གངས་ལྗོངས་མཐོ་སྒང་དུ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་བཞད།

རྩོམ་སྒྲིག་པ།ཡོང་ཁུངས། ཁམས་པའི་དྲ་བ། སྤེལ་དུས། 10-29


གངས་ལྗོངས་མཐོ་སྒང་དུ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་བཞད།

དཀར་མཛེས་ཁུལ་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་འཛུགས་བྱས་པའི་དངོས་བྲིས།

   སྤྱི་ལོ1935ལོའི་ཟླ་བ5པར།མི་རིགས་ཁག་གི་མང་ཚོགས་ཀྱིས་རྒྱབ་སྐྱོར་འོག་དམར་དམག་གིས་ལྕགས་ཟམ་ཁར་ལྕགས་ཟམ་ཟམ་པ་འཕྲོག་ལེན་བྱས་ནས་བྱང་བསྐྱོད་རི་འགོག་གི་འགྲོ་ལམ་ཕྱེས།1950ལོའི་ཟླ་བ11པར་ཀྲུང་གོ་གསར་པའི་མི་རིགས་རང་སྐྱོང་ཁུལ་དང་པོ་སྟེ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དངོས་སུ་དབུ་བརྙེས།དཀར་མཛེས་ཁུལ་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་དམར་དམག་འབུམ་ཤོག18པ་བོད་དུ་འཇུག་པར་རྒྱབ་སྐྱོར་བྱས།2014ལོའི་ཟླ་བ5པར།དཀར་མཛེས་ཁུལ་ཨུས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་འཛུགས་བྱ་རྒྱུ་དངོས་སུ་བཏོན།2018ལོའི་ཟླ་བ6པར། དཀར་མཛེས་ཁུལ་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་འཛུགས་བྱེད་པའི་ལས་དོན་དེ་ཞིང་ཆེན་རིམ་པའི་དཔྱད་ཞིབ་ཚད་གཞིར་བསླེབས་པ་རེད།མཚོན་རྟགས་རང་བཞིན་གྱི་དོན་དག་འདི་ཚོ་ལས་དཀར་མཛེས་ཁུལ་གྱི་མི་རིགས་ཁག་གི་བུ་དང་བུ་མོས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྲུང་སྐྱོང་བྱེད་པའི་སྲོལ་རྒྱུན་བཟང་པོ་མཚོན་ཐུབ་ཅིང་།དཀར་མཛེས་ཁུལ་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲ་བརྟན་དུ་གཏོང་བའི་སྟོབས་ལྡན་གྱི་གོམ་སྟབས་ཀྱང་བཀོད་ཡོད།

  དཀར་མཛེས་ཁུལ་དུ་བོད་རྒྱ་སོགས་མི་རིགས20ལྷག་མཉམ་དུ་གནས་ཤིང་གནའ་ནས་བཟུང་མི་རིགས་མཉམ་འདྲེས་ཀྱི་འབྲེལ་ཐག་ཏུ་གྱུར་ཅིང་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་བརླིང་སྲུང་སྐྱོང་གི་གཡུལ་ས་མདུན་མ་ཡིན་པ་རེད།2014ལོ་ནས་བཟུང་།དཀར་མཛེས་ཁུལ་གྱི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་འཛུགས་བྱེད་ཤུགས་ཆེ་རུ་བཏང་ནས།མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཁྲོད་དུ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་སྔར་ལྷག་གིས་ཇེ་དྲག་ཏུ་གཏོང་བ་དང་།ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐུན་མོང་ངང་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ངང་དར་རྒྱས་གོང་འཕེལ་ཡོང་བའི་རྣམ་པ་བཟང་པོ་ཉིན་བཞིན་ཇེ་བརྟན་དུ་ཕྱིན་ཞིང་།འཆམ་མཐུན་གྱི་མི་རིགས་འབྲེལ་བ་ཡང་ཁུལ་ཡོངས་ཀྱི་འཕེལ་རྒྱས་དང་དམངས་འཚོ།བརྟན་བརླིང་བཅས་ཀྱི་དོན་ཆེན་གསུམ་སྒྲུབ་པའི་འགན་སྲུང་བརྟན་པོར་གྱུར་ཡོད།

གནས་ཚད་མཐོན་པོས་སྐུལ་འདེད་གཏོང་བར་རྒྱུན་འཁྱོངས་བྱས་ཏེ། འགྲིལ་ཤུགས་ཆེན་པོ་ཆགས་པར་བྱས།

   ད་ལོའི་ཟླ་བ7པའི་ཚེས24ཉིན། དཀར་མཛེས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཐེངས་ལྔ་པ་དང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་འཛུགས་ཀྱི་སྐུལ་འདེད་ཚོགས་འདུ་དར་མདོར་འཚོགས་ཤིང་།ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་ཚོགས་ཆེན་དུ་གསུང་བཤད་གནང་།2019ལོའི་ཟླ་བ10པའི་ཚེས21ཉིན།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་ཆེད་དོན་གྲོས་ཚོགས་འཚོགས་ནས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་འཛུགས་བྱེད་པར་རྒྱལ་ཁབ་རིམ་པའི་ཞིབ་བཤེར་ཚད་ལེན་ལ་དང་ལེན་ཞུ་བའི་ལས་ཀ་བཀོད་སྒྲིག་བྱས་པ་རེད།རང་ཁུལ་གྱིས་ཁུལ་ཨུའི་ཧྲུའུ་ཅི་དང་ཁུལ་དཔོན་གཉིས་ཀྱིས་ཚོ་དཔོན་གནང་བ་དང་།ཁུལ་ཚོགས་པ་ཆེན་པོ་བཞིའི་འགོ་ཁྲིད་གཙོ་བོས་ཚོ་དཔོན་གཞོན་པ།ཁུལ་རིམ་པའི་སྡེ་ཚན་གྱི་འགོ་ཁྲིད་གཙོ་བོས་གྲུབ་མི་བྱེད་པའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་འཛུགས་འགོ་ཁྲིད་ཚོ་ཆུང་བཙུགས་པ་དང་།རྫོང་དང་གྲོང་ཁྱེར།སྡེ་ཚན་ཁག་གིས་ཀྱང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་འཛུགས་འགོ་ཁྲིད་སྒྲིག་གཞི་དང་ལས་དོན་སྒྲིག་གཞི་དུས་ཐོག་ཏུ་བཙུགས་ཡོད་པ་རེད།

  གསར་འཛུགས་ལས་དོན་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་ནང་དུ་བཞག་ནས《རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་འཛུགས་བྱེད་སྒོ་སྤེལ་བའི་སྐོར་གྱི་བསམ་འཆར》དང་། 《དཀར་མཛེས་ཁུལ་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་འཛུགས་བྱེད་པའི་ལག་བསྟར་འཆར་གཞི》དང་། 《དཀར་མཛེས་ཁུལ་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་འཛུགས་བྱེད་པའི་དྲིལ་བསྒྲགས་སློབ་གསོ་འཆར་གཞི》བཅས་ཀྱི་ཁྲིད་སྟོན་རང་བཞིན་གྱི་ཡིག་ཆ་བཏོན་ཡོད།

གངས་ལྗོངས་མཐོ་སྒང་དུ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་བཞད།

   ཁུལ་ཨུ་དང་རྫོང་ཨུས་ལོ་རེར་གསར་འཛུགས་ལས་དོན་ཆེད་དོན་ཞིབ་འཇུག་ཐེངས་རེ་དང་སྡེ་ཚན་ཁག་གིས་ལོ་རེར་ཐེངས་གཉིས་བྱེད་ཀྱི་ཡོད།དེ་དང་མཉམ་དུ་ལོ་རེར་ཁུལ་རིམ་པར་སྒོར་ཁྲི100དང་རྫོང་རིམ་པར་སྒོར་ཁྲི50   དཔེ་སྟོན་ཡུལ་ཤོག་དང་གྲོང་རྡལ་ལ་སྒོར་ཁྲི1དཔེ་སྟོན་གྲོང་སྡེ་དང་སྤྱི་ཁུལ་ལ་སྒོར4000བཅས་ཀྱི་ཚད་གཞི་ལྟར་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱེད་སྒོའི་ཆེད་སྤྱོད་མ་དངུལ་བཟོས་ཡོད་པ་རེད།དེ་བཞིན་གསར་འཛུགས་ལས་དོན་དེ་ཁུལ་ཡོངས་ཀྱི་ཏང་ཨུ་དང་སྲིད་གཞུང་།ཁུལ་རིམ་པའི་སྡེ་ཚན་ཁག་གི་ལོ་འཁོར་དམིགས་འབེན་ཞིབ་དཔྱད་ནང་དུ་བཞག་ནས་ལམ་ལུགས་ནན་པོ་བཟོས་ནས་དོན་འཁྱོལ་བྱས་ཡོད།

  2016ལོའི་ཟླ་བ8པའི་ཚེས་གཅིག་ཉིན། 《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྲོལ་ཡིག》འགྲེམས་སྤེལ་ལག་ལེན་བྱས་པས།རང་ཁུལ་ནི་སི་ཁྲོན་ཞིང་ཆེན་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ཁྲིམས་འཛུགས་ལག་ལེན་བྱེད་མཁན་ཐོག་མར་གྱུར་པ་རེད།སྲོལ་ཡིག་གི་ནང་དུ་ལོ་རེའི་ཟླ་བ9པའི་ཚེས16ཉིན་ནི་དཀར་མཛེས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དུས་ཆེན་དུ་གཏན་འཁེལ་བྱས་ནས་གསར་འཛུགས་ལས་དོན་གྱི་སྤྱི་ཚོགས་རྨང་གཞི་ཇེ་བརྟན་དུ་བཏང་ཡོད།

 ཏང་ཨུ་དང་སྲིད་གཞུང་གིས་མཐོང་ཆེན་ཆེན་པོ་དང་ལམ་ལུགས་ཁག་དོན་ཐོག་འཁྱོལ་བར་བརྟེན་ནས་དཀར་མཛེས་ཁུལ་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་འཛུགས་བྱེད་པར་ཆེས་ཆེ་བའི་འགྲིལ་ཤུགས་ཆགས་པར་བྱས་ཡོད། 

 སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བར་དམིགས་ནས་མཐུན་སྒྲིལ་གྱི་རྨང་གཞི་བརྟན་པོར་བཟོས་ཡོད།

 དཀར་མཛེས་ཁུལ་གྱིས་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བར་དམིགས་ནས་འཐབ་ཇུས་ཆེན་པོ་དྲུག་ལག་ལེན་བསྟར་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྨང་གཞི་བརྟན་པོར་བཟོས་པ་སྟེ།དབུལ་ཐར་འགག་སྒྲོལ་གྱི་ཐད་ལ།དབུལ་ཕོངས་འབྱུང་ཚད2014ལོའི་བརྒྱ་ཆ23.17ནས2018ལོའི་ལོ་མཇུག་གི་བརྒྱ་ཆ3.52བར་མར་ཆག་ཡོད།དབུལ་ཕོངས་རྫོང་གྲོང་ཁྱེར6ཡི་དབུལ་ཞྭ་ཕུད་ཡོད་ཅིང་།ལྷག་མ་རྫོང12ད་ལོར་དབུལ་ཞྭ་འབུད་རྒྱུ་རེད། ཁྲིམས་ལྟར་ཁུལ་སྐྱོང་བའི་ཐད་ལ།ཁུལ་དང་སྡེ་ཁུལ། རྫོང་དང་གྲོང་ཁྱེར།ཡུལ་ཤོག་དང་གྲོང་རྡལ་བཅས་རིམ་པ་བཞིའི་རྒྱུན་རྣམ་ཅན་གྱི་བཅོས་སྐྱོང་མ་ལག་བཙུགས་ནས་དོན་རྐྱེན་མི་བུད་པ་ལྔའི་དམིགས་འབེན་གྲུབ་ཡོད།ཐོན་ལས་དམངས་ཕྱུག་གི་ཐད་ལ།ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་ཁྱད་འཕགས་གཏེར་རྫས། ནུས་ཁུངས་གཙང་མ།རྒྱ་བོད་སྨན་རིག མི་རིགས་རིག་གནས།སྐྱེ་ཁམས་ཞིང་འབྲོག་བཅས་ཀྱི་ཐོན་ལས་འཕེལ་རྒྱས་ཕྱིན་ནས་ས་བབ་དང་མཐུན་ཞིང་ཁ་གསབ་བྱེད་རེས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་གནས་བབ་ཆགས་ཡོད།འགྲིམ་འགྲུལ་སྔོན་སྤེལ་གྱི་ཐད་ལ།ཁྲོ་ལའི་ཕུག་ལམ་དང་གཡག་མདོ་མྱུར་བགྲོད་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་ཅིང་།དར་མདོ་གནམ་གྲུ་ཐང་དང་འདབ་པ་ཉི་སྟེན་གནམ་གྲུ་ཐང་།དཀར་མཛེས་གེ་སར་གནམ་གྲུ་ཐང་དུ་གནམ་གྲུ་ཤར་གཏོང་ཐུབ་པ་དང་། ཡུལ་ཤོག་དང་གྲོང་སྡེར་ཞུགས་པའི་སྣུམ་ལམ་དང་ཨ་འདམ་གཞུང་ལམ་གྲུབ་ཚད་བརྒྱ་ཆ་བརྒྱ་ལ་ཟིན་ཡོད།གྲོང་ཡུལ་རིམ་སྤོར་གྱི་འཐབ་ཇུས་ཐད་ལ། བདེ་སྐྱིད་མཛེས་གྲོང472བསྐྲུན་པ་དང་།ཁུལ་ཡོངས་ཀྱི་རྒྱུན་སྡོད་མི་འབོར་གྱི་གྲོང་རྡལ་ཅན་གྱི་བསྡུར་ཚད་བརྒྱ་ཆ31.66འཕར་ཡོད་ཅིང་།མི་རིགས་ཁག་འབྲེལ་འདྲིས་དང་སྤེལ་རེས། མཉམ་འདྲེས་བཅས་སྔར་ལས་ཆེ་རུ་སོང་ཡོད།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་ཐད་ལ། རིར་ཤིང་འཛུགས་པ་དང་ལམ་ཁར་མེ་ཏོག་འདེབས་པ།ཆུ་བོ་མཚེའུ་རུ་བསྒྱུར་བའི་ཨར་ལས་ལག་བསྟར་ཤུགས་ཆེན་བྱས་ཤིང་།རིམ་པ་བཞིའི་ཆུ་དཔོན་ལམ་ལུགས་ལས་དོན་ལག་ལེན་བཏང་ཡོད། སྔོ་ལྗང་རི་ཀླུང་དང་ཆུ་ཀླུང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་མི་ཚང་མའི་སེམས་སུ་འཇགས་ཡོད།

 2019ལོའི་དུས་ཚིགས་སྔོན་མ་གསུམ་ལ་རང་ཁུལ་གྱི་ས་གནས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར216.84མངོན་འགྱུར་བྱུང་ཞིང་།རྒྱལ་དམངས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་། གཞི་ཁྱོན་ལྡན་པ་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་།ནོར་སྲིད་ཡོང་འབབ་བཅས་དམིགས་ཚད3གྱི་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་ཡིན་པ་རེད།ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་ཡོང་བ་དང་བསྟུན་ནས་མི་རིགས་ཁག་གི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་མ་འོངས་པ་མཉམ་དུ་གཏོད་པ་དང་།ཀྲུང་ཧྭ་མི་རིགས་ཀྱི་གཟི་བརྗིད་དང་ཕུགས་འདུན་མཉམ་དུ་ལོངས་སུ་སྤྱོད་པའི་མདུན་ལྗོངས་བཟང་པོ་དཀར་མཛེས་ཀྱི་ས་གཞི་ཆེན་མོར་མངོན་དུ་འགྱུར་བཞིན་ཡོད།

གངས་ལྗོངས་མཐོ་སྒང་དུ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་བཞད།

  དྲིལ་བསྒྲགས་སྐུལ་འཁྲིད་ནུས་པ་ནན་འཛིན་བྱས་ནས་ཁོར་ཡུག་ཡག་མོ་བསྐྲུན། 

   ད་ལོར་སྤྱི་ཟླ9པའི་ཚེས27ཉིན། དཀར་མཛེས་རྫོང་སྦྲགས་སྲིད་ཡན་ལག་སྤྱི་གཉེར་ཁང་གིས་ཁ་ལོ་བ་འཆི་མེད་རྡོ་རྗེ་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་འདུའི་ཐོག་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་གི་མཚན་སྙན་ཐོབ་པ་རེད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་ཁོང་ལ་བྱ་དགའ་དང་དཔང་ཡིག་གནང་བ་རེད།འཕྲིན་བཟང་དེ་དཀར་མཛེས་ཁུལ་དུ་ཐོན་ཡོང་དུས་འཆི་མེད་རྡོ་རྗེའི་ཁྱིམ་མི་དང་གྲོགས་པོ་དེ་བཞིན་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོ་དགའ་སྤྲོ་ཚད་མེད་སྐྱེས་ཤིང་འཕྲིན་ཕྲན་བརྒྱུད་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ལ་ཡིད་སྨོན་གུས་བཀུར་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་རྒྱབ་སྐྱོར་བྱ་རྒྱུའི་ཆོད་སེམས་བསྟན་པ་རེད།དུས་དེ་ནས་ཁུལ་ཡོངས་སུ་སྔོན་ཐོན་ལ་སློབ་སྦྱོང་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་འཚོ་སྐྱོང་བྱེད་པའི་ཚ་རླབས་ཤིག་འཕྱུར་བ་རེད། 

  མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཞི་རྩའི་ཁེ་ཕན་ཐོབ་མཁན་ནི་མི་རིགས་ཁག་གི་མང་ཚོགས་ཡིན་ལ།གཞི་རྩའི་རྟེན་སའང་མི་རིགས་ཁག་གི་མང་ཚོགས་ཡིན་པས། རང་ཁུལ་གྱིས་མང་ཚོགས་ལམ་ཕྱོགས་མཐའ་འཁྱོངས་བྱས་ནས་དྲིལ་བསྒྲགས་སློབ་གསོ་དང་དཔེ་སྟོན་སྐུལ་ཁྲིད་ལས་ཀ་ཡག་མོ་བསྒྲུབས་ཏེ།དམངས་ཡོངས་རྒྱབ་སྐྱོར་དང་དམངས་ཡོངས་ཞུགས་པ། དམངས་ཡོངས་མཉམ་སྤྱོད་བཅས་ཀྱི་གསར་འཛུགས་ལས་ཀའི་ཁོར་ཡུག་རྒྱུན་ཆད་མེད་པར་བསྐྲུན་ཡོད། 

 2014ལོར་ཁུལ་ཡོངས་སུ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་འཛུགས་བྱས་པའི་མི་ཁྲི3ལྷག་ཞུགས་པའི་མིང་ཐོ་བཀོད་པའི་བྱེད་སྒོ་སྤེལ་ཡོད།2015ལོ་ནས་འགོ་བཙུགས་ཏེ་ཁུལ་ཡོངས་ཀྱི་ཁྱབ་ཁོངས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཤེས་བྱ་འགྲན་བསྡུར་བསྟུན་མར་སྤེལ་ཞིང་མི་རིགས་ཁག་གི་ལས་བྱེད་པ་དང་ལས་བཟོའི་མི་རིགས་ལས་ཀ་སྒྲུབ་ནུས་དང་ཆུ་ཚད་མཐོར་འདེགས་བཏང་བ་རེད།2014ལོ་ནས་བཟུང་ལོ་རྟག་ཏུ་ཁུལ་དང་རྫོང(གྲོང་ཁྱེར)ཡུལ་ཤོག་དང་གྲོང་རྡལ་བཅས་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་འཛུགས་བྱེད་པའི་དྲིལ་བསྒྲགས་ཟླ་བ་དང་གཟའ་འཁོར།ཉིན་མོ་བཅས་ཀྱི་བྱེད་སྒོ་སྤེལ་ནས་རིམ་རྩིས་བྱས་ན་འབྲེལ་ཡོད་དྲིལ་བསྒྲགས་ཡིག་ཁྲི100ལྷག་དང་།འགྲེམ་བརྡ་དང་སྦྱར་ཡིག33300ལྷག་བཀྲམས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཁོར་ཡུག་ཡག་པོ་བསྐྲུན་ནས་དྲིལ་བསྒྲགས་སྐུལ་སློང་ཡོངས་སུ་ཁེབས་ཐུབ་ཡོད།  

 རང་ཁུལ་གྱིས་ད་དུང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་གི་དཔེ་མཚོན་དང་སྔོན་ཐོན་སྡེ་ཚན་ནན་པོས་བདམས་ནས་མང་ཚོགས་ཀྱི་ཁྲོད་ཀྱི་མིག་དཔེས་མང་ཚོགས་ལ་སྐུལ་ཁྲིད་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་རྒྱབ་སྐྱོར་བྱས་པ་དང་།  དཀར་མཛེས་ཁུལ་གྱི་རང་སའི་མིག་དཔེ་ཡིས་རྫོང་དང་གྲོང་ཁྱེར་།སྡེ་ཁག་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ཡག་མོ་བྱ་རྒྱུར་ཁྲིད་སྟོན་བྱས་ཡོད།  མིག་སྔར་སླེབས་དུས་ཁུལ་ཡོངས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཡར་ཐོན་ཕྱོགས་བརྒྱད་ལ་སྤེལ་བའི་བྱེད་སྒོའི་དཔེ་སྟོན་ས147དང་འཐབ་ཇུས་ཆེན་པོ་དྲུག་གི་མི་རིགས་རིག་གནས་རྒྱུ་ཆ་དཔེ་སྟོན་ས111གཏན་ཁེལ་བྱས་པ་རེད།  ཁུལ་ཡོངས་སུ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྒྱལ་ཡོངས་ཀྱི་དཔེ་བཟང་26དང་།དཔེ་བཟང་ཐུན་མོང12ཡོད་ཅིང་། ལྗོངས་ཁུལ2དང་། དཔེ་སྟོན་སྡེ་ཚན1དང་།  དཔེ་སྟོན་གྲོང་སྡེ་དང་འདུས་སྡེ3དང་།  སློབ་གསོ་རྟེན་གཞི2བཅས་གསར་འཛུགས་བྱས་ཡོད། ཞིང་ཆེན་གྱི་དཔེ་བཟང135དང་།སྔོན་ཐོན་ཐུན་མོང76ཡོད་ཅིང་། སློབ་གསོ་རྟེན་གཞི1དང་དཔེ་སྟོན་རྫོང(གྲོང་ཁྱེར)4གསར་དུ་བཙུགས་པ་རེད།2014ལོ་ནས་བཟུང་། ཁུལ་ཡོངས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་དང་སྔོན་ཐོན་མི་སྒེར562དང་དཔེ་སྟོན་དུད་ཚང18  མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་དང་སྔོན་ཐོན་ཐུན་མོང377བཅས་ལ་གཟེངས་བསྟོད་མིང་བཏགས་གནང་།མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་རྟེན་གཞི20གསར་དུ་འཛུགས། ཁུལ་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་སྡེ་ཚན724ལ་གཟེངས་བསྟོན་མིང་བཏགས་གནང་བ་རེད། 

  དེའི་ནང་སྡེ་དགེ་རྫོང་ཁྲིམས་ཁང་དང་བྲག་འགོ་རྫོང་ཤྭ་རྭ་ཐང་གྲོང་སྡེ་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་སྡེ་(སྡེ་ཚན)གྱི་མཚན་སྙན་ཐོབ་པ་རེད།དར་མདོ་གྲོང་ཁྱེར་ཏང་ཨུ་དང་ཁུལ་ཨུའི་སྲིད་ཁྲིམས་ཨུ་ལྷན། ལི་ཐང་རྫོང་སྤྱི་བདེ་ཅུས། ཁུལ་ལས་རིགས་སློབ་གྲྭ་བཅས་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཐུན་མོང་གི་མཚན་སྙན་ཐོབ་པ་རེད།འཆི་མེད་རྡོ་རྗེ་དང་རིག་བསྟན་ཆུང་ཆུང་། ཝང་ཁྲང་ཧྲེང་། བློ་བཟང་ནམ་མཁའ། ཧུའུ་ལིན་བཅས་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མི་སྒེར་གྱི་མཚན་སྙན་ཐོབ་པ་རེད།  དེ་ནས་སྤྱི་ཚོགས་ཡོངས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་བརྩི་བཀུར་དང་དར་སྤེལ་གཏོང་བའི་སྲོལ་བཟང་ཞིག་ཆགས་པར་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་སྐྱོང་ལས་ཀ་སྐུལ་འདེད་གཏང་རྒྱུར་བསམ་བློའི་རྨང་གཞི་སྲ་བརྟན་ཞིག་བཏིང་བ་རེད།།

ཕན་ཚུན་རོགས་རམ་བྱེད་ཤུགས་ཆེ་རུ་བཏང་ནས་མི་རིགས་བར་གྱི་བརྩེ་སེམས་ཇེ་ཟབ་ཏུ་བཏང་། 

 དཀར་མཛེས་རྫོང་ཁམས་པ་ལ་ལྷད་མེད་བཟའ་བཅའ་ཚད་ཡོད་སྤྱི་གཉེར་ཁང་གི་ཏུང་ཧྲི་ཀྲང་ཏའེ་ཉན་ཅུན་ནི་མི་རིགས་མཛའ་བརྩེ་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་མཁན་གྱི་རྒྱ་རིགས་ཁེ་ལས་མཁས་ཅན་ཞིག་ཡིན་ལ།ཁོང་གིས་ས་དེ་གའི་བོད་རིགས་མང་ཚོགས་ཀྱི་ངལ་རྩོལ་ལས་ཆོད་ཆེན་པོ་དེ་ཙམ་མེད་པ་ཤེས་བཞིན་དུ་ས་དེ་གའི་བོད་པ120བསྡུ་ལེན་བྱས་ཤིང་།  སྔོན་རྗེས་སུ་བོད་པ་དབུལ་པོར་སྒོར་ཁྲི14ལྷག་ཙམ་ཞལ་འདེབས་བརྒྱབ་པ་རེད།  ཏའེ་ཉན་ཅུན་གྱིས་བྱ་སྤྱོད་ཐོག་ནས་རྒྱ་རིགས་ཤིག་གིས་བོད་རིགས་སྤུན་ཟླར་བརྩེ་སེམས་བཅངས་པ་རེད།  སྤྱི་ལེ་བརྒྱ་ཕྲག་ཁ་ཤས་ཀྱི་སར་ཡོད་པའི་ལྕགས་ཟམ་རྫོང་ལ་ངོས་ཡུལ་ཤོག་གི་བོད་རིགས་བུད་མེད་ཧྲི་གོ་ཞིའུ་ཡིས1979ལོ་ནས་བཟུང་།  བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔོན་དམག་གིས་ས་ཆ་གང་ལ་གནོད་སེལ་རྒུད་སྐྱོབ་ཀྱི་ལས་འགན་སྒྲུབ་བཞིན་ཡོད་པ་ཤེས་ན་ཁོང་གིས་རང་ཉིད་ཀྱི་བཟོས་པའི་ལྷམ་གདན་དང་ཁ་བཏགས་ཁྱེར་ནས་རོགས་སྐྱོབ་བྱེད་མཁན་དཔོན་དམག་ལ་ཕུལ་བ་རེད།ཁོང་གིས་ང་ནི་དམག་བཀུར་དཔེ་བཟང་ཞིག་ཡིན་ལ་བོད་པ་དཀྱུས་མ་ཞིག་ཀྱང་ཡིན།  ངའི་རེ་བ་ནི་རང་ཉིད་ཀྱི་བྱ་སྤྱོད་ཐོག་བོད་རིགས་དང་མི་རིགས་སྤུན་ཟླའི་གཞན་གྱི་བར་བརྩེ་སེམས་ཇེ་ཟབ་ཏུ་གཏང་ཐུབ་རྒྱུ་དེ་ཡིན་ཞེས་བཤད་པ་རེད། 

   མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་མཉམ་གནས་བྱེད་པའི་རྣམ་པ་ཞིག་ཡིན་ཞིང་།  རྣམ་པ་དེ་ནི་མི་རིགས་གཅིག་པའི་མང་ཚོགས་དང་ཡང་ན་མི་རིགས་མི་འདྲ་བའི་མང་ཚོགས་བར་གྱི་བརྩེ་སེམས་དང་འབྲེལ་བ་ཡོད་པ།   རང་ཁུལ་གྱིས་མི་རིགས་ཁག་བར་གྱི་མཉམ་འགུལ་དང་ཕན་ཚུན་བརྩེ་སེམས་ཇེ་ཟབ་ཏུ་གཏང་རྒྱུར་མཐོང་ཆེན་བྱས་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་བསྐྲུན་རྒྱུར་བརྩེ་སེམས་ཀྱི་རྨང་གཞི་བརྟན་པོ་བཏིང་བ་རེད། 

  ཁུལ་ཡོངས་ཀྱི་གཞུང་ཞབས་པ་ཁྲི5.39ཡིས་ཡོངས་སུ་ཁེབས་པ་དང་ཐག་ཉེ་ས་དང་ས་དེ་ག།  གཅིག་སྡུད་དུད་སྦྲེལ་བཅས་ཀྱི་རྩ་དོན་གཞིར་བཟུང་ནས་ཞིང་འབྲོག་དུད་ཚང་ཁྲི21.31དང་མི་རིགས་མཐུན་སྒྲིལ་མཉམ་སྐྲུན་འབྲེལ་བ་བཙུགས་པ་དང་།  ཁུལ་དང་རྫོང་གི་འགོ་ཁྲིད་ལས་བྱེད་པ1690ཡིས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ532ལ་འབྲེལ་གཏུག་བྱས་ནས་གཞུང་ཞབས་པ་དང་ཞིང་འབྲོག་དུད་ཚང་།  དགོན་སྡེའི་གྲྭ་བཙུན་དང་ཆ་སྒྲིག་མཉམ་སྐྲུན་ལམ་ལུགས་བཙུགས།  ཁུལ་ཡོངས་ཀྱི་ལས་ཁུངས་ཏང་ཀྲི་པུའུ1744དང་གྲོང་སྡེ﹙སྡེ་ཁུལ﹚ཏང་ཀྲི་པུའུ2734ཆ་བསྒྲིགས་ནས་ཏང་དང་མང་ཚོགས་བར་དང་ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་དང་བརྩེ་སེམས་མཉམ་འདྲེས་ལ་སྐུལ་འདེད་བཏང་བ་རེད། 

གངས་ལྗོངས་མཐོ་སྒང་དུ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་བཞད།

 ཁུལ་ཕྱི་ནང་གི་མང་ཚོགས་བར་གྱི་མི་རིགས་བརྩེ་སེམས་སྟོབས་ཤུགས་ཆེ་རུ་གཏང་རྒྱུའི་ཐད་དབུལ་ཐར་འགག་སྒྲོལ་དང་ཁ་གཏད་རོགས་སྐྱོར་སྲིད་ཇུས་ལ་བརྟེན་ནས།  ཁྲེང་ཏུའུ་དང་དབྱི་པིང།  ལེ་ཧྲན། ལུའུ་ཀྲོའུ་བཅས་གྲོང་ཁྱེར་བཞིས་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར16ལྷག་ཙམ་དང་།  ཀོང་ཏུང་ཞིང་ཆེན་གྱི་རོགས་སྐྱོར་མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར4.2ལྷག་ཙམ་བཏང་ནས་ཁུལ་ནང་མང་ཚོགས་ཀྱི་འཚོ་བ་དང་ཐོན་སྐྱེད་འཕེལ་རྒྱས་ལ་རོགས་རམ་བྱས་པ་རེད།    དེ་དང་ཆབས་ཅིག་ས་གནས་གཉིས་པོའི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་སྤེལ་རེས་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་ནས་བོད་སྐྱོར་ཆེད་ལས་ལག་རྩལ་ཤེས་ལྡན་པ308སྒྲིག་འཛུགས་བྱས་ཏེ།  དཀར་མཛེས་རང་ཡུལ་གྱི་ཤེས་ལྡན་པ915དང་དགེ་སློབ་ཀྱི་འབྲེལ་བ་བཙུགས་ནས་བརྒྱུད་ཁྲིད་དང་རོགས་རམ།  སྣེ་ཁྲིད་བཅས་ཀྱི་བྱ་ཐབས933བཟོས་པ་དང་།  བོད་སྐྱོར་ལས་བྱེད་པ་དང་དུད་ཚང་དབུལ་ཕོངས་སུ་ཆ་སྒྲིག་རོགས་སྐྱོར་བྱེད་པའི་བྱེད་སྒོ་སྤེལ་ནས་བོད་སྐྱོར་ལས་བྱེད་པ519སྒྲིག་འཛུགས་བྱས་ཏེ་ཡིག་ཚགས་བྱང་བུ་བཟོས་པའི་དབུལ་ཕོངས་དུད་ཚང682དང་ཆ་སྒྲིག་རོགས་སྐྱོར་བྱས་པར་མ་ཟད།  ཁ་གཏད་རོགས་སྐྱོར་གྱི་ལས་སྟེགས་ལ་བརྟེན་ནས་ནང་སའི་ཁེ་ལས་དང་དཀར་མཛེས་རང་ཡུལ་ཁེ་ལས་བར་ཐོན་ལས་མཉམ་ལས་ཀྱི་གྲོས་མཐུན123དང་མ་དངུལ་སྒོར་དུང་ཕྱུར85.7གན་རྒྱ་བཞག་ནས།དཀར་མཛེས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་དབུལ་ཐར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་རེད།། 

ལས་ཀའི་འདེགས་སྐྱོར་གསར་གཏོད་བྱས་ནས་གསར་སྐྲུན་གྱི་གྲུབ་འབྲས་འགན་སྲུང་བྱས།

  མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་སོ་སོ་དང་སྤྱི་དམངས་ཚང་མར་འབྲེལ་བ་ཡོད་པ་རེད།  ལོ་འདི་ཁ་ཤས་རིང་ལ་རང་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་བྱ་རྒྱུ་དེ་དུས་རྒྱུན་བརྩི་མཐོང་བྱས།བསམ་འཆར་གང་ཡོད་བསྡུ་རྒྱུུར་མཐོང་ཆེན་བྱས། བྱ་སྤྱོད་གཙིགས་སུ་འཛིན་རྒྱུ་དང་གཞི་རིམ་གཙིགས་སུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་ལས་ཀའི་འདེགས་སྐྱོར་གསར་གཏོད་བྱས་ནས་གསར་སྐྲུན་ལས་ཀའི་གྲུབ་འབྲས་དངོས་ཐོབ་པར་འགན་སྲུང་བྱས་པ་རེད། 

   རང་ཁུལ་གྱི་མི་འབོར་འདུག་སྡོད་ཐར་ཐོར་དང་ཞིང་འབྲོག་མང་ཚོགས་ཀྱིས་སྲིད་ཇུས་དང་ལེན་བྱེད་ནུས་ཅུང་ཞན་པའི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་རང་ཁུལ་གྱིས་ཡོངས་ཁྱབ་ཏུ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་ཁུངས་དང་འདུས་སྡེ་ཁུལ།  ཁེ་ལས། གྲོང་སྡེ། སློབ་གྲྭ    དགོན་སྡེ།  དམག་སྒར། མི་དམངས་འཛོམས་སར་སོགས་སུ་དྲིལ་བསྒྲགས་བྱས་བྱེད་སྒོ་སྤེལ་བར་བརྟེན།   ཡོངས་སུ་ཁྱབ་པའི་མངོན་འགྱུར་བྱུང་བས་མ་ཚད། ཚོགས་པ་མི་འདྲ་བར་དམིགས་ནས་བརྗོད་དོན་མི་འདྲ་བའི་ལག་ལེན་བྱེད་སྒོ་སྤེལ་སྟངས་ཇུས་འགོད་བྱས་པ་རེད། 

 ཆོས་དད་མང་ཚོགས་འབེལ་བའི་དོན་དངོས་ལ་གཞིགས་ནས་ཁུལ་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཁྲོད་དུ་ཀྲུང་གོ་གུང་ཁྲན་ཏང་ལ་དགའ་ཞེན།མི་རྒྱལ་ལ་དགའ་ཞེན། མི་དམངས་ལ་དགའ་ཞེན། མི་རིགས་མཐུན་སྒྲིལ་ལ་དགའ་ཞེན། ནང་བསྟན་ཆོས་ལུགས་ལ་དགའ་ཞེན་དང་།  ཁྲིམས་ལུགས་དང་སྡོམ་ཁྲིམས་བརྩི་སྲུང་བྱས་ཏེ་རྒྱལ་ཁབ་ལ་འགན་འཁུར་བ།མི་དམངས་ལ་འགན་འཁུར་བ། ནང་བསྟན་ཆོས་ལུགས་ལ་འགན་འཁུར་བ་ཡིས་ནང་དོན་གཙོ་བོ་བྱས་པའི“ལྔ་གཉིས་གསུམ་གྱི”གཙོ་དོན་སློབ་སྦྱོང་དང་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།   སྔོན་རྗེས་སུ་ནང་བསྟན་དགོན་པ529ཡི་ཆོས་ལུགས་ལས་རིགས་མི་སྣ500ལྷག་གསོ་སྦྱོང་བྱས་པ་དང་།  སྒྲོག་འགྲེལ་ཚོ་ཆུང་སྒྲིག་འཛུགས་བྱས་ཏེ་རྫོང་ཁག(གྲོང་ཁྱེར)17གྱི་བོད་བརྒྱུད་ནང་བསྟན་དགོན་སྡེ457ནང་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་མཐར།  གྲྭ་བཙུན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་གཏོང་ནུས་འདོན་སྤེལ་ནུས་ལྡན་བྱས་པ་རེད།། 

གངས་ལྗོངས་མཐོ་སྒང་དུ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་བཞད།

ཕུལ་བྱུང་རིག་གནས་དར་སྤེལ་བཏང་ནས་མཐུན་སྒྲིལ་གྱི་རྩ་བ་བརྟན་པོ་བཙུགས། 

  1935ལོར་དགེ་སྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པར་མཛད་རྗེས་ཆེན་པོ་འཇོག་མཁན་ཀྲུའོ་ཏའེ་དང་ཟོལ་མེད་མཆེད་གྲོགས་མཛད་པར་ཟད།  བོད་རིགས་མི་དམངས་སྣེ་ཁྲིད་བྱས་ནས་དམར་དམག་ལ་རྒྱབ་སྐྱོར་བྱས་པའི་སྙན་གཏམ་ནི་ད་བར་ཉམས་མེད་སོར་གནས་ཡོད་པ་རེད།འཛམ་གླིང་ཡོངས་སུ་སྙན་པའི་གྲགས་པ་ཁྱབ་པའི《དར་མདོའི་མཛའ་གཞས》ནི་མི་རིགས་མཐུན་སྒྲིལ་ལ་བསྔགས་བརྗོད་བྱས་པར་ནང་དོན་ཞིབ་ཆ་ཡོད་པའི་ཡ་གྱལ་ཡིན་ཞིང་།དཀར་མཛེས་ཁུལ་གྱི་མི་རིགས་སོ་སོས་དམག་དཔུང་བཅོ་བརྒྱད་པར་རྒྱབ་སྐྱོར་ཧུར་ཐག་བྱས་པའི་སྐབས་སུ་མི་རིགས་མཐུན་སྒྲིལ་ལ་བསྔགས་བརྗོད་བྱས་པའི་《གོས་འཁྲུས་གླུ་དབྱངས》དང《མཐུན་སྒྲིལ་མོག་མོག》ལ་སོགས་པ་ཡིས་དཀར་མཛེས་ཁུལ་གྱི་ལོ་རྒྱུས་རིག་གནས་ཁྲོད་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་རྒྱབ་སྐྱོར་བྱས་པའི་ཕུལ་བྱུང་རིག་གནས་ཀྱི་ནང་དོན་ཞིབ་ཆ་ཡིས་ཁེངས་སུ་བཅུག་པ་རེད། 

   རིག་གནས་ཀྱི་ཞབས་ཕྱི་བྱེད་ཤུགས་ཆེ་རུ་བཏང་།མིག་སྔའི་བར་ཁུལ་མི་རིགས་དངོས་མང་བཤམ་སྟོན་ཁང་དང་ཁུལ་ཞིང་འབྲོག་དམངས་རིག་རྩལ་འཁྲབ་སྟོན་གསོ་སྦྱོང་ལྟེ་གནས།དེ་བཞིན་དུ་རྫོང(གྲོང་ཁྱེར)རིམ་པའི་དཔེ་མཛོད་ཁང18དང་དངོས་མང་བཤམས་སྟོན་ཁང6      ཡུལ་ཤོག(གྲོང་རྡལ)གི་ཕྱོགས་བསྡུས་རིག་གནས་ས་ཚུགས325      འབྲོག་དམངས་གཏན་སྡོད་ས་ཚུགས་ཀྱི་རིག་གནས་བྱེད་སྒོ་ཁང288    ཞིང་ཁྱིམ་དཔེ་མཛོད་ཁང2763       དགོན་སྡེའི་དཔེ་མཛོད་ཁང512       འདུས་སྡེ་ཁྱིམ་གཞིས་ཀྱི་དཔེ་མཛོད་ཁང51བཅས་བསྐྲུན་ཡོདཔ་རེད།   

   ནུས་ཤུགས་ཡོད་རྒུས་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱས།  《དཀར་མཛེས་ཁུལ་གྱི་གཟུགས་མེད་རིག་གནས་ཤུལ་བཞག་སྲོལ་ཡིག》གཏན་འཁེལ་བྱས་པར་བརྟེན།མིག་སྔའི་བར་རང་ཁུལ་ལ་རིག་གནས་དངོས་རྫས་ཀྱི་གཙོ་གནད་སྲུང་སྐྱོང་སྡེ་ཚན1165ཡོད་ཅིང་།  རིག་གནས་དངོས་རྫས་སྲུང་སྐྱོང་བྱེད་ཡས་ཀྱི་མ་དངུལ་སྒོར་ཁྲི6500བརྩོན་ལེན་བྱས་པ་དང་ཆབས་ཅིག    དཀར་མཛེས་ཁུལ་གྱི་གླུ་གར་གཞི་གྲངས་མཛོད་ཆེན་འཛུགས་སྐྱོང་བྱ་རྒྱུའི་ལས་ཀ་དང《བཀའ་བསྟན་འགྱུར》བསྐྱར་བརྐོས་བྱ་རྒྱུ་ལས་ཀ་གཞི་རྩའི་ཐོག་གྲུབ་ཡོད་པ་རེད། 

 

གངས་ལྗོངས་མཐོ་སྒང་དུ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་བཞད།

   རིག་གནས་སྤེལ་རེས་ཧུར་ཐག་བྱས་ཡོད། གནས་མཆོག་དཀར་མཛེས་ཀོང་ཏུང་དང་པེ་ཅིང་།ཧྲང་ཧའེ་བཅས་སུ་སྤེལ་བའི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་ལེགས་འགྲུབ་བྱུང་བ་དང་།《དར་མདོའི་མཛའ་གཞས》ཀྱི་མི་རིགས་རོལ་དབྱངས་ཟློས་གར་གསར་རྩོམ་བྱས་པས་མ་ཚད།པེ་ཅིང་དང་ཧྲང་ཧའེ།། ཀོང་ཏུང་བཅས་ས་གནས་གསུམ་དུ་བསྐོར་བསྐྱོད་འཁྲབ་སྟོན་བྱས་པ་དང་།  《གེ་སར་རྒྱལ་པོའི》སྙན་ངག་རྟོགས་བརྗོད་ཀྱི་གླུ་གར་ཟློས་གར་གསར་རྩོམ་བྱས་པས་མ་ཚད་པེ་ཅིང་དང་ཁྲེང་ཏུའུ།མཚོ་སྔོན། ཞང་ཀོང་བཅས་ཀྱི་ས་ཁུལ་དུ་སྤེལ་རེས་འཁྲབ་སྟོན་བྱས་པ་རེད། 

   ཕྱོགས་སོ་སོའི་ཐད་ནས་མཚོན་པར་གཞིགས་ན། མི་རིགས་མཐུན་སྒྲིལ་ལ་བསྔགས་བརྗོད་བྱས་པའི་རིག་གནས་ཀྱི་རྒྱུ་རྐྱེན་གཙོ་བོའི་ཤུགས་རྐྱེན་འོག    རང་ཁུལ་གྱི་མི་རིགས་སོ་སོའི་མང་ཚོགས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་བརྩི་བཀུར་དང་རྒྱབ་སྐྱོར་བྱས་པའི་རིག་གནས་གཞི་རྐྱེན་སྔ་བས་ཇེ་དྲག་ཏུ་ཕྱིན་པ་རེད།འདི་ནི་དཀར་མཛེས་ཁུལ་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱས་པའི་གོ་རིམ་ནང་མིག་རྒྱང་རིང་ཞིང་ཁྱོན་ཡོངས་ལ་བསམ་གཞིག་བྱས་པའི་མཚོན་ཚུལ་ཞིག་ཀྱང་ཡིན་པ་རེད། 

“ཉི་མ་དང་ཟླ་བ་ཨ་མ་གཅིག་གི་བུ་མོ།ཨ་མའི་མིང་ལ་ཀྲུང་གོ་ཟེར།  མི་རིགས་ལྔ་བཅུ་ང་དྲུག་ཨ་མ་གཅིག་གི་བུ་མོ་སྟེ་ཁོང་གི་མིང་ལ་ཀྲུང་གོ་ཟེར”ཞེས་པ་ལྟར་དཀར་མཛེས་ཁུལ་གྱི་བོད་ཁུལ་ནི་གནའ་སྔ་མོ་ནས་མི་རིགས་འབྲེལ་འདྲིས་བྱེད་སའི་ས་གནས་ཡིན་ཞིང་།དཀར་མཛེས་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་མདུན་གྲས་སུ་ལངས་པ་དང་ཆབས་ཅིག   ཏང་གི་མི་རིགས་སྲིད་ཇུས་ཀྱི་གཟི་འོད་འཕྲོས་འོག      དཀར་མཛེས་ཁུལ་གྱི་མི་རིགས་སོ་སོའི་མང་ཚོགས་ཀྱིས་སེ་རྡོག་ལྟར་མཐུན་སྒྲིལ་དམ་ཟབ་བྱས་ནས་ཐུན་མོང་དུ་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་བཏང་ནས་མཛེས་སྡུག་ལྡན་པའི་འཚོ་བ་ཉིན་རེ་ལས་ཉིན་རེ་བཞིན་ཇེ་ཡག་ཏུ་གྱུར་དང་འགྱུར་བཞིན་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1