མཛོད་དགེ་ལ་ལྗོངས་སྐོར་ཡོང་འབབ་འཕར་སྣོན་ཆེན་པོ་བྱུང་།
ཚེ་རིང་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-17
ད་ལོའི་རྒྱལ་སྟོན་དུས་ཆེན་སྐབས་སུ། མཛོད་དགེ་རྫོང་གི་བགྲོད་ལམ་འགྲིམ་འགྲུལ་གོ་རིམ་ལྡན་པ་དང་བདེ་འཇགས་ཀྱི་གནས་བབ་སྤྱིའི་ཆ་ནས་བརྟན་པོ་ཡིན་ཞིང་། ལྗོངས་སྐོར་བའི་གྲངས་འབོར་དང་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་ཡོང་འབབ་ཕྱོགས་ནས་ཡང་བསྐྱར་ཟིན་ཐོ་གསར་བ་བཏོད།
རྫོང་རིག་གནས་ལུས་རྩལ་དང་ལྗོངས་སྐོར་ཅུས་ཀྱིས་བསྡོམས་རྩིས་བྱས་པ་ལྟར་ན། ད་ལོའི་རྒྱལ་སྟོན་དུས་ཆེན་རིང་ལ་རྫོང་ཡོངས་ཀྱིས་ལྗོངས་སྐོར་བ་མི་ཐེངས་78371ལ་སྣེ་ལེན་བྱས། དུས་མཚུངས་ལས་33.87%འཕར། ལྗོངས་སྐོར་ཡོང་འབབ་སྒོར་ཁྲི་405.39མངོན་འགྲུར་བྱུང་ཞིང་། དུས་མཚུངས་ལས་4.02%འཕར། མཛེས་ལྗོངས་ཁུལ་སོ་སོའི་ལས་དོན་མི་སྣས་སྤྲོ་སེམས་འཁོལ་བའི་ངང་ལྗོངས་སྐོར་བ་རྣམས་སྣེ་ལེན་བྱས་པ་དང་། ལྗོངས་སྐོར་བ་འཕྲད་པའི་གནད་དོན་སྣ་ཚོགས་དུས་ཐོག་ཏུ་ཐག་གཅོད་བྱས་ཤིང་། ལྗོངས་སྐོར་ཞུ་གཏུག་དོན་རྐྱེན་གཅིག་ཀྱང་མ་བྱུང་།
ཉེ་བའི་ལོ་ཤས་རིང་། མཛོད་དགེ་རྫོང་གིས་ལྗོངས་སྐོར་ལས་རིགས་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་བཏང་ནས་རྨ་ཆུའི་རྩྭ་ཐང་ཆེ་མོའི་མཛེས་ལྗོངས་ལྗོངས་སྐོར་དང་ས་མཐོའི་བརླན་ས་སྐྱེ་ཁམས་ལྗོངས་སྐོར། ཨ་མདོ་བོད་ཀྱི་ཡུལ་སྲོལ་ལྗོངས་སྐོར་བཅས་མཛོད་དགེ་རྫོང་གི་མིང་བྱང་གསུམ་དུ་གྱུར། ལྗོངས་སྐོར་ལས་རིགས་ནི་རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྟེན་གཞི་གལ་ཆེན་ཞིག་ཏུ་གྱུར་ཏེ་མི་སེར་གྱི་ཡོང་འབབ་འཕར་སྣོན་ལ་སྐུལ་ཁྲིད་བྱས། ཟླ་9ཚེས་30ཉིན་བར། ད་ལོར་རྫོང་ཡོངས་ཀྱིས་ལྗོངས་སྐོར་བ་མི་ཐེངས་ཁྲི་192.13ལ་སྣེ་ལེན་བྱས་པ་དང་། དུས་མཚུངས་ལས་20.57%འཕར། ལྗོངས་སྐོར་ཡོང་འབབ་སྒོར་དུང་ཕྱུར་14.95མངོན་འགྱུར་བྱུང་། དུས་མཚུངས་ལས་21.99%འཕར་ཡོད།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1