུའུ་ཏེའི་སྡོད་ཁང་རྙིང་པ། དམག་དཔུང་ཅུན་ཁག་བཅོ་བརྒྱད་པའི་ཕུག་དོང་སོགས་དམར་དམག་ཁམས་ཁུལ་དུ་བསྐྱོད་པའི་ལོ་རྒྱུས་ཀྱི་རྗེས་ཤུལ་མང་པོ་ཡོད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1