རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་བས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།
རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 10-25
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་བའི་ཚེས་ཉེར་གསུམ་ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་བས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པ་དང་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་གྲོས་ཚོགས་ལ་ཞུགས། ཨུ་ཡོན་ཀྲང་གཞོན་པ་ཝང་ཏུང་མེན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།
ཚོགས་ཐོག་ནས་ཚོང་དོན་པུའུ་ཡི་པུའུ་ཀྲང་ཀྲུང་ཧྲན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར་ཕུལ་བའི་ཕྱི་ཕྱོགས་ཉོ་ཚོང་གི་ཚུལ་སྒྱུར་རིམ་འཕར་མྱུར་དུ་ལག་བསྟར་བྱས་ཏེ་ཉོ་ཚོང་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བའི་བྱ་བར་སྐུལ་འདེད་གཏོང་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཉིས་སྟོང་བཅོ་བརྒྱད་ལོའི་རྒྱལ་དབང་མ་རྩའི་དོ་དམ་གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུ་ལ་གྲོས་ཞིབ་བྱས་པ། ནོར་སྲིད་པུའུ་ཀྲང་ལིག་ཁུན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར་ཕུལ་བའི་ཉིས་སྟོང་བཅོ་བརྒྱད་ལོའི་རྒྱལ་ཡོངས་སྲིད་འཛིན་ལས་དོན་རང་བཞིན་གྱི་རྒྱལ་དབང་མ་རྩའི་དོ་དམ་གནས་ཚུལ་སྐོར་གྱི་ཆེད་དོན་སྙན་ཞུ་ལ་ཉན།
རྒྱལ་དབང་མ་རྩའི་དོ་དམ་གནས་ཚུལ་སྙན་ཞུའི་འབྲེལ་ཡོད་བྱ་བ་བཟང་བོར་བསྒྲུབ་ཆེད། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྔོན་རྩིས་བྱ་བའི་ཨུ་ཡོན་ལྷན་ཁང་དང་རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་རྟོག་ཞིབ་ཚན་ཁག་བཙུགས་ཏེ། སྲིད་འཛིན་ལས་དོན་རང་བཞིན་གྱི་རྒྱལ་དབང་མ་རྩའི་དོ་དམ་གནས་ཚུལ་ལ་རྟོག་ཞིབ་བྱས། ཚོགས་ཐོག་ནས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ། སྔོན་རྩིས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧྲི་ཡའོ་པེན་གྱིས་ཕུལ་བའི་རྟོག་ཞིབ་སྙན་ཞུ་ལ་ཉན་པ་དང་། སྙན་ཞུ་ལས་སྲིད་འཛིན་ལས་དོན་རང་བཞིན་གྱི་རྒྱལ་དབང་མ་རྩ་དང་དོ་དམ་གཞི་རྩའི་གནས་ཚུལ་དབྱེ་ཞིབ་བྱས་ཏེ་གནས་པའི་འབུར་ཐོན་གནད་དོན་ཐད་ལ་འབྲེལ་ཡོད་གྲོས་གཞི་བཏོན།
ཚོགས་ཐོག་ནས་ད་དུང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲིག་ཆང་གྱིས་ཕུལ་བའི་ཉེས་དོན་འདྲི་གཅོད་བྱ་བར་ཤུགས་སྣོན་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་ཀྲང་ཅུན་གྱིས་ཕུལ་བའི་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་བྱ་བ་བསྒྲུབ་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན། །
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1