ཟླ་10ཚེས་22ཉིན། 《བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་དུ་ཉར་བའི་བོདསོག་མན་ཇུའི་ཡིག་རིགས་སོགས་ཀྱི་ལོ་རྒྱུས་ཡིག་ཚགས་ཕྱོགས་བསྒྲིགས》ཀྱི་དཔེ་ཚོགས་འགྲེམས་སྤེལ་མཛད་སྒོ་ལྷ་སར་སྤེལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཡུན་ལོ་5རིང་ཕྱོགས་བསྒྲིགས་ཞིབ་འཇུག་བྱས་ནས་དཔེ་བསྐྲུན་བྱས་པའི་དཔེ་ཚོགས་ཆེ་གྲས་འདིའི་ནང་ཐེངས་དང་པོར་ཡོན་རྒྱལ་རབས་ཚུན་གྱི་སོག་པོ་དང་མན་ཇུའི་ཡིག་རིགས་ཀྱི་ཡིག་ཚགས་གལ་ཆེན་སྟོང་ལྷག་པར་བརྙན་གྱི་ལམ་ནས་སྤྱི་བསྒྲགས་བྱས་པ་དང་། གཙོ་བོ་ཆིང་རྒྱལ་རབས་ཀྲུང་དབྱང་སྲིད་གཞུང་དང་བོད་ལྗོངས་ས་གནས་སྲིད་གཞུང་བར་གྱི་འབྲེལ་བ་དང་། ཆིང་རྒྱལ་རབས་སྐབས་ཀྱི་མན་ཇུ་དང་སོག་པོ། བོད་བཅས་མི་རིགས་བར་གྱི་འགྲོ་འོང་དང་བགྲོ་གླེང་། མཉམ་འབྲེལ་ཀྱི་ལོ་རྒྱུས་བཀོད་ཡོད།
2014ལོར། རྒྱལ་ཁབ་ཡིག་ཚགས་ཁང་གི་ཤུགས་ཆེན་པོའི་རྒྱབ་སྐྱོར་འོག བོད་ལྗོངས་ཀྱིས་ལྗོངས་ཕྱི་ནང་གི་མི་རིགས་ཀྱི་མཁས་དབང་གདན་ཞུས་རྩ་འཛུགས་བྱས་ནས། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་དུ་ཉར་བའི་ལོ་ངོ་བརྒྱ་ལྷག་སོང་བའི་མན་ཇུ་དང་སོག་པོའི་ལོ་རྒྱུས་ཡིག་ཚགས་ཕྱོགས་བསྒྲིགས་དང་ཞིག་གསོ། བརྙན་པར། ཡིག་སྒྱུར་བྱས་ནས་ཆེས་མཐའ་མཇུག་ཏུ་ད་ཐེངས་འགྲེམས་སྤེལ་བྱས་པའི་《བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་དུ་ཉར་བའི་བོད་སོག་མན་ཇུའི་ཡིག་རིགས་སོགས་ཀྱི་ལོ་རྒྱུས་ཡིག་ཚགས་ཕྱོགས་བསྒྲིགས》ཀྱི་དཔེ་ཚོགས་ཆ་ཚང་ཁྱོན་དེབ་12བཏོན་པ་དང་། དེའི་ཁྲོད་དུ་ཡིག་ཚགས་ཕྱོགས་བསྒྲིགས་བརྙན་པར་1ནས་10བར་ཡོད་ཅིང་། ཡིག་འབྲུ་ཁྲི་109ཡོད་པའི་རྒྱ་འགྱུར་དེབ་1 དང་། རྒྱ་བོད་དབྱིན་གསུམ་ཤན་སྦྱར་གྱི་སྤྱིའི་དཀར་ཆག་གི་དེབ་1བཅས་ཡོད།