༄༅།། སྐྲན་ནད་སློང་བའི་གྱོན་ཆས་བྱུང་འདུག་པས་གཟབ་རོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-15


        

        ད་ཆ་གྱོན་ཆས་ལ་བཟོ་ལྟ་མང་བ་མ་ཟད། ཉི་འོད་འགོག་པ་དང་། རླན་འགོག་པ། མྱུར་སྐམ་བྱེད་ཐུབ་པ་སོགས་བྱེད་ནུས་དམིགས་བསལ་བ་ལྡན་པའི་གྱོན་ཆས་ཀྱང་ཤིན་ཏུ་མང་མོད། འོན་ཀྱང་བྱེད་ནུས་དེ་དག་ལྡན་པའི་གྱོན་ཆས་ཁག་ཅིག་ཏུ་སྐྲན་ནད་སློང་བའི་རྫས་འདུས་ཡོད་པ་ཧྲང་ཧའེ་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཤེས་རྟོགས་བྱུང་ཡོད་པ་རེད།

 

        དེ་ཡང་ཉེ་ལམ་ཧྲང་ཧའེ་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱི་ཞིབ་དཔྱད་ཚད་ལེན་ཐེངས་གཅིག་བྱེད་སྐབས། བྱེད་ནུས་དམིགས་བསལ་བ་ལྡན་པའི་གྱོན་ཆས་ཚོང་རྟགས་47ལ་ཞིབ་དཔྱད་བྱས་མཐར། 32%ཚད་ལྡན་མིན་པ་དང་། ཚད་དང་མི་ལྡན་པའི་གྱོན་ཆས་དེ་དག་ནང་ཚོང་རྟགས་21འདུས་ཡོད་པ་དང་། དེ་མ་ཟད། གྱོན་ཆས་ཁག་ཅིག་ཏུ་སྐྲན་ནད་སློང་བའི་ཚོས་རྫས་དྲི་ཞིམ་ཨེན་(致癌芳香胺染料)ཞེས་པ་འདུས་ཡོད་པ་རེད།

  

        ཚོང་རྟགས་POLOSPORTཡི་སྐྱེས་པའི་སྟོད་ལྭ་འདིའི་ནང་སྐྲན་ནད་སློང་བའི་རྫས་དེ་འདུས་ཡོད་པ་དང་། དེ་ནི་ཧྲང་ཧའེ་རུའེ་ཧྥ་གྱོན་ཆས་ཚད་ཡོད་ཀུང་སིའི་ཐོན་རྫས་ཡིན་ཞིང་། ཐོན་ཡུལ་ནི་ཀོང་ཏུང་ཧྲེན་ཀྲེན་ཡིན་པ་རེད།

  

         རྒྱལ་ཁབ་འཁེལ་འཐག་ཐོན་རྫས་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་ལྟེ་གནས་ཀྱི་བཟོ་བཀོད་པ་རེན་ཧང་གིས་བརྗོད་པར། རྒྱལ་ཁབ་ཀྱིས་ཚོས་རྫས་དེ་བེད་སྤྱོད་བྱ་མི་ཆོག་པ་གཏན་འཁེལ་བྱས་ཡོད་པ་དང་། རྫས་དེ་སྐྱི་པགས་བརྒྱུད་ནས་མིའི་ལུས་ཁམས་ཡོངས་ལ་ཁྱབ་པ་དང་། མཐར་འབྲས་སྐྲན་སློང་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1