གཙོ་ངོས།
གསར་འགྱུར།
རིག་གནས།
རྩོམ་རིག
སྒྱུ་རྩལ།
ཤེས་བྱ།
མི་སྣ།
དུས་དེབ།
བརྙན་འཕྲིན།
འཚོལ་བཤེར།
汉文网站
གཙོ་ངོས།
>>
སི་ཁྲོན་གསར་འགྱུར།
ཆའང་རིགས་ཀྱི་ལོ་གསར་མའོ་རྫོང་གིས་འདི་ལྟར་རོལ་བཞིན་འདུག
གསང་བདག་སྒྲོལ་མ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-29
ཟླ་10ཚེས་27ཉིན་ནས་ཚེས་28ཉིན་གྱི་བར། མའོ་རྫོང་གི་མང་ཚོགས་ཀྱིས་གཟབ་མཆོར་ལེགས་པར་སྤྲས་ཤིང་སྤྲོ་སེམས་འཁོལ་བའི་ངང་ནས་ལོ་གཅིག་དུས་གཅིག་གི་ཆའང་རིགས་ཀྱི་ལོ་གསར་བསུས།
ཟླ་10ཚེས་27ཉིན། མའོ་རྫོང་གི་2019ལོའི་ཆའང་རིགས་ཀྱི་ལོ་གསར་དེ་སེམས་ཅན་ལ་མཆོད་འབུལ་དང་བདེ་སྐྱིད་ལ་སྨོན་འདེབས་ཞེས་པའི་ལོ་གསར་གྱི་རྟེན་འབྲེལ་བྱེད་སྒོ་སྤེལ་ཞིང་། བྱེད་སྒོའི་ཡུལ་དངོས་སུ། ཆའང་རིགས་ཀྱི་མང་ཚོགས་800ལྷག་གིས་གཟབ་མཆོར་ལེགས་པར་སྤྲས་ཤིང་། མཆོད་འབུལ་གྱི་དངོས་རྫས་འཁྱེར་ཏེ་ཁྲོམ་སྐོར་དང་གླུ་གར་གྱི་རྣམ་པ་བརྒྱུད་མེས་པོ་ཚོ་ལ་མཆོད་འབུལ་བྱས་པ་དང་ཆབས་ཅིག་ཏུ་ལོ་གསར་པའི་ནང་སྐྱིད་པོ་བདེ་མོ་ཡོང་བའི་སྨོན་ལམ་བཏབ།
ཟླ་10ཚེས་28ཉིན། ཆའང་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཕུན་སུམ་ཚོགས་ཤིང་། ཁྱད་ཆོས་ལྡན་པའི་ཆའང་རིགས་ཀྱི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་འགྲེམས་འཁྲབ་བྱེད་སྒོ་མའོ་རྫོང་གི་ཀྲུང་གོའི་གནའ་བོའི་ཆའང་རིགས་གྲོང་དུ་འགྲེམས་འཁྲབ་བྱས། འཁྲབ་སྟོན་གྱིས་རྣམ་པ་གསར་བ་དང་སྣ་མང་གི་མྱོང་ཚོར། དེ་བཞིན་དངོས་མིན་ཤུལ་བཞག་རིག་གནས་དང་ལྗོངས་སྐོར་སྦྲེལ་བའི་བསམ་བཀོད་ཀྱི་འདུ་ཤེས་ཀྱིས་ཆའང་རིགས་ཀྱི་མིང་ཐོའི་རྣམ་གྲངས་ཀྱི་སྒྲོམ་གཞི་ཞིག་བཟོས་པ་དང་། ཆའང་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་བསྟུན་བྱེད་སྒོ་སྤེལ། བྱེད་སྒོ་ཧྲིལ་པོར་འཁྲབ་སྟོན་བྱེད་མཁན་མི་ཐེངས་3000ལྷག་ཙམ་ཟིན་ཞིང་། འཁྲབ་སྟོན་གྱི་ལེ་ཚན་གྱིས་ཆའང་རིགས་ཀྱི་ཉམས་འགྱུར་གང་ལེགས་མངོན་ཡོད་པ་དང་།ལྗོངས་སྐོར་བ་ཚོས་ཀྱང་རྟེན་འབྲེལ་མཛད་སྒོའི་ཁྲོད་ཆའང་རིགས་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཉམས་འགྱུར་ཉམས་སུ་མྱོང་ཐུབ་ཡོད་པར་མ་ཟད། མའོ་རྫོང་གི་མི་རིགས་མཐུན་སྒྲིལ་དང་སྐྱེ་སྟོབས་དཔལ་འབར་བ་ཡང་མངོན་ཡོད།
1987ལོའི་ཧོར་ཟླ་10ཚེས་1ཉིན། སི་ཁྲོན་ཞིང་ཆེན་གྱི་མང་ཚོགས་ཨུ་ལྷན་གྱིས་ཁྲེང་ཏུའུ་རུ་ཆའང་རིགས་ཀྱི་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་འཚོགས་ཤིང་། དེ་ནས་བཟུང་ཆའང་རིགས་ས་ཁུལ་གྱིས་གཅིག་གྱུར་གྱིས་ལོ་རེའི་ཟླ་བཅུ་པའི་ཚེས་གཅིག་ཉིན་ནི་ཆའང་རིགས་ཀྱི་ལོ་གསར་ཡིན་པའི་ཐག་བཅད་པར་མ་ཟད་རྟེན་འབྲེལ་བྱེད་སྒོ་སྤེལ། 1988ལོར་མའོ་རྫོང་དང་ཝུན་ཁྲོན་རྫོང་། ལིས་རྫོང་། པེ་ཁྲོན་བཅས་ཀྱི་རྫོང་ཁག་བཞི་ཡིས་སྲིད་གཞུང་གི་མཉམ་འབྲེལ་བྱས་ཏེ་ཆའང་རིགས་ཀྱི་ལོ་གསར་རོལ་བ་དང་། ལོ་དེར་རི་སྨད་དུས་ཆེན་(ཆའང་ལོ)གྱི་བྱེད་སྒོ་སྤེལ་བ་དང་ལོ་དེར་བྱེད་སྒོ་དེ་ཆའང་རིགས་སྤུན་ཟླའི་དུས་ཆེན་ཡིན་པ་གཏན་འཁེལ་བྱས།
2006ལོར། ཆའང་རིགས་ཀྱི་ལོ་གསར་དེ་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་དངོས་མིན་ཤུལ་བཞག་རིག་གནས་ཁག་དང་པོའི་མིང་གཞུང་ནང་བཅུག་པ་དང་། 2008ལོའི་ཟླ་6པར། ཆའང་རིགས་ཀྱི་ལོ་གསར་དེ་《རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཁག་གཉིས་པའི་དཀར་ཆག་》ནང་བཅུག་ལ།2009ལོར། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་ཀྱིས་རྩ་འཛུགས་བྱས་པའི་《སྲུང་སྐྱོབ་བྱེད་དགོས་པའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་མིང་གཞུང་》ནང་བདེ་བླག་ངང་བདམས་སོ།།
རྩོམ་ཡིག་སྔོན་མ།
ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་དུ་སྐོང་འཚོགས་བྱས་པ།
རྩོམ་ཡིག་རྗེས་མ།
ཝང་དབྱང་གིས་ཀྲེ་ཅང་ཞིང་ཆེན་གྱི་སྲིད་གྲོས་བྱ་བར་རྟོག་ཞིབ་མཛད།
ཕུན་ཚོགས་མཛའ་འབྲེལ།
ཀྲུང་གོའི་བོད་ཀྱི་དྲ་བ།
ཀྲུང་གོའི་བོད་ལྗོངས་དྲ་བ།
ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཁམས་པའི་བརྙན་འཕྲིན།
ཁམས་པའི་དྲ་བ།
གུང་ཁྲན་ཏང་གི་གསར་འགྱུར་དྲ་བ།
སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
མཚོ་སྔོན་པོ་དྲ་བ།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་།
བོད་ཡིག་ཡིག་བསྒྱུར་ལྷུ་ལག
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།
蜀ICP备14009601号-1