ཉིང་ཁྲི་ས་ཁུལ་གྱིས་ཀོང་པོའི་ལོ་གསར་བསུས།
བོད་ལུགས་ཀྱི་ཟླ9བའི་ཚེས30ཉིན་གནམ་གང་ལ་ཀོང་པོ་བ་རྣམས་ཀྱིས་ལོ་གསར་བསུ་བའི་རྣམ་པ།
ད་ལོའི་ཀོང་པོའི་ལོ་གསར་ནི་སྤྱི་ཟླ12པའི་ཚེས3ཉིན་ཡིན་ཞིང་། བོད་ལུགས་ཀྱི་ཟླ10བའི་ཚེས1ཡིན། ཀོང་པོའི་ལོ་གསར་ནི་ཉིང་ཁྲི་ས་ཁུལ་ཉིང་ཁྲི་རྫོང་དང་། སྨིན་གླིང་རྫོང་། ཀོང་པོ་རྒྱ་མདའ་རྫོང་སོགས་ས་ཁུལ་གྱི་མང་ཚོགས་ཀྱིས་སར་བའི་ལོ་གསར་ཞིག་ཡིན།
སྟགས་ལྤགས་ཐང་གྲོང་ཚོའི་གྲོང་མིས་ཞབས་བྲོ་འཁྲབ་པ།
བཤད་རྒྱུན་ཞིག་ལ། སྔོན་ཀོང་པོ་ས་ཁུལ་ཡང་བོད་ཁུལ་གཞན་དག་དང་འདྲ་བར་བོད་ལུགས་ཀྱི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་ལོ་གསར་གཏོང་བ་ཡིན། བོད་བཙན་པོའི་རྒྱལ་རབས་ཀྱི་དུས་སུ། ལོ་ཞིག་གི་སྟོན་དུས་ཤིག་ལ། ཀོང་པོ་ས་ཁུལ་ལ་བྱང་ཕྱོགས་ཧོར་གྱིས་ཚུར་རྒོལ་བྱས་ཙ་ན། ཀོང་པོ་རྒྱལ་བོས་ལམ་སང་སྐྱེས་པ་རྣམས་དམག་ཏུ་བསྡུས་ནས་དམག་འཐབ་དུ་བསྐྱོད་འགོ་བརྩམས་པ་ཚེ། རྒྱལ་པོས་དམག་དཔོན་དང་འཐབ་འཛིང་བ་རྣམས་ཀྱི་སེམས་གསོ་ཆེད་དུ་ལོ་གསར་སྔོན་ལ་གཏོང་རྒྱུ་བཀའ་བཏང་ནས་འཐབ་མོ་བ་རྣམས་ལ་ཟས་རིགས་ཅི་དགར་ལོངས་སུ་སྤྱོད་དུ་བཅུག་རྗེས་ད་གཟོད་ལམ་ལ་ཆས་རྒྱུ་བྱས། མཐའ་མར་སེམས་དོན་དེ་གྲུབ་པའི་དམག་དཔོན་རྣམས་ཀྱིས་དཔའ་ངར་ཞུམ་མེད་ཀྱིས་སྟོབས་རྩལ་ཅི་ཡོད་བཏོན་ནས་དགྲ་ཕྱོགས་ཕམ་པར་བརྒྱབ་ནས་རྒྱལ་ཁ་ལོན། དུས་དེ་ནས་བཟུང་ཀོང་པོ་བ་རྣམས་ཀྱིས་ལོ་གསར་དེ་བོད་ལུགས་ཀྱི་ཟླ་བ་བཅུ་བའི་ནང་གཏོང་བའི་སྲོལ་དེ་ཆགས་སོ། །
རྒྱུད་མང་སྦྲེངས་ནས་ལྡེམ་མྱུར་ལྡན་པའི་ཞབས་བྲོ་འཁྲབ།