བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ནང་ཁོངས་སུ་གནས་པའི་རྡོ་ཕུག་ཟམ་ཆེན་ལ་ལྷ་ཉིང་རིམ་མཐོའི་གཞུང་ལམ་ཐོག་གི་"ཆེས་མཛེས་པའི་ཟམ་ཆེན”ཞེས་མིང་བཏགས་ཡོད། བོད་ལྗོངས་ལྷ་ཉིང་རིམ་མཐོའི་གཞུང་ལམ་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེན་ཀོང་ཆུས་ནས་འགོ་བཙུགས་ཏེ། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བར་ཡོད་པ་དང་། ལམ་ཐིག་ཧྲིལ་པོར་རིང་ཚད་སྤྱི་ལེ་409.2ཡོད། གཞུང་ལམ་དང་ལམ་རྒྱུད་ཀྱི་གངས་རི་དང་། ནགས་ཚལ། ཆུ་བོ། འདམ་ར། གྲོང་ཚོ། ཞིང་ཁ་སོགས་ཀྱིས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་མཛེས་ལྗོངས་ཤིག་གྲུབ་ཡོད།