མ་དངུལ་གཉིས་ཀྱི་རྣམ་གྲངས་ཀྱིས་ཕྱུག་བསྒྱུར་གྱི་རོལ་དབྱངས་དཀྲོལ་བ།

རྩོམ་སྒྲིག་པ།ཡོང་ཁུངས།རྔ་བ་བོད་ཡིག་གསར་འགྱུར། སྤེལ་དུས། 10-25


       གནའ་སྔ་མོར་ང་ཚོའི་ཕ་མེས་རྣམས་ཀྱིས་ས་ཞིང་རྨོད་ནས་འཚོ་བ་སྐྱོང་བ་རེད། ད་ལྟ་ང་ཚོས་ས་ཞིང་མུའུ་2སྐོར་སྤྱོད་བྱས་ནས་རྒུན་འབྲུམ་འདེབས་འཛུགས་བྱས། ངེད་བཟའ་མི་གཉིས་ཀྱིས་ས་ཞིང་ནང་བཤུག་གི་བོགས་དངུལ་དང་ས་ཞིང་ནང་བཤུག་གི་ངལ་ཞུགས་རྩོལ་ཞུགས་ཀྱི་ལས་གླ་སྟེ་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་3ཙམ་ཡོད་ཅིང་། ཐན་པ་དང་ཆུ་བྲུག་པ་གང་བྱུང་རུང་ཡོང་འབབ་གཏན་འཁེལ་ཡོད་ལ་ཉེན་ཁ་ཅི་ཡང་མེད་ཅེས་ལོ་ན་བདུན་ཅུ་ལོན་པའི་གྲོང་མི་དབྱི་ཧོའི་ཆང་གིས་དེ་ལྟར་བཤད། 2008ལོ་ནས་2019ལོའི་བར་བཙན་ལྷ་རྫོང་གིས་ཐོན་ལས་རྣམ་གྲངས་ཀྱི་སྒོར་ཁྲི་1160བཏང་ལ། དེ་གཙོ་བོར་རྨང་གཞིའི་སྒྲིག་གཞི་འཛུགས་སྐྲུན་དང་། ཕན་མཐོ་འདེབས་འཛུགས་ཀྱི་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན། ས་ཞིང་ལེགས་བསྒྱུར། གཞུང་ལམ་ལེགས་བཅོས། ཐོན་ལས་མཐོར་འདེགས་སོགས་ཀྱི་རྣམ་གྲངས་ཐད་བཏང་བ་རེད།


      མ་དངུལ་གཉིས་ཀྱི་རྣམ་གྲངས་ཀྱིས་རོགས་སྐྱོར་བྱས་ནས་ཕན་འབྲས་ཐོབ། ཞིན་ཆའོ་ཡུལ་ཚོ་ཀུང་ཧོ་གྲོང་ཚོའི་གྲོང་མི་ཡུས་ཧྥུ་ལིའང་གིས་ཕྱུག་ལམ་ཞིག་རྙེད། ན་ནིང་། རྒྱལ་ཁབ་ཀྱིས་ཀུང་ཧོ་གྲོང་ཚོར་རྒྱ་སེའི་མེ་ཏོག་རྟེན་གཞིའི་ཐོན་ལས་ལམ་བུ་ཞིག་བསྐྲུན་པས་འགྲིམ་འགྲུལ་ལ་སྟབས་བདེ་བར་བཟོས། ཡུས་ཧྥུ་ལིའང་གིས་བཤད་པར། ད་ལྟ་འགྲིམ་འགྲུལ་སྟབས་བདེ་ཡིན་པས། ད་ལོར་ངའི་ཁྱིམ་ཚང་གིས་འདེབས་འཛུགས་བྱས་པའི་རྒྱ་སེའི་མེ་ཏོག་ས་མུའུ་བཞི་ལ་སྒོར་ཁྲི་བདུན་ལྷག་བཙོང་། རྒྱ་སེའི་མེ་ཏོག་འདེབས་འཛུགས་བྱས་པའི་ཡོང་འབབ་ནི་མ་རྨོས་ལོ་ཏོག་འདེབས་པ་ལས་མང་པོ་ཡོད།

      རྣམ་གྲངས་འདི་ལག་བསྟར་བྱས་པར་བརྒྱུད། བཙན་ལྷ་རྫོང་གི་ཐོན་ལས་རྨང་གཞིའི་སྒྲིག་གཞི་འཐུས་ཚང་བྱས་པར་མ་ཟད། ཞིང་བས་ཚན་རིག་ལྟར་ས་ཞིང་རྨོ་ཐུབ་པ་དང་། ས་ཞིང་གི་ཐོན་ཚད་ཀྱང་མཐོར་འདེགས་བཏང་། ད་ལྟར། བཙན་ལྷ་རྫོང་གི་ཡུལ་ཚོ་དང་གྲོང་རྡལ་སོ་སོར་ཕྱིན་ཚེ། ག་ས་གང་དུ་བོད་ཀྱི་ཁྱད་ཆོས་ལྡན་པའི་སྡོད་ཁང་བསྟར་ཕྲེང་བསྒྲིགས་ཤིང་། དེང་རབས་ཞིང་ལས་ཀྱི་དཔེ་སྟོན་རྟེན་གཞིའི་སྒྲིག་བཀོད་གོ་རིམ་ལྡན། བཙན་ལྷ་རྫོང་ལའོ་ཡིང་ཡུལ་ཚོ་ཞ་མ་ཁྲང་གྲོང་ཚོའི་ཚན་ཁག་གཉིས་པའི་གྲོང་མི་དབྱིན་ཧོའེ་ཆང་ལ་དེང་སང་གི་སྲིད་ཇུས་བཟང་བོ་དང་འཚོ་བ་སྐྱིད་པོ་གླེང་སྐབས་སུ་དེ་ལྟར་བཤད།
      ཐོན་ལས་དབུལ་སྐྱོར་གྱི་ལམ་དུ། རྫོང་དེས་མ་དངུལ་གཉིས་ཀྱི་རྣམ་གྲངས་ལག་བསྟར་ཤུགས་ཆེན་བྱས་པར་བརྒྱུད། རི་ངོས་ལུང་གཞུང་ཀུན་ཏུ་ཤིང་ཏོག་གི་དྲི་ཞིམ་འཐུལ་བས། ཐོན་ལས་ཡར་དར་བྱུང་བའི་རྣམ་པ་དེ་བཙན་ལྷ་རྫོང་གི་ཡུལ་ཚོ་ཀུན་ཏུ་ཁྱབ་འདུག་གོ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1