སྤྱི་ཟླ་10པའི་ཚེས་26ཉིན། ཨབ་གྷན་སི་ཐན་དུ་སྡོད་པའི་དབྱིན་ཇིའི་དམག་དཔུང་དང་ཨ་མེ་རི་ཁའི་མཚོ་དམག་སྐམ་འཐབ་རུ་ཁག་གིས་ཨབ་གྷན་སི་ཐན་ནས་མཛད་སྒོ་སྤེལ་ཏེ། དམག་དཔུང་གཉིས་ཀྱི་ཨབ་གྷན་སི་ཐན་གྱི་ལས་འགན་དངོས་སུ་མཇུག་བསྒྲིལ་བར་བྱས་པ་དང་། དེ་ལས་དམག་དཔུང་གཉིས་ཀྱི་ལོ་ངོ་བཅུ་གསུམ་རིང་གི་ཨབ་གྷན་སི་ཐན་གྱི་འཐབ་འཁྲུག་མཇུག་སྒྲིལ་བ་མཚོན་ཡོད། །